གནམ་གྲུ་བཙན་འཁྲིད་

11/08/2009 10:14

གནམ་གྲུ་བཙན་འཁྲིད་ཀྱི་དོཌ་པ།
བོད་ཀྱི་དུས་བབ།

ཨབ་གྷ་ནི་སི་ཐན་གྱི་རྒྱལ་ས་ཁཱ་བྷོད་ནས་ཤིན་ཅང་ཝུ་རུ་མུ་ཆི་ལ་བསྐྱོད་པའི་ཐད་གཏོང་གནམ་གྲུ་དེ་ཁེ་ཨར་ཇེ་སི་

ཐན་རྒྱལ་ཁབ་ཀྱི་མཁའ་ལམ་ནས་ཕྱིར་འཁོར་ཏེ་ཁན་ཊ་ཧར་གནམ་ཐང་དུ་བབས་ཡོད་པ་རེད།

གནམ་གྲུ་དེ་ཕྱི་ཚེས་ ༩ ཉིན་གྱི་ཨབ་གྷ་ནི་སི་ཐན་གྱི་ཆུ་ཚོད་ ༡༧ དང་སྐར་མ་ ༤༥ སྟེང་རྒྱལ་ས་ཁཱ་བྷོད་ནས་ཤིན་

ཅང་ཝུ་རུ་མུ་ཆིར་འཕུར་མགོ་ཚུགས་ཡོད་པ་དང་། ལམ་ཐག་ཧྲིལ་བོའི་ཕྱེད་ཀར་འཕུར་བསྐྱོད་ཀྱིས་འདབ་འབྲེལ་

རྒྱལ་ཁབ་ཁེ་ཨར་ཇེ་སི་ཐན་གྱི་མཁའ་ལམ་དུ་བསྐྱོད་སྐབས་གནམ་གྲུ་ཕྱོར་ལྡོག་དགོས་པའི་བརྡ་འཕྲིན་འབྱོར་རྗེས་

ཕྱིར་ཨབ་གྷན་ནི་སི་ཐན་གྱི་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཁན་ཊ་ཧར་གནམ་ཐང་དུ་བབ་ཡོད་པ་རེད། ཨང་རྟགས་ ༧༦༧

ཅན་གྱི་གནམ་གྲུ་དེ་ནི་ཨབ་གྷན་ནི་སི་ཐན་གྱི་ཁ་མུའུ་ཀུང་ཟིས་རྒྱལ་ས་ཁཱ་བྷོད་ནས་ཝུ་རུ་མུ་ཆི་ལ་མཁའ་ལམ་

བཏོད་རྗེས་ཆེད་གཏོང་བྱས་པའི་གནམ་གྲུ་ཐོག་མ་ཡིན་ལ། གནམ་གྲུའི་ནང་འགྲུལ་བ་ ༡༧༠ ཡོད་འདུག་ཅིང་།

མང་ཆེ་བ་ནི་ཨབ་གྷན་ནི་སི་ཐན་མི་ཡིན་པ་དང་། རྒྱ་ནག་གི་མི་སེར་མི་ལྔ་ཡོད་འདུག


ཨབ་གྷན་ནི་སི་ཐན་གྱི་ཁཱ་མུའུ་མཁའ་འགྲིལ་ལས་ཁུངས་ཀྱི་སྤྱི་ཁྱབ་འགན་འཛིན་ཁཱ་མུའུ་ཅ་ཨར་གྱིས་ཕྱི་ཚེས་

༩ ཉིན་གསར་ལམ་དུ་གནས་ཚུལ་བསྒྲགས་དོན།   གནམ་གྲུ་དེར་བཙན་ཁྲིད་དང་འགལ་རྫས་ཀྱི་དོན་རྐྱེན་ཅི་

ཡང་བྱུང་མེད་པ་དང་། གནམ་གཤིས་ཀྱི་རྐྱེན་པས་ཁན་ཊ་ཧར་དུ་བབས་པ་ཡིན་ལ། མྱུར་དུ་རྒྱལ་ས་ཁཱ་བྷོད་དུ་

འཕུར་རྒྱུ་ཡིན་ཞེས་བརྗོད་པ་རེད།

རྒྱ་ནག་གི་ཤིན་ཧྭ་གསར་ཁང་གི་དབྱིན་ཡིག་དྲ་ངོས་སུ་ཕྱི་ཚེས་ ༩ ཉིན་གྱི་ཆུ་ཚོད་ ༢༣ དང་སྐར་མ་ ༤༢ སྟེང་

གནས་ཚུལ་སྤེལ་ཏེ། གནམ་གྲུ་དེ་འཇིགས་སྐུལ་བས་བཙན་ཁྲིད་བྱས་ཡོད་ལུགས་བརྗོད་ཡོད་པ་མ་ཟད། མཚན་མོ་

དེར་དུས་ཐོག་ཏུ་ཉེན་རྟོག་དམག་དཔུང་དང་། དྲག་ཆས་དམག་དཔུང་། ཉེན་སྲུང་རུ་ཁག་བཅས་ཝུ་རུ་མུ་ཆི་གནམ་

ཐང་དུ་ཆེད་གཏོང་བྱས་ཏེ་གནམ་ཐང་ཧྲིལ་བོར་བཀག་སྡོམ་ནན་མོ་བྱས་ཡོད་འདུག ཡིན་ནའང་། རྗེས་སུ་ཤིན་

ཧྭ་གསར་ཁང་གིས་བཤད་སྟངས་སྒྱུར་ཏེ་གནམ་གྲུའི་ནང་འགལ་རྫས་བཞག་ཡོད་ལུགས་བརྗོད་ཡོད་པ་རེད།

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།