དཔོན་རིགས་གདན་ཞུ།

17/09/2009 16:25

རྒྱ་ནག་གི་རྒྱལ་སྟོན་ཉིན་ཐའེ་ལྦན་གྱི་དཔོན་རིགས་གདན་ཞུ།

ཕྱི་ཟླ་བཅུ་པའི་ཚེས་གཅིག་ཉིན་རྒྱ་ནག་གི་རྒྱལ་སྟོན་ཉིན་མོའི་རྟེན་འབྲེལ་དགའ་སྟོན་སྐབས་རྒྱ་ནག་དང་ཐའེ་ལྦན་

དབར་འབྲེལ་བ་བཟང་དུ་འགྲོ་བཞིན་ཡོད་པའི་རྣམ་པ་བཏོན་རྒྱུའི་འཆར་གཞི་ཞིག་རྒྱ་ནག་གིས་བཏིངས་ཡོད་སྐོར་

དེ་རིང་རྒྱ་ནག་གི་གཞུང་འབྲེལ་གསར་ཤོག་ནང་གནས་ཚུལ་སྤེལ་འདུག        རྒྱ་ནག་སྐམ་ས་ཆེན་མོའི་ཐའེ་ལྦན་

ལས་དོན་ཁང་གི་མགྲིན་ཚབ་པས་རྒྱལ་སྟོན་ཉིན་མོའི་མཛད་སྒོའི་ཐོག་རྒྱ་ནག་གཞུང་གིས་ཐའེ་ལྦན་གྱི་དཔོན་

རིགས་འགའ་ཤས་གདན་ཞུ་བྱས་ཡོད་སྐོར་བརྗོད་པ་ཤིན་ཧཱ་གསར་ལས་ཁང་གིས་ལུང་འདྲེན་བྱས་བཞག མགྲིན་

ཚབ་པ་དབྱང་ཡི་ཡིས་དེ་ཙམ་བརྗོད་པ་ལས་འགྲེལ་བཤད་ཞིབ་ཕྲ་རྒྱབ་མེད་པ་རེད།  རྒྱ་ནག་དང་ཐའེ་ལྦན་དབར་

༡༩༤༩ནས་བཟུང་ཕན་ཚུལ་དགྲ་ཡ་ལྟ་བུའི་འདུ་ཤེས་འཛིན་པའི་ཐོག་ནས་འཆམ་མཐུན་དེ་ཙམ་མེད་ནའང་སྔ་

ལོ་ཐའེ་ལྦན་ནང་གོ་མིང་ཏང་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཐོབ་རྗེས་སྲིད་འཛིན་མཱ་ཡིང་ཇུའི་སྲིད་གཞུང་གིས་

རྒྱ་ནག་སྐམ་ས་ཆེན་པོ་དང་འབྲེལ་ལམ་ཟབ་ཏུ་གཏོང་ཐབས་གནང་བཞིན་ཡོད་པ་རེད།

རྒྱ་ནག་སྐམ་ས་ཆེན་མོའི་ཐའེ་ལྦན་ལས་དོན་ཁང་གི་མགྲིན་ཚབ་པས་དབྱང་གིས་རྒྱ་ནག་གིས་ཐའེ་ལྦན་གྱི་གནད་

དོན་དང་འབྲེལ་བའི་ལས་དོན་མང་པོ་ཞིག་ལ་ལམ་ལྷོང་ཆེན་པོ་བྱུང་ཡོད་པར་བརྟེན་རྒྱལ་སྟོན་ཉིན་མོའི་རྟེན་

འབྲེལ་མཛད་སྒོའི་ནང་གྲུབ་འབྲས་དེ་ཚོ་བཅུག་དགོས་ཡག་དེ་རྒྱུ་མཚན་ལྡན་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་

སྐོར་འགྲེལ་བརྗོད་བྱས་འདུག།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།