ཁྲག་ཡིག འདྲེ་ལག་དམར་པོ།
02/08/2009 06:19
ཁྲག་ཡིག་དང་ཐེའུ་རང་། འདྲེ་ལག་དམར་པོ།
ཨ་
ཁ་སང་ངས་ཁྲག་ཡིག་ཀློག་འདོད་ཀྱང་ལག་ཏུ་མི་རག་གི་ལབ་ཡིན། དེ་རིང་ཁྲག་ཡིག་གང་ནས་རག་ཀྱང་ད་དུང་
སེམས་ནང་གི་རྩོམ་པ་པོ་ཐེའུ་རང་ཡང་མི་མཐོང་བར་གྱུར། འདི་ལ་སུ་ཚང་གི་འདྲེ་ལག་བརྐྱངས་ཡོད་པ་ང་ཚོས་ཤེས་
ནི་རེད། རྒྱལ་སྤྱི་ལ་མིག་ཅིག་ཡོད་ན། བོད་པ་ཚོ་ལ་སེམས་ཤིག་མཆིས་ཚེ་རྩོམ་པ་པོ་ཁོང་གི་བདེ་སྡུག་ཐད་ཐུགས་ཁུར་
ཞིག་གནང་རོགས། ད་དུང་རབ་ཡིན་ན་རྩོམ་པ་པོའི་མཐུན་ཚོགས་ཀྱིས་ད་ཐེངས་འཚོགས་ཆེན་སྐབས་འདི་ལྟ་བུའི་རྒྱལ་
ཞེན་ཅན་གྱི་རྩོམ་པ་པོ་གང་མང་ཞིག་བཙོན་དུ་བཅུགས་པ་དག་ལ་གདུང་སེམས་མཉམ་སྐྱེད་དང་། རྒྱལ་སྤྱིའི་པེན་རྩོམ་
པ་པོ་ཀུན་ལ་ང་ཚོ་བོད་ཀྱི་རྩོམ་པ་པོ་སྒྲོལ་མ་སྐྱབས་དང་གངས་ཉི། དེ་རིང་གི་ཐེའུ་རང་དང་ཁ་སང་གི་མཆོད་མེ་དྲ་
ཚིགས་བདག་གཉེར་པ་དེའི་མིང་མ་དྲན། འདི་ཚོའི་གནས་ཚུལ་རྣམས་སྐད་ཡིག་གང་མང་ཐོག་ནས་བྲིས་ཏེ་ མཉམ་
འབྲེལ་རྒྱལ་ཚོགས་དང་པེན་རྩོམ་པ་པོའི་མཐུན་ཚོགས་གཙོའི་ཤེས་ཡོན་པ་ཚོ་ལ་འབུལ་རྒྱུ་དང་། རང་གི་རྩོམ་པ་པོ་
རྣམས་ཀྱིས་ཀྱང་རང་ཉིད་དང་མི་རིགས་བསམ་ན་ངེས་པར་དུ་རང་ཉིད་ཀྱིས་ཧོལ་རྒྱུགས་བྱེད་མི་ཉན། ཡུལ་དུས་ལ་
བལྟས་ནས་ལས་ཀ་བྱེད་རྒྱུ་ལས་རིགས་ཞེན་གྱིས་མདུན་ངོས་ཀྱི་ཚེར་མ་ལ་ལག་པ་འཆང་མི་ཉན་ཁོ་ཐག་རེད་ཡ།
ད་དུང་རྩོམ་པ་པོ་མང་བོ་ཞིག་བོར་བརླག་ཏུ་ཕྱིན་ཡོད་ཀྱང་གསར་འགྱུར་བརྒྱུད་ལམ་ལ་མ་ཐོན་པ་ཡང་སྲིད། ཉེ་ཆར་
ཧི་གཟུགས་ཟིན་བྲིས་ནང་ནས་ངོ་ཤེས་པའི་གསར་འགོད་པ་དང་རྩོམ་པ་པོ་ཞིག་ཡོད། ངེད་གཉིས་ཀྱིས་ཁ་བརྡ་གང་
མང་བྱས་མྱོང་། ཟླ་གཉིས་ཀྱི་སྔོན་ལ་ཁོང་གིས་འདྲ་པར་ཅན་གྱི་གསར་འགྱུར་གལ་ཆེན་ཞིག་སྤེལ་སོང་ལ། ཟིན་བྲིས་
པ་ཡོངས་ཀྱིས་ཁོང་ལ་བསྟོད་བསྔགས་དང་མཆན་མང་བོ་བཏབ་འདུག་མོད། ད་ལྟ་ཟླ་གཉིས་ལྷག་འདས་ཟིན་ཡང་
གོ་རྒྱུ་དང་ཚོར་རྒྱུ་ཞིག་མེད་ཁུ། འདི་ཡང་འདྲེ་ལག་དམར་པོ་ཞིག་གི་སྡེར་འོག་ལ་ཚུད་སོང་བ་ཡིན་ནམ་སྙམ།
མདོར་བསྡུས་ནས་བཤད་ན་བོད་ནང་གི་ཟིན་བྲིས་བརྒྱུད་ནས་ངོ་ཤེས་པའི་ཟིནབྲིས་པ་གྲགས་ཅན་རྒྱལ་གཅེས་པ་
ཚོ་འབོར་རྒྱུ་ཇེ་མང་རེད།
———
Back