གཞུང་ཚབ་འཛུགས་གཉེར་སྐོར།

25/08/2009 22:21

རྒྱ་གར་གྱི་ཡན་ལག་གཞུང་ཚབ་ཅིག་ལྷ་སར་འཛུགས་གཉེར་སྐོར། རྒྱ་ནག་གཞུང་གིས་རྒྱ་གར་གྱི་ངོས་ནས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཡན་ལག་གཞུང་ཚབ་ལས་ཁུངས་ཤིག་ག་དུས་

བཙུཌ་ཀྱང་འགྲིག་འཐུས་བརྗོད་པ་རྒྱ་གར་གྱི་ཉེན་རེའི་གསར་ཤོག་ཀྲའེམ་སེ་ཨོཕ་ཨིན་ཌི་ཡས་(Times of India) ཕྱི་ཟླ་བརྒྱད་པའི་ཚེས་ཉི་ཤུ་ལྔ་ཉིན་གནས་ཚུལ་བཀོད་འདུག  དེ་ཡང་ཉེ་ཆར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་སླེབས་པ་

བོད་རང་སྐྱོང་ལྗོངས་ཀྱི་ཕྱི་འབྲེལ་ལས་དོན་གྱི་འགན་འཛིན་ཇུ་ཆིཡན་ཧུ་ལྦེས་རྒྱ་གར་གཞུང་ནས་ལྷ་སར་ཕྱི་འབྲེལ་

ཡན་ལག་ལས་ཁུངས་བཙུགས་ན་འགྲིག་ཅིང་དེ་ནི་ད་ཆ་རྒྱ་གར་གཞུང་ལ་རག་ལུས་པ་ཞིག་རེད་ཅེས་བརྗོད་འདུག

ཟླ་བ་འདིའི་འགོ་སྟོད་དུ་རྒྱ་གར་དང་རྒྱ་ནག་དབར་ས་མཚམས་སྐོར་གྱི་གྲོས་མོལ་ཐེངས་བཅུ་གསུམ་པ་དེ་བྱས་ཡོད་

པ་དང་རྒྱ་ནག་གཞུང་གིས་རྒྱ་གར་དང་འབྲེལ་ལམ་ཡར་རྒྱས་གཏོང་ཐབས་ཤུགས་ཆེ་བྱེད་བཞིན་ཡོད་པ་གནད་དོན་

དབྱེ་ཞིབ་པ་ཚོས་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད།    རྒྱ་ནག་གཞུང་གི་བོད་ཀྱི་ཕྱི་འབྲེལ་ལས་དོན་ཁང་ཟེར་བ་

དེའི་འགན་འཛིན་ཇུ་ཆིཡན་ཧུ་ལྦེས་རྒྱ་ནག་དང་རྒྱ་གར་དབར་ས་མཚམས་སྐོར་གྱི་གྲོས་མོལ་སླར་གསོ་འགོ་འཛུགས་

ཐུབ་པ་བྱུང་བ་དེ་ནི་ཡུལ་གྲུ་གཉིས་དབར་གྱི་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུའི་གོམ་འཛུགས་སྟབས་གལ་ཆེ་ཞིག་ཡིན་

པ་འགྲེལ་བརྗོད་བྱས་འདུག་ལ་ད་དུང་ཁོང་གིས་ལོ་ཤས་གོང་ཡུལ་གྲུ་གཉིས་ཀྱི་གཞུང་ནས་ཕྱོགས་གཉིས་དབར་ཚོང་

ལས་དང་རིག་གཞུང་སྐོར་བཀའ་བསྡུར་གནང་རྒྱུ་འགོ་འཛུགས་བྱས་ཡོད་པ་ལྟར་བོད་ས་གནས་གཞུང་གིས་ཀྱང་ཚོང་

ལས་དང་རིག་གཞུང་བརྗེ་ལེན་དེ་བཞིན་ཡུལ་བསྐོར་སྤྲོ་འཆམ་པ་བཅས་ཀྱི་གནད་དོན་ནི་ཧ་ཅང་གལ་འགངས་ཆེན་

པོར་ངོས་འཛིན་བྱེད་ཀྱི་ཡོད་ཅེས་རྒྱ་གར་གྱི་ཨའེ་ཨེ་ཨེན་ཨེསི་བརྙན་འཕྲིན་ལས་ཁང་ལ་བརྗོད་འདུག

 

ཇུ་ཆིཡན་གྱིས་བརྗོད་ན་འདི་ལོ་གཅིག་པུའི་ནང་རྒྱ་གར་ནས་བོད་དུ་སྟོད་གངས་རིན་པོ་ཆེ་མཇལ་དུ་ཡོང་མཁན་རྒྱ་

གར་གནས་མཇལ་བའི་གྲངས་འབོར་ཆིག་ཁྲི་ཉིས་སྟོང་ཙམ་བྱུང་ཡོད་པ་བརྗོད་ཡོད་པ་དང་ད་ཆ་ཕྱོགས་གཉིས་ཀྱི་

འབྲེལ་ལམ་དེ་རྒྱ་གར་རང་ལ་རག་ལུས་ཡོད་པ་བརྗོད་འདུག       ཡང་ཇུ་ཆིཡན་གྱིས་རྒྱ་ནག་དང་རྒྱ་གར་དབར་མི་

མཐུན་པ་བྱུང་གཞི་གཙོ་བོ་དེ་རྡ་རམ་ས་ལར་ཡོད་པའི་བཙན་བྱོལ་བོད་གཞུང་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་

མཆོག་ཡིན་པ་དངོས་སུ་བརྗོད་མེད་ན་ཡང་བོད་རང་སྐྱོང་ལྗོངས་ཀྱི་ཆོས་ལུགས་དང་མི་རིགས་ལྷན་ཚོགས་ཀྱི་ཚོགས་

གཙོ་གཞོན་པའི་མིང་ཡོད་པ་དབང་པོ་ཟེར་བ་དེས་བཙན་བྱོལ་གཞུང་ཟེར་བ་དེ་ནི་རྒྱལ་སྤྱིའི་ཁྲིམས་དང་མི་མཐུན་པ་

ཞིག་ཡིན་ཞིང་གལ་ཏེ་བལ་ཡུལ་གཞུང་གིས་འདས་པའི་ལོ་བཞིའི་གོང་ཏཱ་ལའི་བླ་མའི་སྐུ་ཚབ་ལས་ཁུངས་སྒོ་བརྒྱབ་པ་

ལྟར་རྒྱ་གར་གཞུང་གིས་ཀྱང་དེ་ལྟར་གནང་ཚེ་ཡུལ་གྲུ་གཉིས་དབར་གྱི་འབྲེལ་ལམ་ཡར་རྒྱས་ཆེན་པོ་འགྲོ་རྒྱུ་ཡིན་ལུཌ་

བརྗོད་འདུག

དེ་སྔོན་བོད་ནང་ཡོད་བའི་རྒྱ་གར་གྱི་ཕྱི་འབྲེལ་ལས་ཁུངས་དེ་ལོ་ངོ་ལྔ་བཅུ་ལྷག་གོང་བོད་རྒྱ་ནག་གི་དབང་བསྒྱུར་བྱས་

རྗེས་སྒོ་བརྒྱབ་དགོས་བྱུང་ཡོད་ཅིང་ཕྱི་ལོ་༡༩༥༩ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་གང་ཉིད་ཀྱི་ཞབས་

རྗེས་སུ་བོད་མི་འབུམ་ཕྲག་གཅིག་ཙམ་བཙན་བྱོལ་དུ་ཕེབས་སྟེ་ལོ་གསུམ་གྱི་རྗེས་སྟེ་ཕྱི་ལོ་༡༩༦༢ལོར་རྒྱ་ནག་གིས་རྒྱ་

གར་ཐོག་དྲག་རྒོལ་བྱས་ཡོད་པ་རེད།  ད་ལྟའི་སྐབས་བོད་ནང་ཕྱི་རྒྱལ་གྱི་ཡན་ལག་གཞུང་ཚབ་ལས་ཁུངས་ཡོད་མཁན་

བལ་ཡུལ་གཅིག་པུ་ཡིན་པ་རེད།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།