ཆུ་ལོག་གི་གནོད་སྐྱོན།

10/08/2009 15:13

ཤར་ལྷོ་ཨེ་ཤ་ཡར་ཆུ་ལོག་གི་གནོད་སྐྱོན།

ཟླ་འདིའི་ཚེས་༡༠ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་ལྷོ་ཤར་མཚོ་འགྲམ་གྱི་ས་ཁུལ་

ཊེ་ཧྤིན་མཱོ་ར་ཀོ་ཊི་ཟེར་བའི་ས་གནས་སུ་ཆུ་ལོག་བརྒྱབ་སྟེ། མི་མང་ས་ཡ་གཅིག་གཉེན་གཡོལ་ལ་འགྲོ་དགོས་བྱུང་

ཡོད་པ་དང༌། རྒྱ་ནག་ནང་བྱུང་བའི་ཆུ་ལོག་དང་ཆར་རླུང་གི་ཤུགས་རྐྱེན་གྱིས། ཉི་ཧོང་ནང་ཆུ་ལོག་དང་ཆར་རླུང།

རི་ཉིལ་པ་སོགས་བྱས་ཏེ་མི་གྲངས་༩ ཆུ་ནང་ཤི་ཡོད་པ་དང་མང་པོ་ཞིག་ད་དུང་རྙེད་མེད་པ་རེད།


དེ་དང་འབྲེལ་ནས་ཐེ་ཝན་ནང་ཆུ་ལོག་དང་རླུང་འཚུབ་ཀྱིས་མི་གྲངས་༡༠༠༠ ལྷག་ཙམ་གྱི་ཁང་ཁྱིམ་མེད་པ་

ཆགས་ཡོད་པ་དང༌། ཐེ་ཝན་ལུང་པའི་ནང་ལོ་༥༠ རིང་ལ་ཆུ་ལོག་དང་རླུང་འཚུབ་ཀྱིས་གནོད་པ་དེ་འདྲ་བྱུང་མྱོང་

མེད་པའི་གནས་ཚུལ་ཐོན་ཡོད་པ་རེད།    དེ་ཡང་ཤར་ལྷོ་ཨེ་ཤ་ཡའི་ནང་གཅིག་མཇུག་གཉིས་མཐུད་ཀྱིས་ཆུ་ལོག་

མང་པོ་བརྒྱབ་དང་རྒྱག་བཞིན་པའི་གནད་དོན་ལ་བརྟགས་དཔྱད་བྱེད་བཞིན་ཡོད་པ་དང༌། ལྷག་དོན་རྒྱ་ནག་ནང་

དབྱར་དུས་སུ་ཆུ་ལོག་གི་གནོད་སྐྱོན་རེ་རེ་མེད་པ་ཧ་ཅང་མི་སྲིད་པ་ལྟ་བུ་ཡིན་རུང༌།

འདི་ལོའི་ཆུ་ལོག་གིས་རྐྱེན་བྱས་ཏེ་ཁྱིམ་མཚེས་རྒྱལ་ཁབ་མང་པོར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་དང༌། རྒྱ་ནག་གི་

ཆུ་ལོག་བརྒྱབ་སའི་ས་ཁུལ་དང་དེ་དང་ཉེ་བའི་ས་ཆ་མང་པོའི་གནམ་གྲུ་འབབ་ཚུགས་དང༌། ཉ་འཛིན་གྲུ་རྫིང་སོགས་

ཚོང་ལས་ཀྱི་ཡོང་སྒོ་ཆེ་ཤོས་ཀྱི་ལྟེ་གནས་མང་པོ་སྒོ་རྒྱག་དགོས་བྱུང་ཡོད་པ་རེད།


    རྒྱ་ནག་གཞུང་འབྲེལ་གྱི་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བར་གཞིགས་ན།
དང་ཐོག་གནམ་ནག་ཁུང་ཆགས་

ནས་རླུང་འཚུབ་བརྒྱབ་ཏེ། རི་ཉིལ་པ་དང་ཤིང་སྡོང་འགྱེལ་བ་སོགས་འཇིགས་སུ་རུང་བའི་རང་བྱུང་གི་ཆག་སྒོ་འགོ་

ཚུགས་ཡོད་པ་དང༌། རྒྱ་ནག་གི་ས་ཁུལ་བྷ་ཡ་བྷའི་དང་ཧྥི་ཇིན་སོགས་སུ་ཁང་ཁྱིམ་༢༠༠༠ དེ་མ་ཐག་རླུང་འཚུབ་ཀྱིས་

རྩ་གཏོར་བཏང་ཡོད་འདུག ཌི་ཅང་ས་ཁུལ་དུ་ཁང་ཁྱིམ་གྲངས་༤༧༣༠༠༠ ཙམ་དང་ཧྤུས་ཇིན་ས་ཁུལ་དུ་ཁང་ཁྱིམ་

གྲངས་༤༨༠༠༠༠ ཙམ་བེད་མེད་ཆགས་ཡོད་པ་དང། ཧྥུ་ཇིན་མཚོ་འགྲམ་དུ་ཐེ་ཝན་གྱི་ལས་མི་གྲངས་༥༠༥༠༠༠ ཙམ་གཉེན་གཡོལ་ལ་འགྲོ་དགོས་བྱུང་ཡོད་འདུག དེ་བཞིན་ས་ཁུལ་དེ་དག་གི་གཞུང་ལམ་དང༌། ཟམ་པ། ཚོང་ཟོག་

ཕྱིར་གཏོང་ནང་འདྲེན་གྱི་ལྟེ་གནས་ཁག་གི་འགྲོ་ལམ་སོགས་མང་པོ་ཞིག་བེད་མེད་ཆགས་ཡོད་པའི་གནས་ཚུལ་སྤེལ་

ཡོད་པ་རེད།།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།