ཐའེ་ལྦན་སྲིད་འཛིན་

09/09/2009 09:57

ཐའེ་ལྦན་སྲིད་འཛིན་མཱ་ལ་རྒྱབ་སྐྱོར་ཆེ་རུ་འགྲོ་མིན་སྐོར།

ཐའེ་ལྦན་གྱི་སྲིད་བློན་དགོངས་ཞུ་བྱེད་མིན་ལ་མ་ལྟོས་པར་སྲིད་འཛིན་མཱ་ཡིང་ཇུ་མཆོག་ལ་མང་ཚོགས་ཀྱི་རྒྱབ་

སྐྱོར་ཆེ་རུ་འགྲོ་རྒྱུར་དུས་ཡུན་གང་འཚམ་འགོར་བཟོ་ཡོད་པའི་དཔྱད་ཞིབ་བྱས་འདུག      ཉེ་ཆར་ཐའེ་ལྦན་ལྷོ་

ཕྱོགས་ཁུལ་ཆར་རླུང་དྲག་པོ་རྒྱབ་ཏེ་མི་རྒྱུ་གཉིས་ལ་དོ་ཕོག་ཤིན་ཏུ་ཐེབས་ཡོད་པ་དང་སྐབས་དེར་གཞུང་གི་ངོས་

ནས་མཐུན་འགྱུར་དང་མྱུར་སྐྱོབ་ཀྱི་ལས་དོན་ཚུགས་ཚུད་པོ་དང་མགྱོགས་པོ་མ་བྱུང་བར་མང་ཚོགས་ནང་སྲིད་

འཛིན་མཱ་ཡིང་ཇུའི་གཞུང་འཛིན་ལ་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་རེད་ལ་ཞིབ་འཇུག་བྱས་པ་བརྒྱུད་ན་སྲིད་

འཛིན་ལ་རྒྱབ་སྐྱོར་གྱི་བརྒྱ་ཆ་སྔ་ལོ་ལས་ཆུང་དུ་ཕྱིན་ཡོད་པ་རེད།

གནས་སྟངས་དེ་འདྲའི་འོག་ནས་སྲིད་བློན་ལིའུ་ཆའོ་ཤུན་མཆོག་རེས་གཟའ་ཟླ་བའི་ཉིན་དགོངས་པ་ཞུས་གནང་

བ་དང་ཁོང་གི་ཚབ་ཏུ་གོ་མིང་ཏང་གི་སྤྱི་ཁྱབ་དྲུང་ཆེ་ལྦུ་དན་ཡིས་བསྐོ་བཞག་གནང་ཡོད་པ་རེད། འོན་ཀྱང་སྲིད་

དོན་དབྱེ་ཞིབ་པ་ལི་ཤའོ་ཕེང་གིས་སྲིད་གཞུང་ནང་འཕོ་འགྱུར་བཏང་བ་ཙམ་གྱིས་སྲིད་འཛིན་མཱ་ཡིང་ཇུའི་དཀའ་

རྙོག་སེལ་ཐུབ་རྒྱུ་ཁག་པོ་རེད་ཅེས་དང་འཇོ་སེཕ་ཅེང་གིས་མང་ཚོགས་ནས་སྲིད་འཛིན་མཱ་ཡིང་ཇུ་མཆོག་ཕྱིའི་

བལྟ་ཚུལ་ལ་མི་སྤུས་དག་པོ་ཡོད་པ་ཞིག་དང་གཟི་བརྗིད་ཆེན་པོ་ཞིག་ཡོད་མཐོང་གི་ཡོད་ཀྱང་ཁོང་གི་འཇོན་

ཐང་དང་མང་ཚོགས་ཀྱི་བསམ་ཚུལ་རྟོག་ཐུབ་མཁན་ཞིག་མིན་པའི་རྣམ་པ་ཞིག་ཀྱང་མཐོང་གི་ཡོད་རེད།  དེ་

འདྲ་ཡིན་དུས་སྲིད་གཞུང་ནང་གི་ལས་བྱེད་འཕོ་འགྱུར་བཏང་བ་གཅིག་པུས་ཕན་ཐོགས་ཡོད་པ་ཞིག་མཐོང་

གི་མི་འདུག་ཅེས་དཔྱད་ཞིབ་བྱས་ཡོད་འདུག     དེ་དང་ཕྱོགས་མཚུངས་ཁོང་གི་སྔ་ལོ་སྲིད་གཞུང་འཛིན་པ་

ནས་བཟུང་རྒྱ་ནག་སྐམ་ས་ཆེན་པོ་དང་འབྲེལ་བ་ཆེ་རུང་བཏང་ཡོད་རེད།

འོན་ཀྱང་ཉེ་ཆར་ཏཱ་ལའི་བླ་མ་མཆོག་ཐའེ་ལྦན་ནང་གདན་འདྲེན་ཞུས་པ་དེས་རྒྱ་ནག་ངོས་ནས་ཀྱང་ཁོང་གི་

ཐོག་བལྟ་ཚུལ་ཐོག་རང་ཉིད་གཅིག་པུའི་ཁེ་ཕན་བསམ་བློ་བཏང་བ་ལས་རྒྱ་ནག་གི་ཁེ་ཕན་ཐོག་བསམ་བློ་གཏོང་

རྒྱུའི་འདོད་པ་མེད་པའི་རྣམ་པ་ཞིག་མཐོང་ནས་མཚོ་ཁ་གཉིས་ཀྱི་འབྲེལ་བའི་ཐོག་ནས་ཀྱང་རྒྱ་ནག་ནས་སྲིད་

འཛིན་མཱ་ཡིང་ཇུའི་ཐོག་བལྟ་ཚུལ་ལ་འགྱུར་བ་འགྲོ་སྲིད་པ་བཅས་གང་ལྟར་ཐའེ་ལྦན་གྱི་སྲིད་འཛིན་ཐོག་ཆབ་

སྲིད་ཀྱི་འཛིང་བསང་རྒྱུ་དང་མང་ཚོགས་ཀྱི་ཡིད་ཆེས་སླར་གསོ་ཡོང་རྒྱུར་དུས་ཡུན་ཕྲན་བུའི་འགོར་སྲིད་པའི་

དཔྱད་ཞིབ་བྱས་འདུག

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།