ཆིབས་བསྒྱུར་ཐོག་མ།

02/06/2009 13:07

ྋགོང་ས་མཆོག་གི་ཆིབས་བསྒྱུར་ཐོག་མ།

ཟླ་འདིའི་ཚེས་༡ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། བདུན་འདིའི་ནང་ྋགོང་ས་མཆོག་

ཡུ་རོབ་རྒྱལ་ཁབ་ཨཱ་སི་ལཱན་ཌིར་ཟླ་འདིའི་ཚེས་༢ ཉིན་ཆིབས་བསྒྱུར་གནང་གི་ཡོད་པ་དང།      དེ་ནི་ྋགོང་ས་

མཆོག་ལུང་པ་དེར་ཆིབས་བསྒྱུར་གནང་བ་ཐོག་མ་དེ་ཆགས་ཡོད་པ་རེད། དེ་ཡང་ཡོངས་གྲགས་སུ་ལུང་པ་དེའི་

གནམ་གཤིས་ཧ་ཅང་གྲངས་མོ་ཡིན་པས། ཡུ་རོབ་འཁྱགས་གླིང་རྒྱལ་ཁབ་ཅེས་འབོད་ཀྱི་ཡོད་པ་རེད། ཡུལ་དེར་

ྋགོང་ས་མཆོག་ཕེབས་བསུའི་གྲ་སྒྲིག་ལྷན་ཚོགས་ཀྱི་མིང་ལ་ཨཱ་སི་ལཱན་ཌི་ནང་གི་ྋཏཱ་ལའི་བླ་མ་ཞེས་པས་ལོ་༡

ལྷག་ཙམ་གྱི་རིང་ལ་ཆིབས་བསྒྱུར་གྱི་གྲ་སྒྲིག་བྱས་ཡོད་པ་དང༌། ཡུལ་དེར་ྋགོང་ས་མཆོག་ཉིན་གྲངས་༣ རིང་

བཞུགས་གཏན་ཁེལ་ཡོད་པ་དང་བསྟུན་ནས། རིན་ཐང་དང་རྣམ་འགྱུར་བདེ་བ་ཞེས་པའི་བརྗོད་གཞི་ཐོག་བཀའ་

སློབ་བསྩལ་རྒྱུ་ཡིན་པ་རེད། གྲ་སྒྲིག་ལྷན་ཚོགས་འདིའི་མགྲིན་ཚབ་པས། ྋགོང་ས་མཆོག་ཡུལ་དེའི་ཡི་ཤུའི་ཆོས་

དཔོན་ཚོ་དང་དེ་མིན་ཆོས་ལུགས་འདྲ་མིན་གྱི་ཆོས་དཔོན། དེ་བཞིན་ཨཱ་སི་ལཱན་ཌིའི་གྲོས་ཚོགས་འཐུས་མི་སོགས་

དང་མཇལ་འཕྲད་གནང་རྒྱུ་རེད་ཅེས་དང༌། ཡུ་རོབ་འཁྱགས་གླིང་རྒྱལ་ཁབ་འདི་ནི་དམག་དང་གོ་མཚོན་གྱི་

མཐུན་རྐྱེན་མེད་པར། ཞི་བདེ་ཁོ་ནའི་ལམ་ནས་དཀའ་ངལ་སེལ་བའི་ཐབས་ལམ་འཚོལ་མཁན་ཞིག་ཡིན་པས།

འཛམ་གླིང་ཞི་བདེའི་ལམ་ལ་འཁྲིད་མཁན་གཅིག་ཡུལ་འདིར་ཆིབས་བསྒྱུར་གནང་བ་ནི། རྒྱལ་ཁབ་འདི་ལ་ཧ་

ཅང་གོ་སྐབས་བཟང་པོ་ཞིག་རེད་བརྗོད་ཡོད་པ་རེད།།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།