གྲོས་མོལ་ཐེངས་༡༣

10/08/2009 09:16

རྒྱ་གར་དང་རྒྱ་ནག་བར་གྱི་ས་མཚམས་གྲོས་མོལ་ཐེངས་༡༣པ།

རྒྱ་དཀར་ནག་གཉིས་དབར་ས་མཚམས་དཀའ་རྙོག་སེལ་ཐབས་སུ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་གྲོས་མོལ་ཐེངས་བཅུ་

གསུམ་པ་དེ་གནང་ཡང་གྲུབ་འབྲས་ཐོན་པའི་རྣམ་པ་མེདཁར་ཕྱོགས་གཉིས་ཀས་གྲོས་མོལ་གྱི་ལ་དོན་གྲུབ་འབྲས་

སྐོར་བཀའ་མོལ་གནང་རྒྱུར་འཛེམས་ཟོན་གནང་གི་ཡོད་པ་རེད།ལྷོ་རྒྱ་ནག་སྔ་དྲོའི་ཕོ་ཉ་ཞེས་པའི་གསར་ཤོག་ཐོག་

གནས་ཚུལ་སྤེལ་བར་གཞིགས་ན་རྒྱ་ནག་གི་གྲོས་མོལ་སྐུ་ཚབ་པ་ཏའེ་པིང་ཀུའོ་ཡིས་རྒྱ་གར་གྱི་མངའ་སྡེ་ཨ་རུ་ན་

ཅལ་པཱར་རྡེཤ་ཡི་རྟ་དབང་ས་ཁུལ་གྱི་བདག་དབང་རྒྱ་ནག་ལ་རྩིས་སྤྲོད་དགོས་ལུགས་བཤད་ཡོད་པ་རེད།

 

མོན་རྟ་དབང་ནི་རྒྱལ་མཆོག་སྐུ་ཕྲེང་དྲུག་པ་ཚ་དབྱངས་རྒྱ་མཚོ་འཁྲུངས་ཡུལ་ཡིན་པས་བོད་རིགས་རྣམས་ཀྱི་གཙིཌ་

་ཆེར་འཛིན་པའི་གནས་ཤིག་ཏུ་འགྱུར་ཡོད་པ་རེད།    ཕྱི་ལོ་༡༩༥༩ལོར་རྒྱ་ནག་གུང་གྲན་ཏང་གིས་དམག་མིས་རྒྱ་

གར་ལ་བཙན་འཛུལ་བྱས་སྐབས་རྟ་དབང་ས་ཁུལ་བརྒལ་ནས་དམག་མི་འཛུལ་ཡོད་ཀྱང་གང་མྱུར་ཕྱིར་འཐེན་བྱས་

པ་རེད། རྒྱ་དཀར་ནག་གཉིས་དབར་ས་མཚམས་གྲོས་མོལ་ཐེངས་བཅུ་གཉིས་པ་དེ་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་

གནང་ཡོད་པ་དང་ཐེངས་བཅུ་གསུམ་པ་དེ་རྒྱ་གར་རྒྱལ་ས་ལྡི་ལིར་བདུན་ཕྲག་སྔོན་མའི་རེས་གཟའ་ཕུར་བུ་ཉིན་

གནང་ཡོད་ཀྱང་འདི་ཡིན་གྱི་གྲུབ་འབྲས་སྟོན་རྒྱུ་མེད་པ་རེད། རྒྱ་གར་གྱི་གྲོས་མོལ་ཚོགས་ཆུང་གི་འགོ་ཁྲིད་རྒྱལ་

སྲུང་སློབ་སྟོན་པ་ཨེམ་ཀེ་ན་ར་ཡན་ཡིན་པ་རེད།

རྒྱ་གར་གྱི་བྱང་ཤར་ཨ་རུ་ན་ཅལ་པར་རྡེཤ་ནས་ཀི་ལོ་མི་ཊར་གྲུ་བཞི་མ་དགུ་ཁྲི་ཙམ་གྱི་བདག་དབང་རྒྱ་ནག་ཡོད་

ལུགས་བརྗོད་ཀྱི་ཡོད་པ་དང་རྒྱ་གར་གྱི་ནུབ་བྱང་ཁུལ་གྱི་ཨཀ་སའེ་ཆིན་ཞེས་པའི་རི་བརྒྱུད་ཀྱི་ས་ཁྱོན་ཀི་ལོ་མི་ཊར་

གྲུ་བཞི་མ་བཞི་ཁྲི་སུམ་སྟོང་བརྒྱ་དང་བརྒྱད་ཅུ་སྐོར་རྒྱ་གར་ལ་བདག་ཚུལ་བརྗོད་ཀྱི་ཡོད་པ་རེད།     རྒྱ་དཀར་ནག་

གཉིས་དབར་གྱི་ས་མཚམས་རྩོད་རྙོག་དེ་ནི་རྒྱ་ནག་གུང་གྲན་ཏང་གི་དམག་མིས་ཕྱི་ལོ་༡༩༥༩ལོར་བོད་ལ་བཙན་

འཛུལ་དང་དབང་བསྒྱུར་བདག་བཟུང་བྱས་པ་ནས་བྱུང་བ་ཞིག་ཡིན་པ་རེད།

ཡང་ཧོང་ཀོང་གི་གསར་ཤོག་མིང་པའོ་ཞེས་པའི་ནང་གནས་ཚུལ་ཐོན་པར་གཞིགས་ན་རྒྱ་ནག་གཞུང་གིས་བདག་

ཚུལ་བརྗོད་པའི་རྒྱ་གར་གྱི་ས་ཁྱོན་ནས་བརྒྱ་ཆ་ཉི་ཤུ་རྩ་དགུ་རྒྱ་ནག་ལ་རྩིས་སྤྲོད་བྱུང་ན་འགྲིག་འཇགས་བྱེད་འདོད་

ཡོད་ལུགས་བརྗོད་པའི་སྐོར་གནས་ཚུལ་བཀོད་ཀྱང་རྒྱ་ནག་གཞུང་གི་སྐུ་ཚབ་ཀྱིས་གནས་ཚུལ་དེ་བདེན་པ་མིན་ལུཌ་

གསར་འགོད་པར་གསལ་བཤད་གནང་ཡོད་པ་རེད༎

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།