དཔྱ་ཁྲལ་སྐོར།

16/09/2009 00:05

རྒྱ་ནག་ནས་ཐོན་པའི་མོ་ཊའི་འཁོར་ལོའི་དཔྱ་ཁྲལ་སྐོར། 

ཨ་མི་རི་ཀའི་སྲིད་འཛིན་ཨོ་བཱ་མ་མཆོག་གིས་རྒྱ་ནག་ནས་ནང་འདྲེན་བྱེད་པའི་དངོས་ཟོག་མོ་ཊའི་འཁོར་ལོའི་

དཔྱ་ཁྲལ་ཆེ་རུ་བཏང་བར་བརྟེན་རྒྱ་ནག་གཞུང་གིས་ཨ་རི་དང་རྒྱ་ནག་བར་གྱི་ཚོང་གི་འབྲེལ་ལམ་ཛ་དྲག་ཏུ་མི་

འགྲོ་བ་ཨ་མི་རི་ཀའི་ཕྱོགས་ནས་འགན་འཁུར་དགོས་པའི་སྐོར་བཤད་ཡོད་པ་རེད།                  ཨ་མི་རི་ཀས་རྒྱ་

ནག་ནས་དངོས་ཟོག་མང་པོ་ཞིག་ནང་འདྲེན་བྱེད་པའི་ཚོང་འབྲེལ་ཡོད་ཀྱང་རྒྱ་ནག་ནས་མོ་ཊའི་འཁོར་ལོ་ནང་

འདྲེན་གྱི་དཔྱ་ཁྲལ་དམའ་པོ་ཡིན་པར་བརྟེན་ནས་ཨ་མི་རི་ཀའི་ཚོང་ལས་པས་རྒྱ་ནག་ནས་མོ་ཊའི་འཁོར་ལོ་ནང་

འདྲེན་ཤུགས་ཆེན་པོ་བྱེད་པ་དེ་ཡིས་ཨ་མི་རི་ཀའི་ནང་གི་མོ་ཊའི་འཁོར་ལོ་བཟོ་མཁན་གྱི་ལས་བཟོ་བ་མང་པོ་ཞིག་

ལས་མེད་དུ་འགྱུར་བཞིན་ཡོད་པར་སོང་སྲིད་འཛིན་ཨོ་བཱ་མ་མཆོག་གིས་ཨ་མི་རི་ཀའི་ལས་བཟོ་བའི་དཀའ་ངལ་

སེལ་ཐབས་སུ་ཕྱིས་འབྱུང་མོ་ཊའི་འཁོར་ལོ་རྒྱ་ནག་ནས་ནང་འདྲེན་བྱེད་པའི་དཔྱ་ཁྲལ་སྤར་ཆ་ཆེན་པོ་གནང་ཡོད་

པ་རེད།

དེར་བརྟེན་དེ་རིང་རེས་གཟའ་མིག་དམར་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཅཱང་ཡུས་འཆར་ཅན་གྱི་

གསར་འགོད་ལྷན་ཚོགས་ཐོག་ལ་ཨ་མི་རི་ཀ་ནི་འཛམ་གླིང་གི་དཔལ་འབྱོར་ལ་དཀའ་ཚེགས་བཟོ་མཁན་གྱི་འབྱུང་

ཁུངས་ཡིན་པ་བརྟེན་ཕྱོགས་གཉིས་བར་གྱི་ཚོང་འབྲེལ་གྱི་གནས་སྟངས་ཛ་དྲག་ཏུ་མི་འགྲོ་བ་ཨ་མི་རི་ཀའི་ཕྱོགས་ནས་

ངེས་པར་དུ་འགན་འཁུར་ལེན་དགོས་ཀྱི་རེད་ཅེས་དང་ཡང་ཨ་མི་རི་ཀས་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ཀྱི་སྒྲིག་

སྲོལ་དང་འགལ་འཛོལ་བྱས་པ་རེད་ཅེས་སོགས་སྐྱོན་བརྗོད་ཀྱི་གཏམ་བཤད་བྱས་ཡོད་ཅིང་ཡིན་ནའང་རྒྱ་ནག་ཕྱོགས་

ནས་ཨ་མི་རི་ཀའི་ལྷན་དུ་ཚོང་འབྲེལ་གྱི་ཛ་དྲག་གནས་སྟངས་ཐོག་ལ་གྲོས་མོལ་བྱས་པ་བརྒྱུད་སེལ་ཐབས་བྱ་རྒྱུའི་

འདུན་པ་ཡོད་པ་ལས་ཕྱོགས་གཉིས་ཕན་ཚུན་བར་ལ་ཚོང་གི་དམག་འཐབ་ལྟ་བུ་རྣོ་ངར་ཆེ་བའི་བྱ་ཐབས་འཛིན་རྒྱུའི་

འདུན་པ་བཅངས་ཀྱི་མེད་ཅེས་བཤད་ཡོད་པ་རེད།

ད་རེས་ཨ་མི་རི་ཀའི་སྲིད་འཛིན་སྐུ་ཞབས་ཨོ་བཱ་མ་མཆོག་གིས་རྒྱ་ནག་ནས་མོ་ཊའི་འཁོར་ལོ་ནང་འདྲེན་གྱི་དཔྱ་ཁྲལ་

སྤར་ཆ་གནང་བ་དེ་ནི་གཟའ་འཁོར་རྗེས་མར་ཚོགས་རྒྱུའི་འཛམ་གླིང་གི་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཉི་ཤུ་ལྷན་ཚོགས་

ཐོག་རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཏའོ་དང་མཇལ་འཕྲད་གནང་རྒྱུའི་སྐབས་དེར་རྒྱ་ནག་གི་ཚོང་འབྲེལ་ཐོག་ལ་ཐེངས་

དང་པོ་རྩོད་གཞིའི་གནད་དོན་ཞིག་བཟོས་གནང་བ་མ་ཟད་རེས་གཟའ་ཉི་མའི་ཉིན་རྒྱ་ནག་གི་ཤིང་ཧཱ་གསར་ཤོག་

ཐོག་ལ་སྲིད་འཛིན་ཨོ་བཱ་མ་ཡིས་མོ་ཊའི་འཁོར་ལོ་ནང་འདྲེན་གྱི་དཔྱ་ཁྲལ་སྤར་བྱ་གནང་བ་དེའི་རྐྱེན་གྱིས་རྒྱ་མི་ལས་

བཟོ་བ་འབུམ་གཅིག་ལྷག་ལས་མེད་དུ་འགྱུར་རྒྱུ་ཡིན་པ་གནས་ཚུལ་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་ཀྱི་ཡོད་པ་ལུང་

འདྲེན་བྱས་ཡོད་པ་རེད།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།