ཞིན་ཅང་གི་ངོ་རྒོལ་

03/09/2009 20:44

ཞིན་ཅང་གི་ངོ་རྒོལ་གསར་པ།

ཕྱི་ཚེས་ ༣ ཉིན་བྷི་བྷི་སི་ཡིས་གནས་ཚུལ་སྤེལ་བ་ལྟར་ན། ཞིན་ཅང་གི་ཝུ་རུ་མི་ཆི་རུ་ངོ་རྒོལ་གསར་པ་ཞིག་བྱུང་

འདུག་ཟེར།



ཐེངས་འདིའི་ངོ་རྒོལ་ནི་ཡུ་གུར་མི་རིགས་ཀྱི་ངོ་རྒོལ་མིན་པར། རྒྱལ་ས་དེར་ཡོད་པའི་རྒྱ་རིགས་ཚོས་མངའ་སྡེ་

གཞུང་དང་ཉེན་རྟོག་པར་ངོ་རྒོལ་བྱས་པར་བཤད་ལ། གནས་ཚུལ་མཁོ་སྤྲོད་པས་བྷི་བྷི་སི་ལ་བཤད་པ་ལྟར་ན།

ཟླ་གཉིས་གོང་གི་ཞིན་ཅང་གི་ངོ་རྒོལ་རྗེས་ནས་བཟུང་ས་ཁུལ་དེར་བདེ་སྲུང་དམ་དྲག་ཤུགས་ཆེར་བྱེད་བཞིན་

པ་དང་། མི་རྣམས་རྒྱལ་སའི་མི་དམངས་ཐང་ཆེན་དུ་འགྲོ་བར་ཡང་བཀག་འགོག་བྱེད་བཞིན་པར་བརྟེན་རྒྱ་

རིགས་ཚོས་གཞུང་ལ་ངོ་རྒོལ་བྱས་པ་རེད་ཟེར།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།