ཐའེ་ལྦན་རྒྱལ་ཚོགས་སུ་

05/09/2009 09:31

ཐའེ་ལྦན་རྒྱལ་ཚོགས་སུ་ཚོཌ་ཞུཌ་དགོས་འདུན་འབུལ་རྒྱུ་མིན་པ།

ཐའེ་ལྦན་གཞུང་གིས་ཐའེ་ལྦན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་བཞུགས་ཡུལ་གྲུའི་གྲས་སུ་འཛུལ་

བཞུགས་བྱ་རྒྱུའི་དགོས་འདུན་ད་ལོ་འབུལ་རྒྱུ་མིན་པ་ཐའེ་ལྦན་ཕྱི་སྲིད་ལས་ཁང་གིས་གནས་ཚུལ་ཕྱིར་བསྒྲགས་

གནང་འདུག                         གཟའ་པ་སངས་ཉིན་ཐའེ་ལྦན་ཕྱི་སྲིད་ལས་ཁང་གིས་གསལ་བསྒྲགས་སྤེལ་བའི་

ནང་ཐའེ་ལྦན་གཞུང་གིས་ཐའེ་ལྦན་དང་གཞུང་འབྲེལ་འབྲེལ་ལམ་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་

ཀྱི་ཚོགས་བཞུགས་ཡུལ་གྲུ་ཚོས་ཐའེ་ལྦན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་བཞུགས་ཡུལ་གྲུའི་ཁོངས་

སུ་བཞུགས་རྒྱུའི་དགོས་འདུན་སྙན་ཞུ་ལོ་ལྟར་འབུལ་གྱི་ཡོད་ཀྱང་ད་ལོ་ཐའེ་ལྦན་གཞུང་གིས་མཉམ་འབྲེལ་རྒྱལ་

ཚོགས་ཀྱི་ཚོགས་བཞུགས་ཡུལ་གྲུའི་གྲས་སུ་བཞུགས་རྒྱུའི་དགོས་འདུན་བཏོན་རྒྱུ་མཚམས་འཇོག་བྱས་ནས་དེ་མིན་

གྱི་སྙིང་དོན་ལྡན་པའི་ལས་འགུལ་ཁག་ནང་མཉམ་བཞུགས་བྱ་རྒྱུ་དང་ཡིན་ན་ཡང་ཐའེ་ལྦན་གཞུང་གིས་ཐའེ་ལྦན་

མི་མང་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་བཞུགས་རྒྱུའི་ཐོབ་ཐང་བློས་གཏོང་བྱ་རྒྱུ་མིན་ལུགས་འཁོད་

ཡོད་པ་རེད།

གནད་དོན་དབྱེ་ཞིབ་པ་ཚོས་ད་རེས་ཐའེ་ལྦན་གཞུང་གིས་ད་ལོ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་

ཞུགས་ཡུལ་གྲུའི་གྲས་སུ་ཞུགས་རྒྱུའི་དགོས་འདུན་བཏོན་རྒྱུ་མིན་པའི་ཐག་གཅོད་བྱེད་ཡས་དེ་ནི་གཙོ་བོ་དེང་སྐབས་

བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐའེ་ལྦན་དུ་ཆིབས་བསྒྱུར་བསྐྱངས་པའི་རྗེས་རྒྱ་

ནག་དང་ཐའེ་ལྦན་དབར་གྱི་འབྲེལ་ལམ་ཐོག་རྒྱ་ནག་གཞུང་གི་ཁོང་ཁྲོ་འཇགས་ཐབས་སུ་ཐའེ་ལྦན་གཞུང་གིས་

རྒྱ་ནག་ལ་བཟང་ཕྱོགས་ཀྱི་རྣམ་པ་བཏོན་པ་ཞིག་ཡིན་པའི་དགོངས་ཚུལ་གསུང་གི་ཡོད་པ་རེད།

༡༩༧༡བར་ཐའེ་ལྦན་གྱིས་རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་མིང་ཐོག་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་

ཞུགས་ཡུལ་གྲུའི་གྲས་སུ་ཡོད་མུས་ཡིན་པ་དང་ཡིན་ནའི་དེ་རྗེས་ཐའེ་ལྦན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཞུགས་

ཡུལ་གྲུའི་གྲས་ནས་ཕྱིར་འཐེན་གྱིས་དེའི་ཚབ་ཏུ་རྒྱ་ནག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཞུགས་ཡུལ་

གྲུ་ཁོངས་སུ་འཛུལ་བཞུགས་བྱས་པའི་རྗེས་འདས་པའི་ལོ་ངོ་བཅུ་གྲངས་རིང་ཐའེ་ལྦན་གྱིས་འཛམ་གླིང་མཉམ་འབྲེལ་

རྒྱལ་ཚོགས་ཀྱི་ཚོགས་ཞུགས་ཡུལ་གྲུའི་གྲས་སུ་འཛུལ་ཞུགས་བྱ་རྒྱུའི་དགོས་འདུན་ལོ་ལྟར་ཕུལ་གྱི་ཡོད་པ་རེད།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།