ང་།
10/03/2009 17:18
ང༽
ང་འཇིན་རྟེན་པའི་ཡོད་ཚད་དེ་
སུས་ཀྱང་ངོ་མི་ཤེས་པའི་ང་
སུ་དང་སུ་ལ་ཡང་འབྲེལ་འདྲིས་ཟབ་པའི་ང༌།
སུས་ཀྱང་ཆ་རྒྱུས་མ་ལོན་པའི་ང༌།
མེ་ལོང་བཞིན་དུ་རང་གཞན་དབྱེ་བའི་ང༌།
ཡན་ལག་རེ་རེར་དུམ་བུར་བགོས་པའི་ང༌།
མི་ལུས་རིན་ཆེན་དབང་དུ་བསྡུས་བའི་ང༌།
དུག་གསུམ་མ་ལུས་གོས་སུ་བཀླུབས་པའི་ང༌།
སྡུག་གི་ལོ་མ་ཟས་སུ་རློམ་པའི་ང༌།
ཟང་ཟིང་ཆོས་ཀྱི་བསླུ་བྲིད་འཐུང་བའི་ང༌།
རིན་ཆེན་གཏེར་ཁ་སྙིང་ལ་སྡུག་པའི་ང༌།
འཐོབ་འགྱུར་སྤྱོད་པོ་རང་ཉིད་མིན་པའི་ང༌།
ཚེ་སྲོག་རེ་ལ་གཅིག་རེ་བདག་པའི་ང༌།
འཇིག་རྟེན་འདི་ན་གཅིག་ཀྱང་མེད་པའི་ང༌།
ང་ གང་དུ་འཚོ་ དོན་ངོ་མ་སུ་ཞིག་ཡིན།
ངས་ད་དུང་ང་འཚོལ་བཞིན་ཡོད༌།
ང་ང་ང་ང་ང་ང་ང་ང་ང་ང་ང་ང་ང༌།
སྤྱི་ལོ་༢༠༠༩ ཟླ་༣ ཚེས་༩ ཉིན་བྲིས་པ་དགེ།
———
Back