གསུང་བཤད་གནང་ཆར

15/04/2009 09:35

༸གོང་ས་མཆོག་ནས་བཟང་སྤྱོད་སྐོར་གསུང་བཤད་གནང་འཆར།

༸གོང་ས་མཆོག་གིས་ཨ་རིའི་མངའ་སྡེ་མེ་ས་ཆུ་སེཏ་སི་ནང་འགྲོ་བ་མིའི་ཀུན་སྤྱོད་

          དང་དེའི་རིན་ཐང་ཞེས་པའི་ལྷན་ཚོགས་དབུ་འབྱེད་གནང་རྒྱུ།

༄༅༎ ཨ་མི་རི་ཀའི་མངའ་སྡེ་མེ་ས་ཆུ་སེཏ་སི་ཡི་འཕྲུལ་རིག་ལག་རྩལ་སློ་གཉེར་ཁང་ནང་དུ་ཡོད་པའི་ཏཱ་

ལའི་བླ་མའི་ལྟེ་གནས་ཁང་ཞེས་པའི་ཚན་པ་དེས་གོ་སྒྲིག་གནང་བའི་འགྲོ་བ་མིའི་ཀུན་སྤྱོད་དང་དེའི་རིན་

ཐང་ཞེས་པའི་ལྷན་ཚོགས་དེ་བཞིན་ཟླ་བ་འདིའི་ཕྱི་ཚེས་ཉི་ཤུ་དགུ་དང་སུམ་ཅུ་ཉིན་བོད་ཀྱི་དབུ་ཁྲིད་སྤྱི་

ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འབྱེད་གནང་རྒྱུ་མ་ཟད་ལྷན་ཚོགས་དེའི་བརྗོད་གཞི་

དང་འབྲེལ་བའི་བཟང་སྤྱོད་སོགས་ཀྱི་ཐད་གསུང་བཤད་གནང་རྒྱུ་ཡིན་པའི་སྐོར་དེ་རིང་བཞུགས་སྒར་རྡ་

རམ་ས་ལ་ནས་བཙན་བྱོལ་བོད་གཞུང་གི་འཕྲིན་གཏོང་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།

ཏཱ་ལའི་བླ་མའི་ལྟེ་གནས་ཞེས་པའི་ཚན་པ་དེ་གསར་འཛུགས་གནང་དགོས་པ་དང་དེའི་ལས་དོན་གྱི་

དམིགས་ཡུལ་གཙོ་བོ་ནི་འགྲོ་བ་མིའི་རིགས་ཀྱི་ཀུན་སྤྱོད་ཡར་རྒྱས་དང་མི་རབས་གསར་པ་རྣམས་ཀུན་

སྤྱོད་ཡག་པོ་ལྡན་པ་ཞིག་གསོ་སྐྱོང་བྱས་ཏེ་སྤྱིར་འཛམ་གླིང་སྤྱི་དང་ཡར་སྒོས་སྤྱི་ཚོགས་ནང་བཟང་སྤྱོད་

ལྡན་པའི་འགན་འཁུར་མི་སྣ་དང་སྣེ་ཁྲིད་ཐུབ་པའི་མི་རབས་གོང་འཕེལ་གཏོང་རྒྱུའི་ཆེད་དུ་ཡིན་ཞིང་

དེ་ལྟར་གོང་འཕེལ་གཏོང་བའི་ཐབས་ཇུས་ནི་འཛམ་གླིང་ནང་གི་གནད་ཡོད་མི་སྣའི་བགྲོ་གླེང་གང་

མང་གོ་སྒྲིག་ཞུས་པ་བརྒྱུད་དེ་ཡང་ཚན་རིག་པ་དང་འཕྲུལ་རིག་ལག་རྩལ་མཁས་པ་ཆབ་སྲིད་པ་དང་

སྲིད་ཇུས་བཟོ་མཁན་དེ་བཞིན་ཆོས་ལུགས་ཀྱི་དབུ་ཁྱིད་ཚོའི་བར་ལ་བགྲོ་གླེང་དང་མཉམ་འདེགས་

ཀྱི་ལས་དོན་བྱེད་ཐུབ་པའི་འབད་བརྩོན་བྱ་རྒྱུ་ཡིན་པ་རེད། ཏཱ་ལའི་བླ་མའི་ལྟེ་གནས་ཞེས་པ་དེ་བཞིན་གསར་འཛུགས་གནང་མཁན་གྱི་ཚོགས་མིའི་ཁོངས་སུ་ནོ་

བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་

པོ་མཆོག་དང་ལྷོ་ཨ་ཕེ་རི་ཀའི་ཡེ་ཤུའི་ཆོས་དཔོན་ཌེསི་མེན་ཀྲུ་ཀྲུ་མཆོག་གཞན་ཡང་ལྕམ་སྦེ་ཊི་ལྦི་

ལིཡེམ་བཅས་ཡིན་ཞིང་རྒྱལ་སྤྱིའི་ནང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་ཐོག་པའི་

ཏཱ་ལའི་བླ་མའི་ལྟེ་གནས་ཁང་ཞེས་པ་དེ་ཡིས་སྤྱི་ཚོགས་ཐོག་གོ་རྟོགས་གསར་པ་སྐྲུན་ཏེ་བཟང་སྤྱོད་

ལྡན་པའི་མི་རབས་གསར་པའི་འགོ་ཁྲིད་དམ་འགན་འཁུར་བ་ཚོས་འཛམ་གླིང་སྤྱི་དང་སྤྱི་ཚོགས་

ཡོངས་ལྷག་པར་དུ་དཔལ་འབྱོར་དང་ཁོར་ཡུག་ནང་ཤུགས་རྐྱེན་ཐེབས་ཐུབ་པའི་ནུས་པ་འདོན་

སྤེལ་བྱ་རྒྱུར་ཕན་ཐོགས་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།