གཟིགས་སྐོར་ཐོག་མ།

16/02/2009 13:44

 

ལྕམ་ཁི་ལིན་ཊོན་གྱི་གཞུང་འབྲེལ་གཟིགས་སྐོར་ཐོག་མ།

 


ཕྱི་ཚེས་ ༡༥ ཉིན་ཨ་རིའི་རྒྱལ་དོན་དྲུང་ཆེ་ལྕམ་ཁི་ལིན་ཊོན་མཆོག་སྲིད་འཛིན་ཨོ་བྷ་མའི་རྒྱལ་དོན་སྐུ་ཚབ་མཐོ་ཤོས་ཀྱི་མཚན་ཐོག་ནས་ཨེ་ཤ་ཡའི་མངའ་ཁུལ་དུ་གཟིགས་སྐོར་ལ་ཕེབས་ཡོད་པ་རེད།

ཁོང་གི་བདུན་ཕྲག་གཅིག་རིང་གི་གཞུང་འབྲེལ་གཟིགས་སྐོར་དེ་ཉི་ཧོང་དང་ཨིན་ཌུ་ནེ་ཤི་ཡ། ལྷོ་ཀོ་རི་ཡ། རྒྱ་ནག་བཅས་ལ་ཕེབས་རྒྱུ་ཡིན་པ་དང་། ཝ་ཤིན་ཊོན་གྱིས་ད་སྐབས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་ལས་གཞི་སྔོན་འགོག་དང་གོ་ལའི་དཔལ་འབྱོར་ཉམས་རྒུད་འདི་བརྟན་ལྷིང་ལ་བསྒྱུར་བར་འབད་བརྩོན་བྱེད་ཀྱི་ཡོད་སྟབས། ལྕམ་ཁི་ལིན་ཊོན་གྱིས་གནད་དོན་འདི་དག་གི་ཐད་བཀའ་མོལ་དང་གྲོས་མགོ་འཚོལ་གྱི་ཡིན་འདུག

ལྕམ་ཁི་ལིན་ཊོན་ཉི་ཧོང་ལ་འབྱོར་སྐབས་ཉི་ཧོང་ནང་ཡོད་པའི་ཨ་རིའི་དམག་མི་ ༨༠༠༠ ལྷག་ཉི་ཧོང་ནས་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་གྷུམ་གླིང་ཕྲན་ནང་གནས་སྤོར་བྱེད་རྒྱུའི་གན་རྒྱ་ཞིག་ལ་མཚན་རྟགས་འགོད་རྒྱུ་ཡིན་པ་དང་། འདི་ནི་ཨ་རིའི་དམག་མི་རྣམས་ཀྱིས་ཉི་ཧོང་ནང་སུན་གཙེར་མི་ཡོང་བའི་ཆེད་དུ་ཡིན་ཚུལ་འདུག

ཨིན་ཌུ་ནེ་ཤི་ཡ་ནས་ཁོང་གིས་རྒྱལ་ཁབ་དེ་དང་དེའི་མནའ་འབྲེལ་རྒྱལ་ཁབ་ཁག་སྟེ། ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་རྣམས་དང་མཉམ་དུ་འབར་མ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་ཕྱོགས་ལ་མཉམ་འབྲེལ་གྱིས་ཤུགས་སྣོན་རྒྱག་རྒྱུར་སྐུལ་མ་དང་། ཤར་ཊི་མོར་གྱི་ཞི་བདེ་དང་བརྟན་ལྷིང་གི་ཐད་ཤུགས་སྣོན་རྒྱག་ཕྱོགས་ལ་བཀའ་མོལ་གནང་རྒྱུ་རེད།

རྒྱ་ནག་ནས་ཁོང་གིས་རྒྱུན་སྲོལ་གྱི་ཚོང་དོན་དང་དཔལ་འབྱོར་གྱི་འབྲེལ་བའི་ཕན་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཐད་གཞི་རྒྱ་ཆེ་བའི་མཛད་འཕྲིན་མགོ་རྩོམ་རྒྱུ་ཡིན་ཚུལ་འདུག་ལ། ཁོང་གིས། ཨ་རྒྱ་གཉིས་ཀྱི་འབྲེལ་བ་འདི་བཟང་ཕྱོགས་དང་མཉམ་ལས་ཀྱི་ངོ་བོར་འགྲོ་རྒྱུ་ནི་ཨེ་ཤ་ཡའི་ཁེ་ཕན་གཅིག་པུ་མིན་པར་འཛམ་གླིང་ཧྲིལ་བོའི་ཁེ་ཕན་ཡིན་པར་གསུངས་ཡོད།

ཕྱི་ཚེས་ ༡༣ ཉིན་ཁོང་གིས་གཏམ་བཤད་ཅིག་གི་སྐབས། ཁོང་ཉིད་ཨེ་ཤ་ཡའི་དབུ་ཁྲིད་དག་ལ་མཇལ་སྐབས་ཤུགས་ཆེན་པོ་དང་ནན་པོ་བྱས་ནས་སྐད་ཆ བཤད་གི་ཡིན་ཅེས་གསུངས་ཡོད་པ་རེད།

ཁོང་གིས། ཨ་རི་ཡིས་འཛམ་གླིང་གི་དཀའ་རྙོག་ཆེ་གྲས་ཏེ དཔལ་འབྱོར་ཉམས་རྒུད་ནས་འཇིགས་སྐུལ་རིང་ལུགས་པ་ནས་གོ་ལའི་ཚ་དྲོད་བར་གྱི་གནད་དོན་རིགས་ཐག་གཅོད་པའི་ནུས་ཚད་དེ་གང་འདྲ་ཞིག་ཏུ་འགྱུར་མིན་ནི་ཨེ་ཤ་ཡའི་ནང་ནས་ཐག་གཅོད་ག་ཚོད་ཅིག་ལེན་ཐུབ་མིན་ལ་ཐུག་ཡོད་པ་རེད་ཅེས་གསུངས་ཡོད་པ་རེད།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།