༧གོང་ས་མཆོག་གི་ཕྱག་འཕྲིན།

29/11/2008 10:16

རྒྱ་གར་གཞུང་དང་མི་དམངས། དམིགས་བསལ་གྱིས་རྐྱེན་འདས་སུ་སོང་བའི་ཡུལ་མི་ཚོ་ལ་ངེད་ཀྱིས་གདུང་སེམས་མཉམ་སྐྱེད་ཡོད་ལ། ཛ་དྲག་ཆེ་བའི་གནས་ཚུལ་འདི་གོ་རྗེས་ངེད་བློ་འཚབ་ཆེན་པོ་བྱུང་ཞེས་༧གོང་ས་མཆོག་གིས་གསུང་འཕྲིན་བསྩལ་ཡོད་པ་དང་། བཙན་བྱོལ་བོད་གཞུང་གིས་ཉིན་ཕྱེད་རིང་ལས་ཁུངས་ཁག་སྒོ་བརྒྱབས་ཏེ་རྒྱ་གར་གཞུང་དམངས་གཉིས་ལ་སྨོན་ལམ་བཏབས་ཡོད་པ་རེད།

རྒྱ་
གར་སྲིད་བློན་  Manmohan Sing ཡིས་གསར་ལམ་ཁག་ལ་འཇིགས་སྐུལ་དྲག་སྤྱོད་པ་ཚོའི་འཆར་གཞི་ལྡན་པའི་གྲ་སྒྲིག་དང༌། ཚད་མཐོ་བའི་ལས་འགུལ་སོགས་ལ་བལྟས་ན་ཕྱིའི་རྒྱབ་སྐྱོར་དང་མཉམ་དུ་རྒྱ་གར་ལ་གནོད་འཚེ་བཟོས་པ་ཡིན་པ་བརྗོད་ཡོད་པ་རེད།

ཚེས་
༢༧ ཉིན་༧གོང་ས་མཆོག་གིས་རྒྱ་གར་སྲིད་བློན་སྐུ་ཞབས་  Manmohan Sing མཆོག་ལ་ཕྱག་འཕྲིན་ཞིག་བསྩལ་ཏེ། རྒྱ་གར་གཞུང་དང་མི་དམངས། དམིགས་བསལ་གྱིས་རྐྱེན་འདས་སུ་སོང་བའི་ཡུལ་མི་ཚོ་ལ་ངེད་ཀྱིས་གདུང་སེམས་མཉམ་སྐྱེད་ཡོད་ལ། ཛ་དྲག་ཆེ་བའི་གནས་ཚུལ་འདི་གོ་རྗེས་ངེད་བློ་འཚབ་ཆེན་པོ་བྱུང་སོང་ཞེས་གསུང་འཕྲིན་དུ་བསྩལ་ཡོད་འདུག

ཚེས་
༢༦ ཉིན་ནས་མུམ་བྷེ་རུ་བྱུང་བའི་འཇིགས་སྐུལ་དྲག་སྤྱོད་དེ་ད་དུང་ཡང་མཚམས་བཞག་མེད་ལ། དེ་རིང་སླར་ཡང་གསར་ལམ་ཁག་ལ་གནས་ཚུལ་སྤེལ་བ་ལྟར་ན། མི་ ༡༥༥ ལྷག་དྲག་སྤྱོད་པས་བསད་པ་དང༌། མི་ ༣༢༠ ལྷག་ལ་རྨས་སྐྱོན་ཕོག་སྟེ་སྨན་བཅོས་བྱེད་གིན་ཡོད་འདུག

མགྲོན་
ཁང་ Taj Hotel  དང་ཐག་ཉེ་བའི་ས་ནས་འགད་རྫས་གཉིས་ཉེན་རྟོག་པས་རྙེད་འདུག་ལ། ད་དུང་མི་མང་པོ་ཞིག་འཇུ་བཟུང་ལས་གློད་མེད་པ་དང༌། ད་ལྟ་མུམ་བྷེ་ཡི་སྨན་ཁང་དུ་ཡོད་པའི་རྨས་མ་ཡུལ་སྐོར་བ་རྩོམ་པ་པོ་ཞིག་གིས་བརྗོད་པ་ལྟར་ན། ད་ཐེངས་མུམ་བྷེ་ནས་བྱུང་བའི་གནད་དོན་འདི་ནི་སྤྱི་ལོ་ ༢༠༠༡ ལོར་ཨ་རིར་བྱུང་བ་ལས་ཀྱང་འཇིགས་སྣང་ལྡན་པ་དང༌། ཁ་སང་ནི་རྨི་ལམ་འཁྲུག་སོང་བ་འདྲ་བོ་དང༌། དེ་རིང་ནི་རྨི་ལམ་ལས་སད་སོང་བ་འདྲ་བོ་ལ་ངོས་འཛིན་བྱས་འདུག ཡང་བུད་མེད་སྲིད་དོན་པ་ཞིག་གིས་ངས་བེམ་པོ་དང་དྲག་སྤྱོད་བ་གང་ཡང་མཐོང་མ་བྱུང་ཡང༌། རྡོ་སྐས་སུ་འཁྱིལ་བའི་ཁྲག་གི་ནང་དུ་གོམ་པ་སྤོས་ནས་ཡོང་བ་ཡིན་ཞེས་བརྗོད་འདུག  ཨེ་སི་རེལ་གྱི་ཕྱི་སྲིད་བློན་ཆེན་གྱིས་ཨེ་སི་རེལ་གྱི་མི་ ༢༠ ཙམ་བོར་བརླག་ལ་སོང་ཡོད་པ་དང༌། དེའི་ཁྲོད་དུ་བྱིས་པ་དང་མཉམ་དུ་ཡོད་པའི་ཨ་མ་ཞིག་ཡོད་ཅེས་གསར་ལམ་ཁག་ལ་བརྗོད་འདུག ད་དུང་དབྱིན་ཇི་ནས་ཡིན་པའི་ཨ་སྒོར་ས་ཡ་མང་པོའི་བདག་པོ་ཞིག་ཀྱང་མེ་མདའ་ཕོག་ནས་སྨན་ཁང་དུ་གྲོངས་ཡོད་པ་དང༌། དེ་དང་འདྲ་བའི་ཡུལ་སྐོར་བ་དང་ཚོང་པ་མང་པོ་ཞིག་ད་དུང་ཡང་དྲག་སྤྱོད་པས་གློད་ཡོད་མི་འདུག

དེ་
རིང་ཕྱི་དྲོ་གངས་ཅན་སྐྱིད་གཞུང་གི་ལས་ཁུངས་རྣམས་སྒོ་བརྒྱབས་ལས་བྱེད་ཚོས་རང་གི་གནས་ཚང་རྒྱལ་ཁབ་དང་མི་མང་ལ་གནོད་འཚེ་ཐེབས་པར་སྨོན་ལམ་སྐྱབས་འཇུག་ཞུས་ཡོད་པ་རེད།  

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།