གསར་འགོད་པ་སྐྱོན་བརྗོད
26/03/2009 20:29གསར་འགོད་རང་དབང་ལྷན་ཚོཌ་ཀྱིས་རྒྱ་གཞུང་ལ་སྐྱོན་བརྗོད།
རྒྱ་ནག་གཞུང་གིས་ཡུའུ་ཀྲུབ་དྲ་རྒྱ་དེ་ལྟ་མི་ཐུབ་པ་བཟོས་པའི་གནད་དོན་ལ་གསར་འགོད་རང་
དབང་སྲུང་སྐྱོབ་ཚོགས་པ་ཁག་གིས་སྐྱོན་བརྗོད།
༄༅༎རྒྱ་ནག་གཞུང་གིས་དྲ་རྒྱའི་སྟེང་གསོག་འཇོག་ཡོད་པའི་བརྙན་དཔར་ལྟ་སའི་ཡུའུ་ཀྲུབ་ཞེས་པའི་དྲ་
རྒྱ་དེ་རྒྱ་ནག་ནང་ལྟ་མི་ཐུབ་པ་བཟོས་པའི་གནད་དོན་ལ་གསར་འགོད་རང་དབང་སྲུང་སྐྱོབ་ཚོགས་པ་ཁག་
གིས་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་འདུག དེ་ཡང་དམངས་གཙོ་དང་འཕྲུལ་རིག་ཁྱབ་སྤེལ་ལྟེ་གནས་ཁང་
གི་འགན་འཛིན་ལེསི་ལི་ཧེ་རིསི་ཡིས་རྒྱ་ནག་གཞུང་གིས་ཡུའུ་ཀྲུབ་གི་དྲ་རྒྱ་བཀག་སྡོམ་བྱས་པ་དེ་ཁྲིམས་
ལུགས་དང་སྨྲ་བརྗོད་རང་དབང་བཅས་དང་མི་མཐུན་པ་ཞིག་འགྱུར་ཡོད་ཅེས་སྐྱོན་བརྗོད་གནང་ཡོད་པ་
རེད། རྒྱལ་མཚམས་མེད་པའི་གསར་འགོད་རང་དབང་ཚོགས་པས་རྒྱ་ནག་གཞུང་གི་བྱ་སྤྱོད་དེར་སྐྱོན་
བརྗོད་དང་སྦྲགས་རྒྱ་ནག་དམར་པོའི་གཞུང་དེ་དྲ་རྒྱའི་དྲག་བོ་ཞིག་ཡིན་པའི་སྐྱོན་བརྗོད་གནང་ཡོད་པ་རེད།
ཡིན་ནའི་རྒྱ་ནག་གཞུང་གིས་ཡུའུ་ཀྲུབ་ལྟ་མི་ཐུབ་པ་བཟོས་པའི་གནད་དོན་གྱི་ཐད་རྒྱུ་མཚན་འགྲེལ་བརྗོད་
གང་ཡང་གནང་གི་མེད་ཅིང་ཡུའུ་ཀྲུབ་བཀག་སྡོམ་བྱེད་པའི་གནད་དོན་ཐད་གསར་འགོད་ལྷན་ཚོགས་ཐོག་
དྲི་བ་བཏང་མཁན་བྱུང་བར་སྐབས་དེར་རྒྱ་ནག་གཞུང་གི་མགྲིན་ཚབ་པས་ང་ཚོས་དྲ་རྒྱ་བེད་སྤྱོད་རྒྱ་གང་ཆེ་
ཡོང་རྒྱུར་སྐུལ་འདེད་བྱེད་ཀྱི་ཡོད་ལ་ཡིན་ནའི་དྲ་རྒྱའི་ནང་དོན་ཁྲིམས་མཐུན་ཡིན་མིན་རྟོག་ཞིབ་བྱེད་ཀྱི་
ཡོད་ཅེས་ལན་འདེབས་བྱས་ཡོད་པ་རེད། དབྱིན་ཇིའི་སྦི་སྦི་སི་གསར་འགྱུར་ལས་ཁང་གིས་རྒྱ་ནག་གཞུང་
གིས་དེ་སྔ་ཡང་ཨ་མི་རི་ཀའི་གྲོས་ཚོགས་ཀྱིས་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་
མཆོག་ལ་གསེར་གྱི་གཟེངས་རྟགས་ཕུལ་བའི་སྐབས་སུའང་དུས་ཡུན་གཟའ་འཁོར་གཉིས་ཙམ་རིང་ཡུའུ་
ཀྲུབ་ཀྱི་དྲ་རྒྱ་ལྟ་མི་ཐུབ་པ་བཟོས་ཡོད་སྐོར་བཀོད་ཡོད་པ་རེད༎
———
Back