གྲངས་ཉུང་མི་རིགས་ལ་ལག་སྟཌ

21/11/2009 15:45

༄༅། །རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་༦༠ འཁོར་བའི་སྐྱེ་སྐར་ཉིན་

     གྲངས་ཉུང་མི་རིགས་ལ་ཡིག་ཆ་དཀར་པོ་ཞིག་དང་མི་གཉིས་སྲོག་ཐོག་བཏང་བའི་

                                         ལག་རྟགས།༽  སྤྲད་པ།

 དམག་དཔུང་རུ་སྒྲིག་གི་བརྡ་ལན།

འདི་ལོ་ཕྱི་ཟླ་༡༠ཚེས་༡ཉིན་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་བཙུགས་ཏེ་ལོ་༦༠འཁོར་བའི་དུས་དྲན་མཛད་སྒོ་དེ་

རྔམ་བརྗིད་དོད་པོའི་ངང་སྤེལ་བ་རེད།    སྤོབས་པ་དང་སེམས་འགུལ་འཐེབས་པའི་དམག་དཔུང་གིས་དམག་གི་གོ་

མཚོན་གསར་པ་ངོམ་བཞིན་རུ་བསྟར་བསྒྲིགས་ཏེ་རྒྱ་ནག་གི་དབང་འཛིན་པ་ཚོའི་མདུན་ནས་མདུན་བསྐྱོད་བྱེད་སྐབས།

དེར་འཛམ་གླིང་རྒྱལ་ཁབ་མང་པོས་དབུགས་དམ་སྟེ་བལྟས་པ་རེད། གོ་མཚོན་གྱི་ཁྲོམ་རྭ་ཆེན་མོ་དཻར་འགྲམ་ཆུ་འཁོར་

ནས་བལྟ་བཞིན་པ་ནི་འཛམ་གླིང་གི་མཚོན་ཆའི་བཟོ་གྲྭ་ཁག་རེད། འོན་ཀྱང་ཁོང་ཚོར་ཆེས་བློ་ཕམ་ཆེན་པོ་ཞིག་བྱུང་

ཡོད་པ་དེ་ནི། ཉིན་དེར་དེང་དུས་ཀྱི་གོ་མཚོན?གྲངས་ལྔ་སྟོང་ལྷག་ཙམ་ངོམ་ཡོད་པ་ཚང་མ་རྒྱ་ནག་ནང་བཟོས་པ་ཤ་

སྟག་རེད། དེས་འཆི་ཁར་ཐུག་པའི་གོ་མཚོན་གྱི་ཚོང་པ་དེ་དག་ལ་བརྡ་ལན་གསལ་པོ་ཞིག་བྱིན་ཡོད་པ་སྟེ། རྒྱ་ནག་ནང་

གོ་མཚོན་གྱི་ཁྲོམ་རྭ་མེད་པ་མ་ཟད། གལ་གནད་ཆེ་བའི་གོ་མཚོན་གྱི་བཟོ་གྲྭ་དེ་སུ་གང་ལ་རེ་མི་དགོས་པར་རྒྱ་ནག་

རང་གིས་རང་མགོ་རང་ཐོན་ངང་བྱེད་འདོད་ཡོད་པ་དེ་རེད།

ལྷ་ཡུལ་གྱི་རྔན་པཿ   ཡིག་ཆ་དཀར་པོ།

འདི་ལོ་ཕྱི་ཟླ་༩ཚེས་༢༧ཉིན་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ལྔ་བཅུ་ང་ལྔ་ཡོད་པ་དེ་དག་གི་ཆེད་ལག་རྟགས་

ཤིག་བྱིན་པ་དེ་ནི་༼རྒྱ་ནག་གི་མི་རིགས་སྲིད་བྱུས་དང་མི་རིགས་ཡོངས་ལ་གཅིག་གྱུར་གྱི་ཡར་རྒྱས་དང་གོང་

འཕེལ།༽ཞེས་པའི་ཡིག་ཆ་དཀར་པོ་ཞིག་སྟོན་པ་དེ་རེད།  ཡིག་ཆ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གནས་ཚུལ་ཁྱབ་སྤེལ་ལས་

ཁུངས་ནས་ཁྱབ་བསྒྲགས་བྱས་པ་རེད། ཕྱིའི་གནས་ཚུལ་ཉམས་ཞིབ་པ་ཚོས་གོང་དུ་བརྗོད་པའི་དམག་གཟིགས་རུ་སྒྲིག་

དང་ཡིག་ཆ་དཀར་པོའི་ནང་བཀོད་པའི་མི་རིགས་གི་ཁེ་དབང་གཉིས་དབར་གྱི་འབྲེལ་བ་དེ་རྟོགས་ཐུབ་རྒྱུ་དཀའ་

ཡང༌། རྒྱ་ནག་གཞུང་གི་བཙན་གནོན་འོག་ཡོད་པའི་གྲངས་ཉུང་མི་རིགས་པ་རྣམས་ཀྱིས་དེ་གཉིས་དབར་གྱི་འབྲེལ་

བའི་གོ་བརྡ་དེ་གསལ་པོར་འཕྲོད་ཡོད། ཡིག་ཆ་དཀར་པོ་དེ་ཟ་འདོད་ཡོད་པའི་གུང་ལ་ཕུག་དང༌། གལ་སྲིད་གུང་ལ་

ཕུག་དེར་གྲངས་ཉུང་མི་རིགས་རྣམས་ཀྱི་འདོད་པ་མ་ཁེངས་ན། རྒྱ་ནག་གཞུང་ལོ་༦༠འཁོར་བའི་དུས་དྲན་གྱི་དམག་

གཟིགས་མཛད་སྒོའི་ཉིན་མངོན་གསལ་དོད་པོས་རུ་སྒྲིག་དྲག་ངོམ་བྱས་པའི་དྲག་པོའི་གོ་མཚོན་དེ་དག་གིས་བརྡུང་

རྒྱུ་ཉག་ཅིག་རེད།

  ཕྱི་ཟླ་༡༠ཚེས་༣ནས། ༩བར་འགྲེམས་སྤེལ་བྱས་པའི་དཔལ་འབྱོར་རིག་པའི་དུས་དེབ་ (The Economist) ཅེས་པའི་

རྒྱབ་ཤའི་སྟེང༌།   རྒྱ་ནག་གི་ལོ་དྲུག་ཅུའི་དུས་དྲན་ཉིན་དེར་དམག་གཟིགས་མཛད་སྒོ་བརྗིད་ཉམས་དོད་པོ་སྟོན་པའི་

སྐོར་དཔྱད་གཏམ་ཞིག་སྤེལ་ཡོད་པའི་ནང༌།རྒྱ་ནག་གི་འགོ་ཁྲིད་པ་ཚོས་རྒྱ་ནག་ད་དུང་ཡང་དབུལ་ཕོངས་ཉམས་

ཐག་པའི་རྒྱལ་ཁབ་ཅིག་ཡིན་པས།དཔལ་འབྱོར་ཡར་རྒྱས་གཏོང་རྒྱུ་དེ་དམིགས་སུ་བཀར་ནས་གལ་ཆེར་བརྩི་ཡི་ཡོད་

ཅེས་བཤད་འདུག  དེར་བརྟེན་རྒྱལ་ཁབ་ཀྱི་དུས་དྲན་ཉིན་དེའི་དམག་གཟིགས་མཛད་སྒོ་དེས་བརྡ་ལན་གསལ་པོ་

ཞིག་བཏང་ཡོད་པ་སྟེ། དེར་ལྟད་མོ་བལྟ་བར་ཡོང་མཁན་ཕལ་ཆེ་བ་ཕྱི་མི་མ་ཡིན་པར་རྒྱ་ནག་ནང་གི་མི་མང་ཡིན་

སྟབས། རྒྱ་ནག་གཞུང་གི་འགོ་ཁྲོད་ཚོར་མི་མང་མང་མོས་ཀྱི་རྒྱབ་སྐྱོར་རམ་བློ་འདོད་མེད་རྐྱེན། དཔལ་འབྱོར་ཡར་

རྒྱས་དང་སྟོབས་ཤུགས་ཆེ་རུ་གཏང་ནས་རྒྱ་ནག་སྲིད་གཞུང་གི་ཁྲིམས་མཐུན་དབང་ཆ་སྐྱོངས་ཐབས་བྱ་རྒྱུར་བརྟེན་

དགོས། དེར་བརྟེན་ཁོ་པ་ཚོས་ཇི་ཙམ་གྱིས་སྟོབས་ཤུགས་འཕེལ་ཡོད་པ་སྟོན་པ་དེ་ཙམ་གྱིས་ཁོ་ཚོར་གདེང་ཚོད་མེད་

པ་གསལ་པོ་རེད། རྒྱ་ནག་ཡར་རྒྱས་འབུར་ཐོན་ཡོང་རྒྱུར་འགྲོ་ལམ་གང་ཞིག་བསྐྱོད་ཚེ་དཀའ་ངལ་མི་འོང་བའི་

དངངས་སྐྲག་བྱུང་བ་དེ་ནི། རྒྱ་ནག་གཞུང་ལ་དེ་ལྟ་བུའི་བདེ་འཇགས་སྲ་བརྟན་མེད་པ་དེར་བློ་ཚབ་སྐྱེ་དགོས་པ་ཞིག་

རེད།ཅེས་བྲིས་འདུག

  ཝི་ལི་ལམ་(Willy Lam) གྱིས།ཕྱི་ཟླ་༡༠ཚེས་༡ ཉིན་རྒྱ་གཞུང་གིས་བསམ་ཡུལ་ལས་འདས་པའི་དམག་གཟིགས་

མཛད་སྒོ་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཏེ་དྲག་ཤུགས་ངོམ་པའི་དམིགས་ཡུལ་ལྟེ་བ་ནི། རྒྱལ་ཁབ་ཕྱི་ལ་ཡོད་པའི་རྒྱ་ནག་གི་

དགྲ་བོ་ལས་ལྷག་པ་རྒྱལ་ནང་དུ་ཡོད་པའི་བོད་དང༌། ཡུ་གུར་སོགས་ལ་དམིགས་པ་རེད།ཅེས་དཔྱད་གཏམ་ཞིག་སྤེལ་

བའི་ནང་བཤད་ཡོད་པ་རེད།

  ཕྱི་ཟླ་༡༠ཚེས་༡༢ཉིན་འགྲེམས་སྤེལ་བྱས་པའི་བདུན་རེའི་གསལ་འགྱུར་(Newsweek) གི་ནང་དུའང་རྒྱ་ནག་གཞུང་

གིས་བརྡ་ལན་དེ་རྒྱ་ནག་ནང་ཡོད་པའི་ལྟད་མོ་ལྟ་མཁན་མི་མང་མང་ཚོགས་ལ་ཡིན་པར་མོས་མཐུན་བྱས་ཡོད་ཀྱང༌།

གསར་དེབ་དེར་ལྟ་ཚུལ་མི་འདྲ་བ་ཞིག་བྱུང་ཡོད་པ་དེ་ནི། དམག་གཟིགས་རྔམ་སྟོན་དེས་རྒྱ་ནག་མི་མང་རྣམས་ལ་ཁོང་

ཚོ་ཕྱི་ནང་གང་སར་བདེ་འཇགས་ངང་གནས་ཐུབ་པའི་འགན་ལེན་བྱས་པ་རེད།ཅེས་བྲིས་འདུག་ཀྱང༌།    རྒྱ་ནག་གི་

དབང་འཛིན་པ་ཚོས་དམག་གཟིགས་མཛད་སྒོ་དེ་གསང་བ་ཆེན་པོའི་ངང་བྱས་ཏེ་བཀྲ་མི་ཤིས་པའི་གནས་ཚུལ་འདི་

ལྟར་བཟོས་ཡོད་སྟབས་ཤོད་ཚུལ་དེ་ཏག་ཏག་བསྡད་མེད། གལ་སྲིད་གོང་གི་རྒྱུ་མཚན་དེ་བདེན་པ་ཡིན་ན།   རྒྱ་ནག་

དབང་འཛིན་པ་ཚོས་དམག་གཟིགས་ནང་ཞུགས་མཁན་དམག་མི་དང་འདེམས་སྒྲུག་བརྒྱབ་པའི་མི་ཚོགས་ཁག་ཅིག་

ཕུད། དེ་བྱིངས་མི་ཧ་ཅང་མང་པོར་ཕྱི་ལ་ཐོན་མ་བཅུག་པར་སོ་སོའི་ཁྱིམ་དུ་བསྡད་དེ་བརྙན་འཕྲིན་བལྟ་དགོས་པའི་

བཙན་བཀའ་བཏང་དགོས་དོན་ག་རེ་ཡིན་ནམ། བདེ་འཇགས་དང་སྲུང་སྐྱོབས་རྒྱ་ནག་གི་དབང་འཛིན་པ་དང་མི་

མང་གཉིས་ཀར་དགོས་པ་ཞིག་རེད། གལ་ཏེ་དབང་འཛིན་པའི་སེམས་ནང་བདེ་འཇགས་མེད་བསམ་བཞིན་དུ་མི་

མང་རྣམས་ལ་དབང་འཛིན་པའི་ལྟ་རྟོགས་འོག་དེ་བས་ལྷིང་འཇགས་ཡོང་སྲིད་དམ།

  དེ་དང་དུས་མཚུངས་དམག་གཟིགས་རྔམ་སྟོན་དང་ཡིག་ཆ་དཀར་པོ་གཉིས་ལ་གཤམ་གསལ་གྱི་དྲི་བ་འགའ་ཡོད་

པ་སྟེ།  གལ་ཏེ་རྔམ་སྟོན་དེས་རྒྱ་ནག་གི་གྲངས་ཉུང་མི་རིགས་ཁག་འཚུད་པའི་མི་མང་ལ་བདེ་འཇགས་ཡོད་སྙམ་པའི་

གོ་བརྡ་སྤྲོད་ཀྱི་ཡོད་ན། དབང་འཛིན་པ་ཚོས་དམག་གཟིགས་མཛད་སྒོར་འགྲོ་སོང་ཧ་ཅང་ཆེན་པོ་དེ་འདྲ་བཏང་སྟེ་

མི་རྣམས་ཧ་ལས་པའི་སྟོབས་ཤུགས་མངོན་ཐབས་བྱེད་དགོས་དོན་གང་ཡིན་ནམ།

  འཛམ་གླིང་ནང་བདེ་འཇགས་ལེགས་ཤོས་ཀྱི་རྒྱལ་ཁབ་སུ་ཡིན་ལ་རྩོད་པ་རྒྱག་མཁན་ཡོད་སྲིད་ཀྱང༌། སུའི་ཛ་ལེན་

ཌེ་ནི་འཛམ་གླིང་ནང་ནས་དཔལ་ཡོན་དང་བདེ་འཇགས་ལེགས་ཤོས་ཀྱི་རྩོད་མེད་ཀྱི་རྒྱལ་ཁབ་དེ་རེད། འོན་ཀྱང་

སུའི་ཛ་ལེན་ཌི་གཞུང་ནས་རྒྱ་ནག་གཞུང་ལྟ་བུའི་སྟོབས་ཤུགས་ངོམ་ནས་སོ་སོའི་མི་མང་ལ་བདེ་འཇགས་ཡོད་སྙམ་

པའི་གོ་བརྡ་སྤྲོད་ཀྱི་མེད།

    དེ་འདྲ་བའི་དྲི་བ་ཡང་ཡིག་ཆ་དཀར་པོར་ཡོད། གལ་ཏེ་གྲངས་ཉུང་མི་རིགས་རྣམས་ཐུན་མོང་དུ་དར་རྒྱས་གོང་

འཕེལ་ངང་གནས་ཡོད་ན་ཤོག་བུ་དང་སྣག་ཚའི་འགྲོ་སོང་བཏང་དགོས་དོན་མེད། ཡར་རྒྱས་གོང་འཕེལ་ཕྱིན་ཡོད་

ན་དེ་དག་རང་བཞིན་གྱི་མངོན་ཐུབ་པ་མ་ཟད། གྲངས་ཉུང་མི་རིགས་ཚོས་རྒྱ་ནག་པེ་ཅིན་གཞུང་ལ་དུས་གཏན་དུ་

ལྷག་བསམ་རྣམ་དག་བྱེད་ཀྱི་རེད།

  བློ་ཕམ་དགོས་པ་ཞིག་ལ་པེ་ཅིན་གྱིས་རེ་བ་བྱས་པ་བཞིན་གྲངས་ཉུང་མི་རིགས་རྣམས་ལ་ཡར་རྒྱས་གོང་འཕེལ་

ཕྱིན་མེད། དེ་འདྲའི་ཡིག་ཆ་དཀར་པོ་བཏོན་པ་དེས།  རྒྱ་ནག་གཞུང་གིས་བོད་ནང་ལ་གཞི་རྒྱ་ཆེ་བའི་ངོ་ལོག་ཟིང་

འཁྲུག་རྒྱུན་མཐུད་དེ་བྱུང་བའི་རྒྱབ་ལྗོངས་ཀྱི་དངོས་ཡོད་གནས་ཚུལ་ལ་རེ་བ་ཆེན་པོ་བཏོན་ཡོད། དཔེར་ན། སྔ་ལོ་

བོད་ནང་དང་འདི་ལོའི་ཕྱི་ཟླ་བདུན་པའི་ནང་ཤར་ཏུར་ཀི་སི་ཐན་དུ་༼ ཤིན་ཅང་༽ དྲག་པོའི་ངོ་རྒོལ་བྱུང་བ་དེ་དག་

ལ་རྒྱ་ནག་གཞུང་གིས་གདུག་རྩུབ་ཆེན་པོས་དྲག་གནོན་བྱས་པ་རེད། པེ་ཅིན་གྱི་ཆེས་མཐོའི་དབང་འཛིན་པ་ཚོས་རྒྱ་

ནག་ནང་དཔལ་འབྱོར་ཡར་རྒྱས་ཕྱིན་པའི་རྐྱེན་གྱིས་གོང་གསལ་གཞི་རྒྱ་ཆེ་བའི་ངོ་རྒོལ་དེ་གཉིས་དྲག་གནོན་བྱས་པ

དེ་དག་འཛམ་གླིང་མི་མང་གིས་ལས་སླ་པོའི་ངང་ཁས་ལེན་དང་ཡིད་ཆེས་བྱེད་ཀྱི་རེད་སྙམ། གལ་ཏེ་དེ་ལྟར་མིན་ན་

རྒྱ་ནག་གི་དབང་འཛིན་པ་ཚོར་ཤོད་མི་ཕོད་པའི་གནད་དོན་ཞིག་ཡིག་ཆ་དཀར་པོའི་རྒྱབ་ཏུ་སྦ་གསང་བྱས་པ་གསལ་

པོ་མཚོན་པ་རེད།

  འདི་ནི་གསང་བའི་གཏམ་ཞིག་རེད། འདས་ལོའི་ནང་བོད་ས་ཡོངས་སུ་ཞི་བའི་ངོ་རྒོལ་བྱུང་རྗེས་རྒྱ་ནག་གཞུང་གིས་

དྲག་གནོན་འོག་མི་ཇི་ཙམ་ཤི་སྐྱོན་བྱུང་བ་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ང་ཚོར་ཤེས་ཐབས་མེད། འོན་ཀྱང་འདི་ལོ་

ཕྱི་ཟླ་༡༠ཚེས་༢༧ནང་ཚུན་དུ་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ཕྱི་ལོ་༢༠༠༨ལོའི་ཟླ་བ་༣ནས་ད་བར་བོད་

མི་༢༢༨འདས་གྲོངས་སུ་ཕྱིན་འདུག  དེའི་ནང་ནས་མི་༡༡༨ ཀྱི་མིང་དང་བཅས་པའི་ཞིབ་ཕྲའི་གནས་ཚུལ་ང་ཚོར་

ཡོད  །བོད་མི་༣༧༡བཙོན་འཇུག་ཁྲིམས་བཅད་བཏང་ཡོད་པ་དང༌། བོད་མི་༤༦༥༧འཛིན་བཟུང་ངམ་བཀག་ཉར་

བྱས་ཡོད། བོད་མི་༩༩༠གར་སོང་ཆ་མེད་དུ་གྱུར་བ་མ་ཟད། བོད་མི་༡༢༩༤ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་རེད། འདི་

དག་དངོས་ཡོད་གནས་ཚུལ་ཡིན་པ་ང་ཚོས་ཤེས་རྟོགས་ཡོད། ཁོང་ཚོ་མ་ཡིན་པའི་བོད་མི་ཇི་ཙམ་ཚེ་ལས་འདས་པ་

དང༌། བཙོན་ཁང་དུ་བཅུག་པ། སྡུག་སྦྱོང་གནར་གཅོད་འོག་ད་དུང་གནས་ཡོད་པ་སུས་ཤེས་ཐུབ་བམ།

བོད་མིར་སྤྲད་པའི་ལག་རྟགས་གསར་ཤོསཿསྲོག་ཐོག་བཏང་བ།

འདི་ལོ་ཕྱི་ཟླ་༡༠ནང་བོད་མི་ཁ་ཤས་རྒྱ་ནག་གཞུང་གི་ལྷ་སའི་དབང་འཛིན་པས་ཕྱི་ལོ་༢༠༠༨ལོའི་ཞི་བའི་ངོ་རྒོལ་

ནང་ཞུགས་པའི་ནག་ཉེས་བཙུགས་ཏེ་སྲོག་ཐོག་བཏང་བ་རེད། མི་གཉིས་སྲོག་ཐོག་བཏང་བ་ཡིན་ཞེས་རྒྱ་ནག་གཞུང་

གིས་ཁས་ལེན་བྱས་ཡོད་ཀྱང༌། རྒྱ་ནག་གཞུང་གི་གསར་འགྱུར་བརྒྱུད་ལམ་ཁག་ནང་དེའི་སྐོར་ཚིག་གཅིག་ཀྱང་བཀོད་

མེད། སྲོག་ཐོག་བཏང་རྗེས་ཕུང་པོ་དེ་དག་སོ་སོའི་ནང་མིར་རྩིས་སྤྲོད་སྐབས་གནས་ཚུལ་དེ་བོད་མིའི་སྤྱི་ཚོགས་ནང་

གཞི་ནས་ཤེས་རྟོགས་བྱུང་བ་རེད། དེ་ལྟར་འཛམ་གླིང་ཁྱོན་ཡོངས་སུ་རྒྱ་ནག་གཞུང་གིས་བོད་ནང་བོད་མའི་རང་

དབང་འཐབ་རྩོད་བྱེད་མཁན་རྣམས་ཇི་ལྟར་དམར་གསོད་གཏོང་གི་ཡོད་པའི་གནས་ཚུལ་བརྒྱུད་བསྒྲགས་བྱེད་ཀྱི་

ཡོད་ཀྱང༌། སོ་སོའོ་མི་མང་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྐོར་ཤོད་ཕོད་མཁན་ཡོད་པ་མ་རེད། ཉེ་ཆར་སྟོན་

པའི་ཡིག་ཆ་དཀར་པོ་དེས། གཞི་རྩའི་སྨྲ་བརྗོད་རང་དབང་བེད་སྤྱད་མཁན་གྱི་བོད་མི་རྣམས་སྲོག་ཐོག་བཏང་བ་སྦ་

གསང་བྱེད་མི་ཐུབ།

བདེན་པའི་ལས་ཁུངས།༽

འོན་ཏེ། ནག་ཉེས་དེ་དག་རྒྱ་ནག་པེ་ཅིན་གཞུང་གིས་མི་བདེན་རྫུན་སྒྲིག་དྲིལ་བསྒྲགས་ཀྱི་མེ་སྒྱོག་མགྱོགས་མདེལ་

རིམ་པའི་འོག་སྣོན་ཐབས་བྱེད་ཀྱི་ཡོད།   ཡིག་ཆ་དཀར་པོ་སྟོན་རྗེས་རྒྱ་ནག་དམར་ཤོག་ཚོགས་པའི་ཐབས་ཕྱོགས་

གཅིག་གྱུར་ཁང་གི་འགོ་འཛིན་གཞོན་པ་ཀྲུའུ་ཝེ་བྱོན་ལ་ཁོང་ཚོས་དྲི་བ་དྲི་ལན་ཞིབ་རྒྱས་བྱས་པ་ཞིག་རྒྱ་ནག་གཞུང་

གི་ཤིན་ཧྭ་དྲྭ་རྒྱའི་ནང་བཀོད་དེ།  འཇར་མན་གྱི་དུས་དེབ་ཕྭོ་ཀ་སི་(FOCUS) ཞེས་པའི་ནང་ཕྱི་ཟླ་༩ཚེས་༢༢ནང་

དངོས་སུ་བརྒྱུད་སྤེལ་བྱས་འདུག      དེ་ལྟར་ནང་ཁུལ་དྲི་བ་དྲི་ལན་བྱས་པ་དེ་ཕྱི་རྒྱལ་གྱི་དུས་དེབ་གྱིས་འདྲ་བཤུ་བྱ་

དགོས་པའི་རྒྱུ་མཚན་ནི། ཤིན་ཧྭ་གསར་ཁང་གིས་སོ་སོའི་འགོ་ཁྲིད་ལ་དྲི་བ་དྲི་ལན་བྱས་པ་ལས་དེར་ཕྱི་མིས་བཏོན་

ན་མི་རྣམས་ཀྱིས་ཡིད་ཆེས་ཆེ་བ་ཡོང་བའི་རེ་བ་བྱས་པ་དེ་རེད། དྲི་བ་དྲི་ལན་དེའི་ནང་ཀྲུའུ་ཝེ་བྱོན་གྱིས། ༼ བདེན་པ་

ནི་ང་ཚོར་ཡོད་པ་མ་ཟད།བོད་པའི་ཕྱོགས་ནི་རྫུན་གོས་གཡོགས་ནས་བསྡད་ཡོད་རེད།ཅེས་བཤད་འདུགདེ་ལྟ་བུའི་

རྫུན་གཏམ་ཤོད་ཕོད་པ་ནི་ཁོ་པ་ཚོའི་རང་གཤིས་མངོན་པ་རེད།

  ཀྲུའུ་ཝེ་བྱོན་གྱི་བརྡ་ག་རེ་བཏང་ཡོད་པ་གསལ་པོ་རེད། དེ་ནི་བོད་མི་མང་ལ་རང་སྐྱོང་གི་གནས་བབ་བསྒྱུར་བཅོས་

སམ་ཡར་རྒྱས་གཏོང་མི་འདོད་པ་དེ་རེད། ཀྲུའུ་ཝེ་བྱོན་གྱིས། མདོར་བསྡུས་ནས་བཤད་ན།རྒྱ་ནག་ནང་གི་གྲངས་ཉུང་

མི་རིགས་རྣམས་ལ་རང་སྐྱོང་གི་གནས་བབ་དགོས་ཀྱི་ཡོད་པ་དེ། ད་ལྟ་གནས་བབ་ག་རེ་ཡོད་པ་རང་སོར་འཇོག་དགོས་

པ་དེ་རེད།ཅེས་བཤད་འདུག

རྒྱ་ནག་གི་དམངས་ཁྲོད་སྤྱི་ཚོགས་ནང༌། མིས་ག་རེ་བཤད་པ།

རྒྱ་ནག་དམངས་ཁྲོད་ཀྱི་སྤྱི་ཚོགས་ནང་གནས་པའི་མི་སེར་དཀྱུས་མ་རྣམས་གནོན་ཤུགས་འོག་གནས་ཡོད་ཀྱང་རྒྱ་

ནག་གཞུང་གི་མཁྲེགས་སྲུང་གི་ལངས་ཕྱོགས་དེར་ཁས་ལེན་བྱས་མེད། འདས་ལོར་བོད་ནང་གཞི་རྒྱ་ཆེ་བའི་ཞི་བའི་

ངོ་རྒོལ་བྱུང་བའི་སྐབས། པེ་ཅིན་དུ་ཡོད་པའི་ཀུང་མིང་ཁྲིམས་ལུགས་ཀྱི་ཉམས་ཞིབ་ལྟེ་གནས་ཁང་(Gongmeng

Law Research Centre) གིས་བོད་རང་སྐྱོངས་ལྗོངས་ཞེས་པ་དང༌། བོད་ཀྱི་ས་གནས་གཞན་ཁག་གསུམ་ལ་ཉམས་

ཞིབ་པ་བཏང་ནས་ངོ་རྒོལ་བྱེད་དགོས་པའི་རྒྱུ་མཚན་ཇི་ཡིན་ཤེས་རྟོགས་བྱུང་ཡོད་པ་རེད། ཁོང་ཚོའི་གནས་ཚུལ་དེ་

དག་༼བོད་ཀྱི་ས་གནས་སུ་༣། ༡༤དོན་རྐྱེན་བྱུང་དགོས་པའི་སྤྱི་ཚོགས་དང་དཔལ་འབྱོར་གྱི་རྒྱུ་མཚན་ཇི་

ཡིན་གྱི་རྟོགས་ཞིབ་གནས་ཚུལ།༽(An Investigative Report into the Social and Economic Causes

of the 3.14 Incident in Tibetan Area)  ཞེས་པ་ཞིག་ཕྱི་ཟླ་ལྔ་པའི་ནང་སྟོན་ཡོད་པ་རེད། དེའི་ནང་བཀོད་

དོན། བོད་མིའི་ནང་རྒྱལ་ཞེན་ཤུགས་ཆེན་བྱུང་རྐྱེན་ནི་ལྐོག་ཟ་རལས་བསྲུང་དར་ཁྱབ་ཆེན་པོ་ཡོད་པར་བརྟེན་ ༼སྐུ་

དྲག་གསར་པ་མང་པོ་འཕེལ་གྱི་ཡོད་པ་དེ་དག་པེ་ཅིན་གྱི་དངུལ་ལས་བྱུང་བ་ཡིན།   འོན་ཀྱང་བོད་ནང་གི་རྙོག་

འཛིན་བྱུང་བ་ཚང་མ་ཁ་བྲལ་བར་ཉེས་གཡོག་བྱེད་ཀྱི་ཡོད་པ་རེད་ཅེས་དང། རྟོགས་ཞིབ་གནས་ཚུལ་དེའི་ནང་བོད་

ཀྱི་གནད་དོན་སེལ་ཆེད་རྒྱ་གཞུང་ལ་ཐབས་ལམ་དགུ་སྟོན་ཡོད་པ་རེད།ཐབས་ལམ་དང་པོ་ནི། ༼བོད་མི་རིགས་ཀྱི་

དཀའ་ངལ་ལ་ཉན་འཇོག་བྱས་ཏེ། དཀའ་ངལ་དེ་དག་སེལ་ཐབས་དང༌། ཁོང་ཚོའི་འདུན་པ་དང་ཁེ་དབང་ལ་སྲུང་

བརྩི་དགོས་པ་མ་ཟད། ཡར་རྒྱས་ཀྱི་འཆར་གཞི་ག་རེ་སྟོན་དགོས་ཀྱང་བོད་མིའི་འདོད་པ་དང་དགོས་མཁོར་བསྟུན་

དགོས།ཅེས་བཀོད་འདུག

  བསམ་འཆར་གསུམ་པའི་ནང༌།མི་རིགས་ས་གནས་རང་སྐྱོང་གི་སྲིད་བྱུས་ལག་ལེན་འཁེལ་ཐབས་ས་གནས་ནང་

ནུས་ལྡན་གྱི་བལྟ་རྟོག་དང་ཡར་རྒྱས་གཏོང་དགོས་པ་དང༌། འཛིན་སྐྱོང་ནང་མང་གཙོའི་ལམ་ལུགས་ཡོང་ཆེད་

དབང་ཆ་བགོ་འགྲེམས་ཀྱི་ལས་གཞི་མགྱོགས་མྱུར་དུ་གཏོང་དགོས་པ། ལྐོག་ཟ་རུལ་སྲུང་བྱེད་མཁན་དང་འཇོན་

ཐང་མེད་པའི་གཞུང་འཛིན་ལས་བྱེད་པ་དེ་དག་ཕྱིར་འབུད་དང༌། ལྷག་པར་དུ་སྤྱི་ཚོགས་ཀྱི་དཀའ་ངལ་དེ་དག་

ཁ་བྲལ་ལ་ངོ་རྒོལ་བྱེད་ཁུལ་གྱི་མིང་འཁྱེར་མཁན་གྱི་ལས་བྱེད་དེ་དག་མུ་མཐུད་ནས་ལས་ཀར་མི་འཇོག་པ།༽ ཅེས་

བཀོད་འདུག

  རྟོགས་ཞིབ་སྙན་ཐོ་དེའི་ནང་རྒྱ་གཞུང་ལ་བོད་ནང་ཁྲིམས་མཐུན་གྱི་གཞུང་འཛིན་སྐྱོང་བྱེད་དགོས་ཞེས་བསམ་

འཆར་སྟོན་འདུགཀྲུའུ་ཝེ་བྱོན་གྱིས།བོད་ནང་ཆོས་དད་རང་མོས་རྒྱ་ནག་གི་ས་ཁུལ་གཞན་དུ་ཡོད་པ་ནང་བཞིན་

ཡོད་པ་ལས་དེ་དག་ལ་འགོག་རྐྱེན་བྱེད་ཀྱི་མེད། ཆོས་ལུགས་ཀྱི་སྲིད་བྱུས་ཡང་རྒྱ་ནག་ནང་ག་རེ་ཡོད་པ་དེ་བོད་ནང་

ལག་ལེན་བྱེད་ཀྱི་ཡོད།ཅེས་བཤད་འདུག

  འོན་ཀྱང་རྟོགས་ཞིབ་སྙན་ཐོ་དེའི་ནང་དེ་ལས་ལྡོག་པ་བརྗོད་འདུག  རྟོགས་ཞིབ་པ་ཚོས་རྒྱ་ནག་གཞུང་ལ་ཆོས་

དད་རང་མོས་ནི་བོད་རིགས་ཚོའི་མི་ཚེའི་ནང་དགོས་ངེས་ཅན་ཡིན་སྟབས་ཆོས་དད་རང་མོས་ལ་བརྩི་སྲུང་དང༌།

ཆོས་ལུགས་སྲིད་བྱུས་ལག་བསྟར། དེ་བཞིན་ཆོས་ཀྱི་བྱ་བཞག་ལ་རྒྱབ་སྐྱོར་བྱེད་དགོས། ཞེས་བསམ་ཚུལ་སྟོན་འདུག

རྒྱ་ནག་གཞུང་གི་དྲིལ་བསྒྲགས་དེར་རྒྱལ་ནང་གི་ལྟ་ཚུལ།

རྒྱ་ནག་གཞུང་གི་ཁྱོག་བཤད་དྲིལ་བསྒྲགས་དེའི་སྐོར་དཔལ་འབྱོར་རིག་པའི་དུས་དེབ་ (The Economist) ནང༌།

རྒྱ་ནག་གི་རྒྱལ་སྤྱིའི་ནང་འགན་འཁྱེར་མཁན་དང༌། གཞན་ལ་ཉེན་ཁ་མི་བཟོ་མཁན། མ་འོངས་པར་སྟོབས་ཆེན་རྒྱལ་

ཁབ་ཅིག་ཆགས་རྒྱུ་ཡིན་པ་མཐོང་ཚུལ་བཟོ་འདོད་ཡོད་ཀྱང༌། རྒྱ་ནག་གཞུང་གི་ལས་བྱེད་པ་རེ་ཟུང་གི་སྤྱོད་ཚུལ་ལ་

བརྟེན་མཐོང་ཚུལ་དེ་ལྟར་བཟོ་ཐུབ་མེད། གཅིག་གིས་ཕྱིའི་རྒྱལ་ཁབ་ནས་རྒྱ་ནག་གཞུང་གི་ཆབ་སྲིད་བཙོན་པར་སྡུག་

སྦྱོང་དང་དྲག་གནོན་བྱས་པར་ངོ་རྒོལ་བྱས་ན།     དེར་དངངས་ཚབ་ཆེན་པོས་ཁུངས་མེད་ཀྱིས་ལན་འདེབས་བྱས་ཏེ་

འགེབས་སྲུང་བྱེད་པ་དང༌། ཕྱིའི་རྒྱལ་ཁབ་སུ་འདྲ་ཞིག་གིས་ྋགོང་ས་མཆོག་གདན་ཞུ་ཕུལ་ན་དེར་རྒྱ་ནག་དམར་ཤོག་

གི་དུག་ལྟར་བརྩི་བགྱི་ཡོད་པ་རེད།ཅེས་བཀོད་འདུག

  རྒྱ་ནག་གུང་ཁྲན་ཏང་གི་མིའི་མིག་ལམ་དུ་ཁོ་པ་ཚོའི་གཟུགས་བརྙན་དེ་གལ་ཆེར་བརྩིས་ཡོད། དེ་ལྟར་བྱེད་དགོས་

དོན་ནི། ཕྱིའི་མིའི་ཆེད་དུ་མིན་པར་སོ་སོའི་མི་དམངས་ཀྱི་ཆེད་དུ་ཡིན་པ་རེད། གང་ཡིན་ཞེ་ན། རྒྱལ་སྤྱིའི་ནང་རྒྱ་ནག་

གི་ལྐོག་རྔན་དང༌། དབང་ཤུགས་བེད་སྤྱད་དེ་ལས་དོན་སྒྲུབ་ཀྱི་ཡོད། པེ་ཅིན་གཞུང་གི་ཉེ་བའི་ཉམས་མྱོང་ལ་གཞིགས་

ན། ལྐོག་རྔན་དང་དབང་ཤུགས་བེད་སྤྱོད་བྱ་རྒྱུ་དེ་ལས་དོན་བསྒྲུུབ་པའི་ཐབས་ཇུས་ཤིག་ལ་བརྩིས་ཡོད་འདུག་ཀྱང༌།

ཐབས་ལམ་དེ་སོ་སོའི་མི་མང་གི་ཐོག་ཡུན་རིང་བེད་སྤྱོད་བྱེད་དྲག་པར་བརྟེན།ད་ལྟའི་ཆར་དེའི་ནུས་པ་ཇེ་ཞན་ཇེ་

ཆུང་དུ་ཕྱིན་ཡོད། དཔེར་ན།  ཀུང་མེང་ཁྲིམས་ལུགས་ཉམས་ཞིབ་ལྟེ་གནས་ཁང་གིས་སོ་སོའི་དཀའ་ངལ་ལ་མི་ལྟོས་

པར་བོད་ནང་རྒྱ་ནག་གིས་བདེན་པ་མིན་པའི་དྲིལ་བསྒྲགས་ལ་གདོང་ལེན་ཐེར་བཏོན་བྱས་པ་རེད། བློ་ཕམ་པ་ཞིག་

ལ་ཁྲིམས་ལུགས་ཉམས་ཞིབ་ཁང་དེ་སྒོ་རྒྱབ་དགོས་བྱུང་བ་དང༌། དེའི་འགན་འཛིན་འཛིན་བཟུང་བྱས་ཏེ་རྗེས་སུ་གློད་

བཀྲོལ་བཏང་ཡོད་པ་རེད།

  དེ་ལྟ་བུའི་རྒྱ་མི་རིགས་ཀྱི་རྒྱུན་ཤེས་གོང་འཕེལ་དང་བློ་རིག་ལྡན་པའི་བསམ་བློའི་འབོད་སྒྲ་ཆེ་རུ་འགྲོ་བཞིན་ཡོད།

འདི་ལོ་ཕྱི་ཟླ་༨པའི་ཚེས་༦ནས་༨བར་སུའི་ཛ་ལེན་ཌིའི་རྒྱལ་ས་འཇི་ནི་ཝར་ཕྱི་རྒྱལ་ཡུལ་ཁག་ཏུ་ཡོད་པའི་རྒྱ་རིགས་

མཁས་པ་དང༌། འགྲོ་བ་མིའི་ཐོབ་ཐང་རྩོད་མཁན། བཙན་བྱོལ་བོད་མི་བཅས་དབར་ཚོགས་པའི་༼ཐུན་མོང་གི་གཞི་

རྟེན་འཚོལ་བ།༽ཞེས་པའི་ཚོགས་ཆེན་གྱིས་ཡིག་ཆ་ཞིག་སྟོན་པ་དེའི་ནང༌།ད་ལྟའི་བོད་ཀྱི་གནད་དོན་གྱི་འབྱུང་རྩ་

ནི་བོད་རྒྱ་མི་རིགས་གཉིས་དབར་གྱི་གདོང་ཐུག་ལས་བྱུང་བ་ཞིག་མིན་པར།རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་

ཀྱིས་བོད་ལ་ལག་བསྟར་བྱས་པའི་སྲིད་དབང་སྒེར་སྡོམ་གྱི་དབང་བསྒྱུར་དང༌། རིག་གཞུང་སྟེང་མི་རིགས་རྩ་གཏོར་

གྱི་བྱེད་བབ་ལས་བྱུང་བ་ཞིག་ཡིན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས།བོད་ནི་གནའ་སྔ་མོ་ནས་བཟུང་རྒྱ་

ནག་གི་ཆ་ཤས་ཤིག་ཡིན་ཞེས་སྒྲོག་བཞིན་པ་དེ་ནི་ལོ་རྒྱུས་ཀྱི་དོན་དངོས་དང་མཐུན་གྱི་མེད།ཅེས་བཀོད་ཡོད།

  ཚོགས་ཆེན་དེའི་ནང༌།བོད་ཀྱི་རིག་གཞུང་ནི་འགྲོ་བ་མིའི་རིག་གཞུང་སྣེ་མང་ཁྲོད་ཀྱི་ནོར་བུ་ཁྱད་འཕགས་ཤིག་

ཡིན། བོད་ལ་རང་དབང་མེད་ན།རྒྱ་ནག་ལའང་རང་དབང་མེད།ཅེས་གྲོས་ཐག་བཅད་ཡོད་པ་རེད། རྒྱ་ནག་གཞུང་

གིས་ཡིག་ཆ་དཀར་པོ་ཇི་ཙམ་སྟོན་ནའང༌། རྒྱ་མི་རིགས་སྤྱི་མང་གི་གླེང་ཕྱོགས་དེ་བས་ཀྱང་དེང་དུས་སུ་ཕྱོགས་པའི་

འཕེལ་ཕྱོགས་འགོག་མི་ཐུབ། རྒྱ་ནག་མི་མང་གི་དགོས་དོན་ནི། རྒྱ་ནག་གཞུང་དེ་བས་ཕྱི་གསལ་ནང་གསལ་དགོས་

རྒྱུ་དང༌། རྒྱ་ནག་མི་མང་རང་ཉིད་ཀྱི་འདོད་བློ་དང་བསྟུན་ཐུབ་པ་མ་ཟད།   གྲངས་ཉུང་མི་རིགས་རྣམས་ཀྱི་ཆེས་

མཐོང་ལ་བརྩི་བཀུར་དང༌། ཁོང་ཚོ་རང་དབང་ངང་འཚོ་གནས་ཐུབ་རྒྱུའི་རེ་འདུན་དང་ལེན་བྱ་རྒྱུ་དེ་ཡིན།   དེ་

བྱུང་ན་རྒྱ་ནག་སྤྱི་ཡོངས་ལ་བརྟན་བརླིང་དང་དར་རྒྱས་ཡོང་རྒྱུའི་རྨང་གཞི་སྲ་བརྟན་ཞིག་འཛུགས་ཐུབ་ངེས་རེད།

  འདི་ནི་པེ་ཅིན་གཞུང་གིས་ངེས་པར་དུ་ཐག་གཅོད་བྱ་རྒྱུར་འབད་བརྩོན་བྱེད་དགོས་པ་ལས། ཕྱོགས་གཅིག་ནས་

ཡིག་ཆ་དཀར་པོ་ཞིག་སྟོན་པ་དང༌། ཕྱོགས་གཞན་ཞིག་ནས་བོད་མིར་སྲོག་ཐོག་བཏང་ན་ཁྲིམས་མཐུན་གྱི་གཞུང་

འཛིན་ཞིག་མ་རེད། ཨ་རིའི་སྲིད་འཛིན་ཨིབ་རཧིམ་ལིན་ཀོན་ (Abraham Lincoln) གྱི་གསུངས་བཤད་ཅིག་ཇི་

བཞིན་ལུང་འདྲེན་བྱས་ན།མི་འགའ་ཞིག་དུས་ཐུང་ངང་ཉོ་ཐུབ་པ་དང༌། མགོ་བསྐོར་ཐུབ་པ།བཙན་དབང་བཏང་

ཐུབ་ཀྱི་རེད།ཡིན་ནའང༌། མི་ཚང་མ་དུས་རྟག་དུ་ཉོ་ཐུབ་པ་དང༌། མགོ་བསྐོར་བཏང་ཐུབ་ཀྱི་མ་རེད་ལ།བཙན་པོ་

དབང་ཡོད་དེ་བས་ཀྱང་གཏང་ཐུབ་ཀྱི་མ་རེད།ཅེས་པ་ལྟར་ཡིན།

༼ ཁ་བྲལ་བེད་སྤྱད་ནས་ཁ་བྲལ་༽ལ་རྒོལ་བ།

རྒྱ་ནག་པེ་ཅིན་གཞུང་གི་དབང་འཛིན་པ་ཚོས་ད་ཕན་གཡོ་སྒྱུའི་སྲིད་བྱུས་ལམ་ལྷོང་མ་བྱུང་བའི་ཐོག་ནས་དུས་རྟག་

ཏུ་ཁྲིམས་མཐུན་གྱི་བརྟན་བརླིང་དེ་མགོ་སྐོར་གྱི་ལམ་ནས་ཉོ་མ་ཐུབ་པ་དང༌། སླུ་བྲིད་བྱེད་མ་ཐུབ་པ་གསལ་པོ་ཤེས་

རྟོགས་བྱུང་ཡོད་སྟབས། ཁོ་པ་ཚོས་ྋགོང་ས་མཆོག་ལ་གཞི་མེད་རྣ་བ་གཟན་པོའི་ཚིག་རྩུབ་ཀྱི་མཚན་སྨད་ཞུ་རྒྱུའི་

སྐད་ཤུགས་ཇེ་ཆེར་གཏོང་བཞིན་ཡོད། མིག་སྔར་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱེད་ཡུལ་ནི། བོད་མི་བཙན་བྱོལ་

བས་བཙུགས་པའི་མང་གཙོའི་སྒྲིག་འཛུགས་འདི་རེད། རྒྱ་ནག་གཞུང་གིས་བཙན་བྱོལ་དུ་བཙུགས་པའི་མང་གཙོའི་

སྒྲིག་འཛུགས་འདི་རྫུན་མ་དང༌། དེའི་དབང་ཆ་ཚང་མ་ྋགོང་ས་མཆོག་ལ་ཡོད་ཚུལ་ཁྱོག་བཤད་བྱེད་ཀྱི་ཡོད་པ་

རེད།

  ཉེ་ཆར་རྒྱ་ནག་གཞུང་གིས་གཞི་རྩའི་མེད་པའི་སྐྱོན་བརྗོད་དེ་ཕྱི་ལོ་༢༠༠༩ཟླ་༡༠ཚེས་༢༨ཉིན་གཞུང་གཉེར་གྱི་

མི་མང་ཉིན་རེའི་ཚགས་པར་ཞེས་པའི་ནང༌།ཏཱ་ལའི་ཡིས་མང་གཙོའི་ལག་ལེན་ནི་དགོད་བྲོ་བའི་གཏམ་ཞིག་རེད།

(Dalai's Democracy Practices are Laughing Stock) ཅེས་འགོ་བརྗོད་དུ་འཁོད་པའི་རྩོམ་ཡིག་དེ་རེད།

བཙན་བྱོལ་བོད་ཀྱི་གྲོས་ཚོགས་ཀྱི་ལས་རིམ་ཚང་མ་ཕྱི་གསལ་ནང་གསལ་གྱིས་བརྙན་འཕྲིན་ནང་ཐད་ཀར་སྟོན་གྱི་

ཡོད་སྟབས། མི་མང་ཉིན་རེའི་ཚགས་པར་གྱི་གསར་འགོད་པས་བོད་མི་མང་སྤྱི་འཐུས་རྣམས་གནད་དོན་ག་རེའི་དོན་

དུ་ཕྱིར་ཐོན་པ་ཤེས་འདོད་ཡོད་ན་ལས་སླ་པོའི་ངང་ནས་ཤེས་རྟོགས་ཐུབ་རྒྱུ་རེད།

  ཡིན་ན་ཡང༌། རྒྱ་ནག་གཞུང་གཉེར་གྱི་ཚགས་པར་དེས་དངོས་དོན་མ་ཤེས་པའི་ཚུལ་གྱིས་སྤྱི་འཐུས་རྣམས་ཕྱིར་ཐོན་

པ་དེར་ཧ་ལས་ཧང་སངས་ལྟ་བུ་བྱས་འདུག  གལ་སྲིད་དེ་ལྟར་མིན་ན་གསར་འགོད་པ་དེའི་མང་གཙོའི་འགྲོ་སྟངས་

སྐོར་ཅི་ཡང་ཤེས་རྟོགས་མེད་པ་གསལ་པོ་རེད། མང་གཙོ་ནི་སོ་སོའི་འདུན་པ་ལྟར་བྱ་རྒྱུ་ཡོད་པ་དེ་ཡིན། བོད་མི་མང་

སྤྱི་འཐུས་ཁག་ཅིག་ཕྱིར་ཐོན་པ་དེར་བེད་སྤྱོད་ལོག་པར་བཏང་སྟེ།བཙན་བྱོལ་བོད་མིས་མང་གཙོའི་ལམ་སྲོལ་བཙུགས་

པ་དེ་རྫུན་བཟོ་ལྟ་བུ་ཁྱོག་བཤད་བྱས་པ་ནི་བདེན་པ་མ་རེད། སྤྱི་འཐུས་རྣམས་ཕྱིར་ཐོན་བྱས་པ་དེས་མང་གཙོའི་ལམ་

ལུགས་དང་སོ་སོའི་རང་དབང་བེད་སྤྱོད་བྱེད་ཤུགས་ཆེ་རུ་ཕྱིན་པ་མཚོན་ཡོད། དེས་བོད་མི་མི་རེ་ངོ་རེར་སྤོབས་སེམས་

སྐྱེས་པའི་གསོན་ཤུགས་བྱིན་ཡོད་པ་རེད།

  མི་དམངས་ཉིན་རེའི་ཚགས་པར་ཞེས་པའི་གསར་འགོད་པ་སུ་ཞིག་ཀྱང་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་ལས་

རིམ་སྐོར་གསར་འགྱུར་བཀོད་ཆེད་རྡ་རམ་ས་ལར་སླེབས་མེད། ཚོགས་དྲུང་ལས་ཁུངས་ཀྱི་དྲུང་ཆེས་གསར་འགོད་པ་

སུ་སླེབས་པ་ཐོ་བཀོད་བྱས་པར་གཞིགས་ན། རྒྱ་ནག་གཞུང་གི་གསར་འགོད་པ་སླེབས་མེད་པའི་ཁུངས་བསྐྱེལ་གནང་

ཡོད། ང་ཚོས་ཤེས་རྟོགས་བྱུང་གསལ་ལ་མི་དམངས་ཉིན་རེའི་ཚགས་པར་ནང་གི་དགོད་བྲོ་བའི་གསར་འགྱུར་དེ་རྒྱ་

ནག་གཞུང་གཉེར་བོད་ཀྱི་གནས་ཚུལ་ཁྱབ་སྤེལ་ཁང་ནས་སྤེལ་བ་ཞིག་རེད་འདུག    གསར་འགྱུར་དེ་བཞིན་རྐུབ་

སྟེགས་སྟེང་ལ་བསྡད་དེ་བསམ་ཚོད་ཀྱི་རྒྱ་ཡིག་ནང་བྲིས་པ་གསལ་པོ་རེད། དཔེར་ན།   བོད་མི་མང་སྤྱི་འཐུས་ལྷན་

ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་དང༌།    བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ།

བོད་ཀྱི་རྩོམ་པ་པོ་འཇམ་དབྱངས་ནོར་བུ་བཅས་ཀྱི་མིང་གི་དག་ཆ་ཡང་ནོར་ནས་བྲིས་འདུག་པ་མ་ཟད། ནོར་ཝེ་

བོད་ཀྱི་རླུང་འཕྲིན་ཁང་གི་མིང་ཡང་ནོར་ཝེ་བོད་ཀྱི་སྐད་སྒྲཅེས་ནོར་ཏེ་བྲིས་འདུགདེར་རྟེན་ནོར་ཝེ་བོད་ཀྱི་སྐད་

སྒྲ་ཅེས་པ་ག་རེ་ཡིན་མིན་དང༌། དེ་སུའི་སྐད་ཡིན་མིན། དེ་ནོར་ཝེ་ནང་ག་རེ་བྱེད་ཀྱི་ཡོད་མིན་བཅས་ང་ཚོས་ཤེས་

འདོད་ཡོད།

  མི་དམངས་ཉིན་རེའི་ཚགས་པར་ནང་མངོན་གསལ་དོད་པོ་དེ་ལྟ་བུའི་འགན་འཁུར་མེད་པའི་ནོར་འཕྲུལ་དང༌།

ཁུངས་མེད་གནས་ཚུལ་བཀོད་ཡོད་སྟབས། རྒྱ་ནག་མི་མང་རྣམས་ལ་ཚགས་པར་དེའི་ནང་འགྲིག་པ་ག་རེ་ཡོད་མིན་

དྲི་སྐབས་ཁོང་ཚོའི་ལན་ནི། འགྲིག་པ་གཅིག་ཡོད་པ་དེ་ཚེས་གྲངས་ཁོ་ན་རེད་ཅེས་བཤད་ཡོད་འདུག

  དེ་མིན་ད་དུང་འགོ་བརྗོད་དུ་བོད་ཀྱི་ཁ་བྲལ་རིང་ལུགས་པས་ཏཱ་ལའི་ཡི་མང་གཙོ་ཁུངས་མེད་ཀྱི་ཚང་བརྟོལ་བ་

  Tibetan Separatist Exposes Dalai Lama's 'democracy myth’ ཞེས་པའི་རྩོམ་ཡིག་གཞན་ཞིག་རྒྱ་ནག

བོད་ཀྱི་གནས་ཚུལ་ཁྱབ་སྤེལ་ཁང་ www.chinatibet.poeple.co.cn  གིས་འགོད་སྤེལ་བྱས་འདུགདེའི་ནང་འཇམ་

དབྱངས་ནོར་བུས་བྲིས་པའི་་འགོ་བརྗོད་དུ་ ༼བསྒུགས་བསྡད་པའི་དམངས་གཙོ་(Waiting for Mangtso) ཞེས་པའི་

རྩོམ་ཡིག་ནང་ནས་ཡིག་འབྲུ་མང་པོ་རང་འདོད་ལྟར་བེད་སྤྱོད་བྱས་འདུག་ཀྱང༌། འཇམ་དབྱངས་ནོར་བུའི་རྩོམ་ཡིག་

དེ་ཕ་ཡུལ་དྲ་རྒྱའི་ (www.phayul.com) ནང་ཆ་ཚང་གང་ཡིན་པ་ཤེས་ཐུབ་རྒྱུ་རེད།

  མི་རྣམས་ཡ་མཚན་སྐྱེས་དགོས་པ་ཞིག་ལ།   རྒྱ་ནག་གཞུང་གིས་༼ཁ་བྲལ་བ་གཅིག་གི་ག་རེ་བཤད་པ་བེད་སྤྱད་དེ་

ཁ་བྲལ་བགཞན་ཞིག་ལ་རྒོལ་གྱི་ཡོད་པ་དེ་རེད། རིག་གནས་གསར་བརྗེའི་སྐབས་སུ་རྒྱ་ནག་ནང་རྒྱ་མི་མང་པོས་དར་

དམར་འཁྱེར་ནས་དར་དམར་ལ་ངོ་རྒོལ་བྱས་པ་དེ་ནི། མའོ་ཙེ་ཏུང་གི་མིང་བེད་སྤྱད་ནས་མའོ་ཁོ་རང་ལ་ངོ་རྒོལ་

བྱས་པ་དང་མཚུངས་ཤིང༌། རྒྱ་ནག་གཞུང་གིས་འཇམ་དབྱངས་ནོར་བུ་དང་དེའི་སྔོན་ཙམ་བོད་ཀྱི་གཞོན་ནུ་ལྷན་

ཚོགས་བེད་སྤྱད་བཞིན་པ་དེས་རྒྱ་ནག་གཞུང་ཇི་ཙམ་འུ་ཐུག་པ་མཚོན་པ་རེད། འཇམ་དབྱངས་ནོར་བུ་ནི། བོད་

རང་བཙན་རྩོད་ལེན་པ་ཞིག་ཡིན་པ་དེར་ཁོང་རང་ཉིད་སྤོབས་པ་བྱེད་ཀྱི་ཡོད། རྒྱ་ནག་གཞུང་གིས་ཁོང་གི་རྩོམ་ཡིག་

བེད་སྤྱོད་ལོག་པ་བྱས་ཏེ། བཙན་བྱོལ་བོད་གཞུང་ནང་མང་གཙོའི་སྒྲིག་སྲོལ་ལག་ལེན་བྱེད་བཞིན་པར་ངོ་རྒོལ་བྱས་

པ་བརྒྱུད་ྋགོང་ས་མཆོག་གི་མང་གཙོའི་ཐད་ཀྱི་རླབས་ཆེན་གྱི་གྲུབ་འབྲས་ལ་དམའ་འབེབས་བཏང་བ་དེས། ཐེངས་

འདིའི་རྒྱ་ནག་མི་མང་དང་བོད་མིའི་སེམས་པ་མགུ་བའི་འགྲན་རྩོད་ནང་པེ་ཅིན་གཞུང་ཕམ་ཉེས་ཤོར་ཡོད་པ་གསལ་

པོ་མངོན་པ་རེད།

  མང་གཙོ་དང་གདམ་ག་བྱེད་པའི་ལམ་ལུགས་ནི། བཙན་བྱོལ་བོད་མི་རྣམས་ལ་ྋགོང་ས་མཆོག་ནས་གསོལ་རས་

སྩལ་བའི་ཕྱག་རྟགས་ཆེ་ཤོས་ཤིག་ཡིན། ལམ་ལུགས་དེ་རྒྱུད་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་གཞི་རྩའི་འགྱུར་བ་

ཆེན་པོ་དང་ནུས་སྟོབས་ཆེན་པོ་བྱིན་ཡོད། དེས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་བོད་རིགས་གཞོན་སྐྱེས་རྣམས་ལ་རང་

གི་ཕུགས་བསམ་བསྒྲུབ་ཆེད་ཁོང་ཚོའི་ནུས་པ་འདོན་སྤེལ་བྱ་རྒྱུའི་སྐུལ་སྤེལ་བྱུང་སྟེ། བརྒྱུད་རིམ་དེའི་ནང་བཙན་བྱོལ་

གྱི་སྤྱི་ཚོགས་འདིའི་གོང་བུའི་ནུས་པ་འཕེལ་རྒྱས་ཡོང་རྒྱུར་ལེགས་སྐྱེས་ཕུལ་ཐུབ་པ་བྱུང་ཡོད། འོན་ཀྱང༌། པེ་ཅིན་

གཞུང་གི་དབང་འཛིན་པ་ཚོས་རྒྱ་ནག་མི་མང་ལ་དེ་ལྟ་བུའི་རང་དབང་མི་སྤྲོད་པ་མ་ཟད། མང་གཙོའི་ལམ་ལུགས་

དེ་རྒྱ་ནག་མི་རིགས་ཀྱི་ཉེན་ཁ་བཟོ་མཁན་ལྟ་བུར་བརྩིས་ཀྱི་ཡོད། དེར་བརྟེན་པེ་ཅིན་གཞུང་གིས་ཆ་རྒྱུས་མེད་པའི་

མང་གཙོའི་ལམ་ལུགས་ལ་རྟག་ཏུ་ཁྱི་ལྟར་སྐད་ངན་ཤོར་གྱི་ཡོད་པ་རེད། 

                                                བོད་གཞུང་དྲ་གནས་སུ་བཤུས་ནས་ཡིག་བསྒྱུར་བྱེད་པ་ཡིན།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།