ཐེ་ཝན་ལ་རོགས་རམ།

18/08/2009 12:10

ཐེ་ཝན་ལ་འཛམ་གླིང་རྒྱལ་སྤྱིའི་རོགས་རམ།

ཟླ་འདིའི་ཚེས་༡༧ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན།    ཐེ་ཝན་དུ་མི་ལོ་༥༠ ནང་བྱུང་མྱོང་མེད་

པའི་རང་བྱུང་གི་ཆུ་ལོག་ཆེན་པོའི་ནང་མི་གྲངས་༥༠༠ ལྷག་ཙམ་གྱི་ཚེ་སྲོག་ཤོར་ཡོད་པ་དང༌།     ཁང་ཁྱིམ་དང་ས་

ཞིང༌།  གཞུང་ལམ།   ཟམ་པ་སོགས་མི་མང་ལ་རྒྱུན་ལྡན་འཚོ་བའི་ཐད་དགོས་མཁོ་ཆེ་ཤོས་ཁག་མང་པོ་ཞིག་རྩ་མེད་

བཏང་ཡོད་པ་རྣམས་བསྐྱར་གསོ་དང༌། ཐེ་ཝན་གྱི་ཡུལ་མི་སྟོང་ཕྲག་མང་པོ་ཆུ་ལོག་གི་གནོད་སྐྱོན་ཕོག་ས་ནས་གཉེན་

གཡོལ་ལ་འགྲོ་ཆེད་དུ། གནམ་གྲུ་སོགས་འཛམ་གླིང་རྒྱལ་སྤྱིའི་རོགས་རམ་བྱེད་འགོ་བཙུགས་ཡོད་པ་རེད།


    དེ་ཡང་ཐེ་ཝན་དུ་རྒྱལ་སྤྱིའི་རོགས་རམ་མང་པོ་ཞིག་འབྱོར་བཞིན་པ་དང༌། དེའི་ནང་ནས་གཙོ་བོ་ཨ་རིའི་གནམ

་དམག་སྡེ་ཚན་གྱི་མཐུན་འགྱུར་འོག    ཐེ་ཝན་དུ་ཆུ་ལོག་གི་ཆག་སྒོ་བྱུང་ནས་བདུན་གཅིག་ཙམ་ལས་མ་སོང་བའི་

སྐབས་ནས་རོགས་རམ་བྱེད་འགོ་བཙུགས་ཡོད་པ་དང༌། ད་དུང་ཡང་ཨ་རིའི་ཐད་འཕུར་གནམ་གྲུ་མང་པོས། ཆུ་ལོག་

གི་གནོད་སྐྱོན་ཕོག་ས་དང་ས་གཤིས་བརྟན་པོ་མེད་ས་མང་པོ་ནས། ཐེ་ཝན་མི་མང་གཉེན་གཡོལ་ལ་འགྲོ་རྒྱུར་རོགས་

རམ་བྱེད་བཞིན་ཡོད་པ་མ་ཟད། ས་རྐོ་བྱེད་དང་ལམ་ཁ་གཙང་མ་བཟོ་བྱེད་སོགས་ཡོ་ཆས་མང་པོ་ཞིག་གི་རོགས་རམ་

བྱས་དང་བྱེད་བཞིན་ཡོད་པ་རེད།


    ཐེ་ཝན་གྱི་སྲིད་འཛིན་མཱ་ཡིན་ཇུས་ཀྱིས་མི་གྲངས་༥༠༠ ཙམ་ཤི་གསོན་ཧ་མི་གོ་བའི་ཐོག་ནས་གར་སོང་ཆ་མེད་

དུ་གྱུར་ཡོད་པའི་གཏམ་བཤད་སྤེལ་ཡོད་པ་དང༌། མི་མང་གིས་གཞུང་གི་རོགས་རམ་མྱུར་པོ་དང་འཐུས་ཚང་མེད་

པར་སྐྱོན་བརྗོད་བྱས་ཏེ། དེང་སྐབས་ཐེ་ཝན་གཞུང་དང་མི་མང་གཉིས་ཀར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་

པ་རེད། གཞུང་དང་མི་མང་གཉིས་ཀར་དཀའ་ངལ་ཡོད་པའི་དུས་དང་བསྟུན་ནས། རྒྱ་ནག་སྐམ་ས་ཆེན་མོ་ནས་གོ་

སྐབས་བཙལ་ཏེ། གཞུང་དམག་གི་གནམ་གྲུ་སོགས་ཀྱིས་རོགས་རམ་བྱེད་རྒྱུའི་འཆར་འགོད་བྱས་ཡོད་ཀྱང༌། ཐེ་ཝན་

གཞུང་གིས་ངོས་ལེན་བྱས་མེད་པ་རེད།


    ཕྱི་ལོ་༡༩༤༩ ནས་ད་ལྟའི་བར་ཐེ་ཝན་དང་རྒྱ་ནག་སྐམ་ས་ཆེན་མོ་གཉིས་བར་འབྲེལ་ལམ་ཡག་པོ་མེད་པ་དང༌། ལྷག་དོན་ཐེ་ཝན་རང་བཙན་ཚོགས་པ་སོགས་ཀྱིས་རྒྱ་ནག་ལ་ངོ་རྒོལ་ཡང་ཡང་བྱེད་ཀྱི་ཡོད་པས།   ཐེ་ཝན་དང་རྒྱ་

ནག་སྐམ་ས་ཆེན་མོ་གཉིས་དབར་ཞི་བདེའི་ཆིངས་ཡིག་ལ། ཕྱོགས་གཉིས་ཀས་ས་རྟགས་གཅིག་ཀྱང་རྒྱག་མྱོང་མེད་

པས། ད་ཐེངས་ཀྱི་རྒྱ་ནག་སྐམ་ས་ཆེན་མོའི་དམག་གི་རོགས་རམ་སོགས་ཐེ་ཝན་གཞུང་གིས་ངོས་ལེན་བྱས་མེད་པ་རེད།།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།