གོམ་བགྲོད་པ་འཛིན་བཟུང་

24/05/2009 15:22

གོམ་བགྲོད་པ་བརྒྱད་ས་མཚམས་ནས་འཛིན་བཟུང་བྱས་འདུག

 

 

ཕྱིར་རང་ཡུལ་དུ་ལོག་པའི་གོམ་བགྲོད་པ་བརྒྱད་རྒྱ་གར་དང་བོད་ཀྱི་ས་མཚམས་སུམ་མདོ་ཞེས་པ་ནས་

འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་འདི་གར་འགྲེལ་བརྗོད་གནང་སོང་། ཁོང་རྣམས་སུམ་མདོའི་

གྲོང་ཚོ་ནས་ཟམ་པ་ཞིག་ཡོད་པ་དེ་བརྒྱུད་ནས་འགྲོ་སྐབས་མཐའ་མཚམས་དམག་མིས་འཛིན་བཟུང་

བྱས་འདུག་ལ།   ཁོང་རྣམས་ཀྱིས་བོད་ཀྱི་རྒྱལ་དར་བཏོན་ནས་བོད་རང་བཙན་སོགས་ཀྱི་སྐད་འབོད་

ཤུགས་ཆེན་གནང་ཡོད་འདུག ད་སྐབས་མཐའ་མཚམས་དམག་མིའི་འཛིན་བཟུང་འོག་གནས་ཡོད་

པའི་ཁོང་རྣམས་ཀྱི་གཟུགས་པོའི་གནས་སྟངས་སོགསད་ལྟའི་ཆར་གསལ་བོ་ཤེས་ཐུབ་གྱིན་མི་འདུག

ཁོང་རྣམས་ཀྱིས་ཁ་པར་བརྒྱུད་ཤིང་བཟའ་རིན་པོ་ཆེ་ལ་འགྲེལ་བརྗོད་གནང་བ་ལྟར་ན་མཐའ་མཚམས་

དམག་མིས་ཁོང་རྣམས་ལ་ཡག་པོ་གནང་གི་ཡོད་པ་དང་ཁྱེད་རྣམས་པས་འདི་འདྲ་གནང་དོན་རང་གི་

མི་རིགས་ཀྱི་ཆེད་དུ་ཡིན་ན་ང་ཚོས་གཞུང་ལ་སྙན་གསེང་ཞུ་མི་དགོས་པར་གང་མགྱོགས་ངང་གཏོང་ཡོང་

བའི་སྐོར་གསུངས་འདུག ད་ལྟའི་ཆར་གོམ་བགྲོད་པ་བརྒྱད་པོའི RC དགོས་པས་ང་ཚོས་ངོ་བཤུས་ཕུལ་

ཟིན་པ་ཡིན་ཡང་བཙོན་ཁང་ནས་ནམ་ཞིག་ལ་གཏོང་གི་ཡོད་མིན་ད་ལྟ་གསལ་བོ་ཤེས་ཐུབ་མེད། ཕལ་ཆེར་

ཚོད་དཔག་བྱས་ན་སུམ་མདོ་ཕྱོགས་ཀྱི་མཐའ་མཚམས་དམག་མིའི་ནང་བོད་མི་ཡོད་ལ་དེར་གནས་ཀྱི་

དམག་མི་རྣམས་དགྱ་གཞུང་ལ་དགའ་བོ་མེད་པས་ཁོ་ཚོར་ཕར་ཆེར་ཁྲིམས་ཐག་ལྕི་མོ་གཅོད་རྒྱུ་མིན་པའི་

སྣང་ཚུལ་འདུག་ཅེས་གསུངས་བྱུང་། 

 

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།