ཁུངས་ལུང་མེད་པ

16/10/2009 17:39

ཁུངས་ལུང་མེད་པའི་སྐད་ཆ་རེད་ཟེར།

བོད་ཀྱི་དུས་བབ།
རྒྱ་ནག་གིས་རྒྱ་གར་སྲིད་བློན་ཨ་རུ་ན་ཅལ་དུ་ཕེབས་པར་ངོ་རྒོལ་བྱས་པ་དེ་ནི་ཁུངས་ལུང་མེད་པ་ཞིག་རེད་ཅེས་

བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུངས་ཡོད་པ་རེད།

ཟླ་འདིའི་ཚེས་ ༣ ཉིན་རྒྱ་གར་སྲིད་བློན་མན་མོ་ཧན་སིན་མཆོག་རྒྱ་གར་བྱང་ཤར་མངའ་སྡེ་ཨ་རུ་ན་ཅལ་དུ་གཟིགས་

སྐོར་བྱས་ཏེ་ཡུལ་དེར་གཏམ་བཤད་གནང་བར།  ཚེས་ ༡༣ ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་ཐེངས་

འདིའི་སྲིད་བློན་གྱི་འཚམས་གཟིགས་ལ་མི་འདོད་པའི་རྣམ་འགྱུར་དང་བཅས་རྒྱལ་ཁབ་གཉིས་ཀྱི་བདེ་འཇགས་དང་

ཡར་རྒྱས་ཆེད་རྩོད་རྙོག་ཅན་གྱི་ས་ཁུལ་ནང་སུན་པོ་མི་བཟོ་བའི་རེ་བ་བཏོན་ཡོད་པ་རེད།

ཉིན་དེར་རྒྱ་གར་ཕྱི་སྲིད་བློན་ཆེན་གྱིས་དེའི་ཁ་གཏད་དུ་གསལ་བསྒྲགས་ཞིག་སྤེལ་བའི་ནང་། རྒྱ་ནག་གིས་ཐེངས་

འདིའི་སྲིད་བློན་གྱིས་གཟིགས་སྐོར་ལ་ངོ་རྒོལ་བྱས་པ་དེ་ནི་བློ་ཕམ་དང་སེམས་འཚབ་ཅིག་རེད་ཅེས་བཤད་ཡོད་

ཡོད་པ་དང་། ཡང་ཁོང་གིས་ཨ་རུ་ན་ཅལ་ནི་རྒྱ་གར་གྱི་མངའ་ཁོངས་བསྙོན་མེད་ཅིག་ཡིན་པ་འདི་ལ་དུས་ནམ་

ཡང་འགྱུར་བ་མེད་པ་ནན་བཤད་བྱས་ཡོད།
ཨ་རུ་ན་ཅལ་གྱི་མངའ་སྡེ་བློན་ཆེན་རྡོ་རྗེ་མཁའ་འགྲོས་ཀྱང་ཉེ་སྔོན་གསལ་བསྒྲགས་ཞིག་བསྐྱངས་ཏེ་རྒྱ་ནག་ལ་རྒྱ་

གར་གྱི་ནང་སྲིད་ལ་ཐེ་གཏོགས་བྱེད་པའི་དབང་ཆ་གང་ཡང་མེད་ལུགས་དང་། རྒྱ་ནག་གིས་དངོས་ཡོད་གནས་ཚུལ་

ཁས་བླངས་པའི་ཐོག་ཨ་རུ་ན་ཅལ་ས་ཁུལ་ལ་བདག་དབང་ཡོད་སྐོར་གྱི་བསམ་ཚུལ་ཕྱིར་འཐེན་བྱེད་དགོས་ལུགས་

བཤད་ཡོད་པ་རེད།
ཚེས་ ༡༤ ཉིན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་རྒྱ་གར་གྱི་གསར་ཤོག་ Outlook India ཞེས་པའི་བཅར་འདྲིའི་

ནང་དུ། རྒྱ་ནག་གིས་རྒྱ་གར་སྲིད་བློན་གྱི་གཟིགས་སྐོར་ལ་ངོ་རྒོལ་བྱས་པ་དེ་ནི་ཁུངས་ལུང་མེད་པ་ཞིག་རེད།   རྒྱ་

དམར་ནས་ཇི་ལྟར་བདག་དབང་ཅན་གྱི་རྒྱ་གར་རྒྱལ་ཁབ་ལ་བཀོད་མངགས་བྱ་ཐུབ་བམ་ཅེས་དང་། ད་དུང་རིན་

པོ་ཆེས་འདི་ནི་གླེང་རིན་ཡོད་པའི་བརྗོད་བྱ་ཞིག་མིན་ཚུལ་གསུངས་ཡོད་པ་རེད།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།