གསར་འགོད་པ་བྲོས་བྱོལ།

20/08/2009 18:46

རྒྱ་ནག་གི་གསར་འགོད་པ་ཞིག་བྲོས་བྱོལ།

བིད་ཀྱི་བང་ཆེན།

ཟླ་འདིའི་ཚེས་༢༠ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་ཉིན་རེའི་ཚགས་པར་གྱི་དྲ་རྒྱའི་

དོ་དམ་པ་ཆུའུ་མིང་ཝས་ཟེར་བ། ཧོང་ཀོང་དུ་ཚོགས་འདུ་ཞིག་ལ་འགྲོ་ཞོར་མང་གཙོ་རྒྱབ་སྐྱོར་ཚོགས་པ་དང༌། འགྲོ་

བ་མིའི་ཐོབ་ཐང་གི་ལས་འགུལ་ནང་ཞུགས་ཡོད་དང། རྒྱ་གཞུང་གིས་ཤེས་རྟོགས་བྱུང་ནས་གསང་བའི་ཁྲིམས་གཅོད་

འཆར་འགོད་བྱས་ཡོད་ནའང། གསར་འགོད་པས་གསང་བ་དེ་གོ་ཐོས་བྱུང་བ་དང་ཧོང་ཀོང་དུ་བྲོས་བྱོལ་ལ་སོང་ཡོད

འདུག     དེ་ཡང་རྒྱ་ནག་ཉིན་རེའི་ཚགས་པར་གྱི་གསར་འགོད་པ་ཆུས་མིང་ཝས། འདི་ལོའི་ཟླ་བ་༧ པའི་ནང་ཧོང་

ཀོང་དུ་རྒྱལ་སྤྱིའི་མཉམ་འབྲེལ་གསར་འགོད་ལྷན་ཚོགས་ཀྱི་ཚོགས་འདུར་སོང་ཡོད་པ་དང༌།

སྐབས་དེར་ཧོང་ཀོང་དུ་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་རྒྱབ་སྐྱོར་ཚོགས་པས། ལོ་འཁོར་གྱི་རང་དབང་སྒེར་

ལངས་ཆེན་པོའི་ལས་འགུལ་སྤེལ་དུས་དང་འཁེལ་བར་བརྟེན། གསར་འགོད་པ་ཁོང་འཛུལ་ཞུགས་བྱས་ཡོད་འདུག 

དེ་རྗེས་ཧོང་ཀོང་གི་གསར་འགོད་པ་ཚོར། ཧོང་ཀོང་སྒེར་ལངས་ཆེན་མོ་འདིས་ང་ལ་ཚོར་བ་རྣོན་པོ་ཞིག་སྟེར་བྱུང་

ལ། རྒྱ་ནག་སྐམ་ས་ཆེན་མོའི་ནང་ངོ་རྒོལ་འདི་འདྲ་བ་ཤིན་ཏུ་མཐོང་དཀོན་པ་དང༌། དམིགས་བསལ་གྱི་དཔོན་པོ་

རྐུབ་སྟེགས་སྟེང་ནས་མར་འབབ་དགོས་ཟེར་བ་སོགས་ཀྱི་སྐད་འབོད་ནི། རྒྱ་ནག་སྐམ་ས་ཆེན་མོའི་ནང་ཡོང་མི་སྲིད་

པ་དང་མི་མང་གི་བསམ་བློར་འཁོར་མི་ཐུབ་པའི་གནས་སྟངས་ཤིག་ཆགས་ཡོད་ཅེས་བརྗོད་ཡོད་པ་རེད།


    གསར་འགོད་པས་ཧོང་ཀོང་དུ་ལས་དོན་བསྒྲུབས་ནས་ཕྱིར་རྒྱ་ནག་ཏུ་ལོག་ནས་ཡུན་རིང་མ་སོང་བར། ལས་འགུལ་

ནང་ཞུགས་པ་དང་ཆོག་མཆན་མེད་པ་གཏམ་བཤད་བྱས་ཡོད་པའི་ནག་ཉེས་གཡོགས་ཏེ། ཁྲིམས་གཅོད་འཆར་འགོད་

བྱས་ཡོད་ཡོད་ནའང། གསར་འགོད་པ་ཁོང་གིས་ཤེས་རྟོགས་བྱུང་ནས་ཧོང་ཀོང་དུ་བྲོལ་བྱོལ་ལ་སོང་ཡོད་འདུག ཁོང་

གི་ཁྱབ་ཁོངས་སུ་ཡོད་པའི་ལས་བྱེད་འགའ་རྒྱ་ནག་ཏུ་འཛིན་བཟུང་བཀག་ཉར་བྱས་ཡོད་པ་རེད།


    ཧོང་ཀོང་དུ་བྲོས་བྱོལ་ལ་འབྱོར་རྗེས་གསར་འགོད་པ་ཚོས་བཅར་འདྲི་བྱས་པའི་ལན་དུ། གལ་སྲིད་ནག་ཉེས་ཀྱི་

ལྕགས་ཁབ་བཙུགས་ཚར་རྗེས། གསལ་ཁ་བཏོན་ནས་འགྲེལ་བཤད་རྒྱག་དགོས་དོན་ཡོད་མ་རེད་ལ། ཁྲིམས་ཞིབ་པ་

ཚོ་ཀྱང་བེད་མེད་རེད། རྒྱ་ནག་གཞུང་གིས་ཉིན་རེའི་ཚགས་པར་གྱི་གནད་དོན་ཆུང་ངུ་ལའང༌། ཆབ་སྲིད་ཀྱི་དཀའ་

རྙོག་བཟོས་ཏེ་དཀའ་ངལ་འཕྲད་བཞིན་ཡོད་པས། དེ་ནི་ཧ་ཅང་འཇིགས་སུ་རུང་བ་ཞིག་རེད་ལ།

སྐབས་དེར་ང་སྒེར་གྱི་རང་དབང་ཡོངས་རྫོགས་ཤོར་ནས་བསྡད་པ་ཡིན། དོན་དངོས་ཐོག་ང་ཉིན་རེ་ཚགས་པར་གྱི་

དོ་དམ་པ་ཞིག་ཡིན་པའི་ཆ་ནས། མི་སུ་ལའང་གྲོགས་པོ་སྒྲིག་ཆོག་པའི་རང་དབང་དེ་དགོས་ངེས་རེད་ཅེས་འགྲེལ་

བརྗོད་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།