དུག་རྫས་སྨན་ཁབ་

13/09/2009 10:39

རྒྱ་ཧན་ཚོར་དུག་རྫས་སྨན་ཁབ་བཙུཌ་མཁན་གསུམ་ལ་ཁྲིམས་ཐག   

རྒྱ་ནག་གིས་ཤིན་ཅང་ཞེས་འབོད་པའི་ཤར་ཏུར་ཀི་སི་ཐན་ནང་གི་ཁྲིམས་ཁང་ཞིག་གིས་ཉེ་དུས་ཁུལ་དེའི་ནང་

རྒྱ་ཧན་མི་རིགས་ཐོག་དུག་རྫས་སྨན་ཁབ་བཙུགས་པའི་དོན་རྐྱེན་ནང་ལེ་ཁག་ཡོད་པའི་སྐྱོན་འཛུགས་བྱ་ཡུལ་མི་

གསུམ་ལ་ལོ་བདུན་ནས་བཅོ་ལྔ་བར་དུས་བཀག་བཙོན་འཇུག་གི་ཉེས་ཆད་གཏོང་རྒྱུའི་ཐག་གཅོད་གསལ་བསྒྲཌ་

བྱས་འདུག

དེ་རིང་གྲོང་ཁྱེར་ཨུ་རུམ་ཆི་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཉེ་དུས་ཁུལ་དེའི་ནང་དུག་རྫས་སྨན་ཁབ་

བཙུགས་པའི་བྱ་སྤྱོད་དང་འབྲེལ་བ་ཡོད་མཁན་མི་གསུམ་ལ་ཁྲིམས་ཞིབ་ཐེངས་དང་པོ་དེ་བྱས་ནས་ལོ་བཅོ་ལྔ་

བར་དུས་བཀག་བཙོན་འཇུག་གི་ཉེས་ཆད་བཏང་ཡོད་སྐོར་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ལས་ཁང་གིས་

གནས་ཚུལ་སྤེལ་བཞག        ལོ་གྲངས་སུམ་ཅུ་སོ་བཞི་ལ་སླེབས་པའི་མུ་ཧུ་ཏེར་ཅང་ཏུར་རྡི་དང་ལོ་ན་ཉི་ཤུ་རྩ་

གཉིས་ཡིན་པའི་བུད་མེད་ཨའེ་མན་ནི་ཤ་གུ་ལི་གཉིས་ལ་གླ་སླད་འགྲུལ་འཁོར་གྱི་ཁ་ལོ་པར་སྨན་ཁབ་བཙུགས་

རྒྱུའི་སྡིག་ར་སྐུལ་ནས་རྒྱ་མིའི་དངུལ་ལོར་༧༡༠བཙན་འཕྲོག་བྱས་པའི་ནག་ཉེས་འོག་ལོ་བཅུ་དང་བདུན་རིང་

དུས་བཀག་བཙོན་འཇུག་གི་ཉེས་ཆད་བཏང་འདུག

དེ་བཞིན་ལོ་བཅུ་དགུ་ཡིན་པའི་ན་གཞོན་ཡི་ལི་ཕན་ཡི་ལི་ཧ་མུས་ཤིང་ཏོག་ཉོ་མཁན་བུད་མེད་ཅིག་ལ་ཁབ་

བཙུགས་པའི་ནག་ཉེས་འོག་ཁྲིམས་ཁང་གིས་ལོ་བཅོ་ལྔའི་རིང་དུས་བཀག་བཙོན་འཇུག་གི་ཉེས་ཆད་བཏང་

འདུག    གོང་ཞུས་ཉེས་ཆད་ཕོག་པའི་མི་གསུམ་ཀ་ཁ་ཆེ་ཡུ་གུར་མི་རིགས་ཡིན་པ་དང་ཁོང་ཚོས་ཁབ་བཙུགས་

ནས་མི་འདས་གྲོངས་ཕྱིན་པའི་གནས་ཚུལ་བྱུང་མེད་པ་རེད།

འོན་ཀྱང་བདུན་སྔོན་མ་ཨུ་རུམ་ཆི་ནང་མི་དམངས་སྟོང་ཕྲག་མང་པོས་ངོ་རྒོལ་བྱས་པའི་སྐབས་མི་ལྔ་རྐྱེན་ལམ་

དུ་ཕྱིན་ཡོད་ནའང་ས་གནས་དཔོན་རིགས་ཚོས་ཁོང་ཚོ་རྐྱེན་ལམ་དུ་འགྲོ་དགོས་དོན་ཇི་ཡིན་གསལ་བཤད་བྱེད་

ཀྱི་མེད་པ་རེད། རྒྱ་ནག་གཞུང་གིས་དུག་རྫས་རྨན་ཁབ་བཙུགས་པའི་བྱ་སྤྱོད་དེ་ནི་ཡུ་གུར་ཁ་བྲལ་པ་ཚོས་རྒྱ་ནག་

གི་དབང་བསྒྱུར་ལ་འགོག་རྒོལ་བྱ་རྒྱུའི་དོན་དུ་བརྩམས་པའི་ལས་འགུལ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད༎

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།