ཐའེ་ལྦན་གློག་བརྙན་

09/09/2009 10:26

ཐའེ་ལྦན་གློག་བརྙན་དུས་སྟོན་སྐབས་ར་སྦི་ཡའི་ལོ་རྒྱུས་སྟོན་རྒྱུ། 

ཐའེ་ལྦན་གྱི་གློག་བརྙན་དུས་སྟོན་སྐབས་ཤར་ཏུ་ཀི་སི་ཐན་གྱི་བཙན་བྱོལ་ནང་ཡོད་པའི་ཡུ་གུར་ཚོགས་པའི་འགོ་

ཁྲིད་ལྕམ་ར་སྦི་ཡ་ཀ་རྡིར་གྱི་སྐུ་ཚེའི་ལོ་རྒྱུས་སྐོར་གྱི་བརྩེ་གདུང་གི་ཆ་རྐྱེན་བཅུ་ཞེས་པའི་གློག་བརྙན་དེ་གཟིགས་

འབུལ་ཞུ་ཡི་ཡོད་པའི་རྒྱུ་མཚན་གྱིས་ངོ་རྟགས་མི་ཆོད་པའི་ཀམ་པིའུ་ཊར་འཕྲུལ་ལས་པ་ཞིག་གིས་ཐའེ་ལྦན་གྱི་

གློག་བརྙན་དུས་སྟོན་གོ་སྒྲིག་གནང་མཁན་གྱི་དྲ་རྒྱའི་ནང་གསང་འཛུལ་གྱིས་དྲ་རྒྱའི་སྟེང་ངོ་རྒོལ་གྱི་དྲིལ་བསྒྲགས་

སྤེལ་ཡོད་པ་རེད།

དེ་ཡང་ཀམ་པིའུ་ཊར་འཕྲུལ་འཁོར་གྱི་དྲ་གནས་ལ་གནོད་འཚེ་གཏོང་མཁན་དེས་དྲ་རྒྱའི་སྟེང་སྤེལ་བའི་ཁ་གཏད་

ཀྱི་དྲིལ་བསྒྲགས་ནང་ཁྱེད་ཚོས་ཤིན་ཅང་ནང་དྲག་ཟིང་བྱུང་བའི་དོན་རྐྱེན་གྱི་སྐོར་གནས་ཚུལ་ཤེས་རྟོགས་ཡོད་

མེད་མི་ཤེས་ལ་གལ་ཏེ་ཤེས་ཀྱི་ཡོད་ཚེ་དྲག་ཟིང་དེའི་ནང་མི་མང་ཆེས་མང་པོར་སྡོད་གནས་མེད་པ་གྱུར་ཡོད་

དོན་རྐྱེན་དེའི་བྱེད་གཏེ་གཙོ་བོ་བེུད་དེ་རེད་ཅེས་ཨ་རིའི་ནང་གནས་པའི་ཡུ་གུར་མི་རིགས་ཀྱི་ཚོགས་པའི་འགོ་

ཁྲིད་ལྕམ་ར་སྦི་ཡ་ཀ་རྡིར་གྱི་སྐུ་ཚེའི་ལོ་རྒྱུས་ཀྱི་གློག་བརྙན་སྟོན་རྒྱུར་ངོ་རྒོལ་ཡོད་པའི་རྒོལ་གཏམ་སྤེལ་ཡོད་པ་དང་

ངོ་རྒོལ་གཏམ་སྤེལ་སྟངས་ལ་གཞིགས་ཚེ་ཀམ་པིའུ་ཊར་འཕྲུལ་འཁོར་ལ་གནོད་འཚེ་གཏོང་མཁན་དེ་རྒྱ་ནག་གཞུང་

གི་རྗེས་འབྲངས་པ་ཞིག་ཡིན་པ་གསལ་གྱི་ཡོད་པ་རེད།

རྒྱ་ནག་གཞུང་གིས་ཕྱི་སྡོད་ཡུ་གུར་ཁ་ཆེའི་འགོ་ཁྲིད་ལྕམ་ར་སྦི་ཡ་ཀ་རྡིར་ནི་ཁྲིམས་འགལ་ནག་ཅན་པ་ཞིག་ཡིན་

པ་དང་ཤར་ཏུར་ཀི་སི་ཐན་གྱི་རྒྱལ་ས་ཨུ་རུམ་ཆི་ནང་ཉེ་དུས་ཕྱི་ཟླ་བདུན་པའི་ནང་ཡུ་གུར་ཁ་ཆེ་མང་ཚོགས་ཀྱིས་

རྒྱ་ནག་གཞུང་ལ་གྱེན་ལོག་གིས་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དེ་ཉིད་ཀྱང་ཁོང་གིས་ཕྱི་ཕྱོགས་ནས་བརྒྱུད་སྐུལ་

བྱས་པ་ཞིག་ཡིན་པའི་སྐྱོན་བརྗོད་བྱེད་བཞིན་པ་དང་ཕྱིའི་ཡུལ་ཁག་ནང་གོ་སྒྲིག་ཞུས་པའི་གློག་བརྙན་དུས་སྟོན་

ཁག་ལ་ཁོང་གི་སྐུ་ཚེའི་ལོ་རྒྱུས་སྐོར་བཟོས་པའི་གློག་བརྙན་གཟིགས་འབུལ་ཞུ་རྒྱུར་དགག་པ་ཤུགས་ཆེ་བྱེད་ཀྱི་ཡོད་

པ་རེད།

ཐའེ་ལྦན་གྱི་གློག་བརྙན་དུས་སྟོན་གོ་སྒྲིག་གནང་མཁན་ལིའུ་སུ་དབྱིང་གིས་ང་ཚོས་གློག་བརྙན་དེ་སྒྱུ་རྩལ་གྱི་ཁྱད་

ཆོས་ཁོ་ནར་བལྟས་ཏེ་འདེམས་སྒྲུག་བྱས་པ་ཞིག་ལས་ཆབ་སྲིད་ཀྱི་གནད་འགག་གང་ཡང་ལྟ་རྒྱུ་མ་བྱུང་ཞེས་དང་

གློག་བརྙན་དུས་སྟོན་ལ་ཐུགས་སྣང་གནང་མཁན་ཚོས་དགོངས་འཆར་གནང་བར་དགའ་བསུ་ཞུ་རྒྱུ་ཡིན་ལ་ཡིན་

ནའི་ཚུལ་མིན་ཀམ་པིའུ་ཊར་དྲ་རྒྱའི་ནང་གསང་འཛུལ་གྱིས་ལས་འཆར་འཕྲུ་སློག་གཏོང་རྒྱུའི་ལས་དོན་དེ་རིགས་

ལ་ངོ་རྒོལ་ཡོད་ཅེས་གསུངས་ཡོད་པ་རེད།

ཐའེ་ལྦན་གྱིས་ད་རེས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་

པོ་མཆོག་ཐའེ་ལྦན་ནང་གཟིགས་བསྐོར་བཀའ་ཁྲོལ་གྱི་རྗེས་ད་ཆ་ཡུ་གུར་ཁ་ཆེའི་འགོ་ཁྲིད་ལྕམ་ར་སྦི་ཡ་ཀ་རྡིར་

གྱི་སྐོར་གློག་བརྙན་གཟིགས་འབུལ་ཞུ་ཡི་ཡོད་པ་དེས་རྒྱ་ནག་གཞུང་ནས་སླར་ཡང་ཐའེ་ལྦན་ལ་ཁོང་ཁྲོ་ཆེན་པོ་

བྱ་རྒྱུ་ཡིན་པ་གསུངས་ཀྱི་ཡོད་པ་རེད།      

གོང་ཞུས་གློག་བརྙན་གྱི་དུས་སྟོན་དེ་ཐའེ་ལྦན་གྱི་གྲོང་ཁྱེར་ཀའོ་ཞུང་ནང་གོ་སྒྲིག་གནང་གི་ཡོད་འདུག

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།