དགོས་འདུན་བཏོན་མེད།
26/08/2009 06:27
ང་ཚོས་དགོས་འདུན་བཏོན་མེད།
ལྷ་སར་རྒྱ་གར་གྱི་གཞུང་ཚབ་ལས་ཁུངས་གསར་འཛུགས་ཐད་ལ་རྒྱ་གར་གཞུང་ནས་རྒྱ་གཞུང་ལ་དགོས་འདུན་དང།
བཀའ་ཁྲོལ་ཞུས་མེད་ཟེར། ཟླ་འདིའི་ཚེས་ ༢༥ ཉིན་རྒྱ་གར་དུས་བབ་ཚགས་པར་ཐོག་ཏུ་གནས་ཚུལ་ཐོན་གསལ་ལྟར་
ན། ཉེ་ཆར་བོད་རང་སྐྱོང་ལྗོངས་ཀྱི་ཕྱི་འབྲེལ་ལས་དོན་གྱི་འགན་འཛིན་ལྡི་ལིར་བསླེབས་ཡོད་པ་དང། ཁོས་རྒྱ་གར་
གཞུང་གིས་ལྷ་སར་གཞུང་ཚབ་ལས་ཁུངས་ཤིག་གསར་འཛུགས་བྱ་འཐུས་ཆོག་པར་བརྗོད་ཡོད་པ་རེད། འོན་ཀྱང་རྒྱ་
གར་གཞུང་ཕྱོགས་ནས་གནས་ཚུལ་དེའི་ཐད་ལ་དང་ལེན་བྱས་མེད་ལ། རྒྱ་གར་ནག་གཉིས་ཀྱི་ས་མཚམས་སྐོར་གྱི་
ཚོགས་འདུའི་སྐབས་སུའང་རྒྱ་ནག་གཞུང་ལ་ལྷ་སར་གཞུང་ཚབ་ཡན་ལག་ཅིག་འཛུགས་རྒྱུའི་དགོས་འདུན་དང།
དགོངས་འཁྲོལ་གང་ཡང་ཞུས་མེད་ཚུལ་འགྲེལ་བརྗོད་བྱས་ཡོད་འདུག སྤྱིར་ལོ་ངོ་དྲུག་ཅུའི་ཡར་སྔོན་དུ་བོད་ལ་རྒྱ་
གར་གཞུང་ཚབ་ཡོད་ཅིང། ༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་བཙན་བྱོལ་དུ་ཕེབས་པ་ནས་བཟུང་།
རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་རྒྱུ་རྐྱེན་གཙོ་བོར་བཟུང་བའི་ཐོག་ནས་བོད་ནང་དུ་ཡོང་མཁན་ཕྱི་རྒྱལ་བའི་བྱ་སྤྱོད་
མཐའ་དག་ལ་ལྟ་ཞིབ་བྱེད་ཀྱིན་ཡོད་པ་རེད།
ད་སྐབས་རྒྱ་ནག་གཞུང་ཕྱོགས་ནས་ལྷ་སར་ཕྱི་རྒྱལ་གྱི་གཞུང་ཚབ་ལས་ཁུངས་འཛུགས་རྒྱུའི་བཀའ་འཁྲོལ་ཡོད་པ་ནི་
བལ་ཡུལ་གཅིག་པུ་ཡིན་ཞིང་། བལ་ཡུལ་ལ་མཚོན་ན་བོད་མི་ས་མཚམས་བརྒལ་མི་ཚོར་བཀར་ཉར་དང། ཕྱིར་སློག་
གིས་མཚོན་པའི་རྒྱ་ནག་ལ་ཕྱོགས་གང་ཐད་ནས་རོགས་འདེགས་བྱེད་ཀྱིན་ཡོད་པ་རེད།
———
Back