དམག་དོན་སྦྱོང་བརྡར།

12/08/2009 11:53

རྒྱ་ནག་དམག་དཔུང་གིས་དམག་དོན་སྦྱོང་བརྡར།

རེས་གཟའ་མིག་དམར་ཉིན་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་དམག་སྒར་གྱི་རྟེན་གཞི་ནས་རྒྱང་ཐག་རིང་པོ་ཆོད་པའི་ས་ཁུལ་དུ་

དཔུང་དམག་ཆེད་རྫོངས་བྱ་རྒྱུར་དམིགས་པའི་གཞི་རྒྱ་ཆེ་བའི་དམག་རྩལ་སྦྱོང་བརྡར་ཞིག་བྱེད་འགོ་ཚུགས་འདུག་ཅིང་འདི་ནི་གཙོ་བོ་བོད་དང་

ཤར་ཏུར་ཀི་སི་ཐན་གྱི་ནང་བདེ་འཇགས་འབྱུང་ཐབས་ལ་དམིགས་པ་ཞིག་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་འགྲེལ་བརྗོད་བྱེད་བཞིན་ཡོད་

པ་རེད།    དམག་མི་གྲངས་ལྔ་ཁྲི་ཙམ་ཡོད་པའི་དམག་རྩལ་སྦྱོང་བརྡར་འདི་བཞིན་དམག་སྒར་གྱི་རྟེན་གཞི་ཁག་ནས་རྒྱང་ཐག་རིང་པོ་ཆོད་

པའི་ས་ཁུལ་ཞིག་ཏུ་ཟླ་བ་གཉིས་རིང་སྦྱོང་བརྡར་བྱ་རྒྱུ་ཡིན་འདུག་པ་དང་འདི་ནི་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་ལོ་རྒྱུས་ནང་གི་

འཐབ་རྩལ་གྱི་དམག་སྦྱོང་གཞི་རྒྱ་ཆེ་ཤོས་ཤིག་ཡིན་པ་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག

 

ཐེངས་འདིའི་དམག་སྦྱོང་ནང་གི་དཔུང་དམག་དེ་དག་རྒྱ་ནག་སྐམ་ས་ཆེན་པོའི་ས་གནས་ཤེན་ཡང་དང་ལན་ཀྲུ།ཇི་ནན་དང་གུའང་ཀྲུ་བཅས་

ནས་བསྡུ་རུབ་བྱས་ཡོད་འདུག་ཅིང་དམག་སྦྱོང་འདིའི་དགོས་མཁོ་གཙོ་བོ་ཞིག་ནི་བོད་དང་ཤིན་ཅང་ནང་ཡོད་པའི་དཔུང་དམག་གི་རྒྱབ་རྟེན་

ཆེ་རུ་གཏོང་རྒྱུ་དེ་ཡིན་པ་བརྗོད་བཞིན་ཡོད་པ་རེད།      དམག་མི་ས་ཡ་གཉིས་དང་འབུམ་གསུམ་ཙམ་ཡོད་པའི་རྒྱ་ནག་མི་དམངས་བཅིངས་

འགྲོལ་དམག་ནི་འཛམ་གླིང་ནང་དམག་མི་མང་ཤོས་ཡོད་པའི་དཔུང་སྟེ་དེ་ཡིན་ཞིང་འདས་པའི་ལོ་ངོ་ཉི་ཤུ་ལྷག་རིང་རྒྱ་ནག་གཞུང་གིས་ལོ་

རེའི་དམག་དོན་གྱི་འགྲོ་གྲོན་ལྡབས་མང་པོས་སྤར་ཆ་བྱས་སྟེ་ཆེས་དེང་དུས་ཅན་གྱི་མཁའ་དམག་གནམ་གྲུ་དང་རྡུལ་ཕྲན་མཚོན་ཆ་ལྡན་པའི་

ཆུ་འོག་གྲུ་གཟིང་དེ་བཞིན་རྒྱང་ཚད་རིང་པོར་སྙོབས་ཐུབ་པའི་མེ་ཤུགས་འཕུར་མདེལ་སོགས་ཀྱི་གྲངས་ཚད་ཇེ་ཆེར་སྤར་ཡོད་པ་དང་ཕྱི་ལོ་

ཉིས་སྟོང་དགུ་ལོའི་དམག་དོན་གྱི་འགྲོ་གྲོན་ལོ་སྔ་མ་ལས་བརྒྱ་ཆ་བཅོ་ལྔ་ཙམ་གྱི་སྤར་ཆ་བྱས་སྟེ་ཨ་རིའི་ཌོ་ལར་ཐེར་འབུམ་བདུན་བཅུ་དང་

ས་ཡ་གསུམ་བརྒྱ་ཙམ་ལ་གཏན་འབེབས་བྱས་ཡོད་པ་རེད།

 

ཧྲང་ཧེ་མཐོ་རིམ་གཙུག་ལག་སློབ་གྲྭའི་སྲིད་དོན་ཚན་རིག་དང་ཁྲིམས་ཀྱི་སྡེ་ཚན་གྱི་སློབ་དཔོན་རྒྱ་ནག་གི་དམག་དོན་ཐད་ཀྱི་མཁས་པ་སྐུ་

ཞབས་ནི་ལེ་ཤོང་གིས་ས་ཐག་རིང་པོར་དཔུང་དམག་ཆེད་རྫོངས་བྱ་རྒྱུའི་དམག་སྦྱོང་འདི་ནི་བོད་དང་ཤིན་ཅང་གི་ནང་གློ་བུར་དུ་འབྱུང་བའི་

དོན་རྐྱེན་ཁག་ལ་འཕྲལ་མར་གདོང་ལེན་བྱ་རྒྱུར་དམིགས་པ་དང་ཆབས་ཅིག་ས་ཡོམ་དང་ཆུ་ལོག་ལ་སོགས་པའི་རང་འབྱུང་གི་གནོད་ཚེ་འབྱུང་

ཡུལ་གྱི་ས་ཁུལ་ཁག་ཏུ་ཡང་མྱུར་སྐྱོབ་ཀྱི་ལས་དོན་སྤེལ་ཐུབ་རྒྱུར་ཡང་དམིགས་པ་ཞིག་ཡིན་པ་གསུངས་འདུག།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།