༢༠༡༨ ཨོ་ལིམ་པིག་

07/08/2009 09:26

༢༠༡༨དགུན་དུས་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཡུལ་འགྲན་རྩོད།

རྒྱ་ནག་གི་གྲོང་ཁྱེར་ཧའར་པིང་གིས་ཕྱི་ལོ་ཉིས་སྟོང་བཅོ་བརྒྱད་ལོའི་དགུན་དུས་ཨོ་ལིམ་པིག་རྩེད་འགྲན་གྱི་མགྲོན་

བདག་ཡུལ་གྲུའི་འགྲན་རྩོད་ནང་ཞུགས་རྒྱུ་ཡིན་པ་རྒྱ་ནག་གཞུང་འབྲེལ་དཔོན་རིགས་ནས་གནས་ཚུལ་ཕྱིར་བསྒྲགས་

བྱས་བཞག

རྒྱ་ནག་གི་བྱང་ཤར་གྲོང་ཁྱེར་ཧའར་པིན་གྱིས་ཕྱི་ལོ་ཉིས་སྟོང་བཅོ་བརྒྱད་ལོའི་རྒྱལ་སྤྱིའི་དགུན་དུས་ཨོ་ལིམ་པིག་རྩེད་

འགྲན་གྱི་མགྲོན་བདག་ཡུལ་གྲུའི་འགྲན་རྩོད་ནང་ཞུགས་རྒྱུ་རྒྱ་ནག་གི་ལུས་རྩལ་ལས་ཁང་གི་བློན་ཆེན་གཞོན་པ་གུཡི་

ཏ་ལིན་གྱིས་གཟའ་ཕུར་བུའི་ཉིན་ཕྱིར་བསྒྲགས་བྱས་ཡོད་ཅིང་དཔོན་རིགས་གུཡི་ནས་བརྗོད་ན་རྒྱ་ནག་གཞུང་གིས་ཕྱི་

ལོ་ཉིས་སྟོང་བརྒྱད་ལོའི་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་ལེགས་སྒྲུབ་བྱུང་ཡོད་པར་བརྟེན་ཕྱི་ལོ་ཉིས་སྟོང་བཅོ་བརྒྱད་

ལོའི་དགུན་དུས་ཨོ་ལིམ་པིག་རྩེད་འགྲན་ཡང་ལེགས་སྒྲུབ་ངང་སྤེལ་ཐུབ་རྒྱུ་ཡིན་པར་ཡིད་ཆེས་ཡོད་ལུགས་དང་གྲོང་

ཁྱེར་ཧའར་པིང་གིས་མགྲོན་བདག་ཡུལ་གྲུའི་འགྲན་རྩོད་ནང་ཞུགས་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད་པ་བརྗོད་ཡོད་འདུག

 

ཧའར་པིང་གྲོང་ཁྱེར་གྱིས་དེའི་སྔོན་ཕྱི་ལོ་ཉིས་སྟོང་བཅུ་ལོའི་དགུན་དུས་ཨོ་ལིམ་པིག་རྩེད་འགྲན་གྱི་མགྲོན་བདག་ཡུལ་

གྲུའི་འགྲན་རྩོད་ནང་ཞུགས་ཡོད་ཀྱང་ཕམ་ཉེས་བྱུང་ནས་ཕྱི་ལོ་ཉིས་སྟོང་བཅུ་ལོའི་དགུན་དུས་ཨོ་ལིམ་པིག་རྩེད་འགྲན་

གྱི་མགྲོན་བདག་ཡུལ་གྲུ་དེ་བཞིན་ཁེ་ན་ཌའི་གྲོང་ཁྱེར་ལྦེན་ཁུ་ལྦར་ལ་ཐོབ་ཡོད་པ་རེད།   སྤྱི་ལོ་ཉིས་སྟོང་བཅོ་བརྒྱད་ཀྱི་

དགུན་དུས་ཨོ་ལིམ་པིག་རྩེད་འགྲན་གྱི་མགྲོན་བདག་ཡུལ་གྲུའི་འགྲན་རྩོད་ནང་ཞུགས་མཁན་གྱི་རྒྱལ་ཁབ་དང་གྲོང་ཁྱེར་

ཚང་མས་ཕྱི་ཟླ་བཅུ་པའི་ཚེས་བཅོ་ལྔའི་གོང་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ལྷན་ཁང་ལ་སྙན་སེང་ཞུས་ཟིན་པ་དགོས་

ཀྱི་ཡོད་ཅིང་ཧའར་པིང་གྲོང་ཁྱེར་གྱིས་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ལ་སྙན་སེང་མ་ཞུས་གོང་རྒྱ་ནག་རྒྱལ་ནང་གི་ཨོ་

ལིམ་པིག་རྩེད་འགྲན་ལྷན་ཁང་གིས་འགྲན་རྩོད་ནང་ཞུགས་རྒྱུའི་འཆར་གཞིར་མོས་མཐུན་དགོས་ཀྱི་ཡོད་པའི་སྐོར་དཔོན་

རིགས་ཚུད་ནས་བརྗོད་འདུག

རྒྱ་ནག་གི་གྲོང་ཁྱེར་ཧའར་པིང་གི་མི་འབོར་ས་ཡ་གསུམ་ལྷག་ཡོད་པ་དང་འདས་པའི་ལོ་ངོ་བཅུ་གྲངས་རིང་རྒྱ་ནག་གི་

དགུན་དུས་ལུས་རྩལ་རྩེད་འགྲན་པ་ཚོར་དགུན་དུས་ཀྱི་ལུས་རྩལ་གྱི་བྱེད་སྒོ་ཁག་ལ་ཟབ་སྦྱོང་སྤྲོད་སའི་ལྟེ་གནས་ཤིག་ཡིན་

པ་རེད། ཕྱི་ལོ་ཉིས་སྟོང་བཅོ་བརྒྱད་ལོའི་དགུན་དུས་ཨོ་ལིམ་པིག་རྩེད་འགྲན་གྱི་མགྲོན་བདག་ཡུལ་གྲུའི་འགྲན་རྩོད་ནང་

ཞུགས་མཁན་གྱི་ཡུལ་གྲུའི་གྲས་སུ་འཇར་མ་ནི་གྱི་གྲོང་ཁྱེར་མུ་ནིཁ་དང་ལྷོ་ཀོ་རི་ཡའི་གྲོང་ཁྱེར་པིཡོང་ཆེང༌།ཕེ་རན་སིའི་

གྲོང་ཁྱེར་ཨེ་ནེ་སི་སོགས་ཡོད་པ་རེད།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།