དྲུང་ཆེར་སྐྱོན་བརྗོད།

19/08/2009 09:37

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེར་སྐྱོན་བརྗོད།  ནོར་ལྦེ་གཞུང་གི་མཐོ་རིམ་ཕྱི་འབྲེལ་དཔོན་རིགས་ཤིག་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་

སྐུ་ཞབས་སྦན་ཀི་མུན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུ་ཁྲིད་ཡིན་པའི་ལག་འགན་དེ་འཁུར་ཐུབ་ཀྱི་མེད་པའི་སྐྱོན་

བརྗོད་ཞུས་ཡོད་པ་རེད།    དེ་རིང་རེས་གཟའ་ལྷག་པའི་ཉིན་སུད་ཀྲན་གྱི་ཉིན་རེའི་གསར་ཤོག་ཅིག་གི་ཐོག་ལ་གནས་

ཚུལ་སྤེལ་བའི་ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་དུ་ཡོད་པའི་ནོར་ལྦེ་གཞུང་གི་ཕྱི་འབྲེལ་སྐུ་ཚབ་ལྕམ་མོ་

ན་ཇུལ་ཡིས་སྐུ་ཞབས་སྦན་ཀི་མུན་གྱི་ལས་ཁུངས་བརྒྱུད་སྐྱོན་བརྗོད་ཀྱི་ཡི་གེ་ཞིག་བཏང་ཡོད་ཅིང་ཡི་གེ་དེའི་ངོ་བཤུས་

ཤིག་གསར་ཤོག་ལས་ཁང་དེར་ལག་སོན་བྱུང་བའི་ནང་ཁོང་གིས་སྐུ་ཞབས་སྦན་ཀི་མུན་ནི་དབུ་ཁྲིད་ནུས་པ་བཏོན་ཐུབ་

མཁན་མིན་པའི་སྐོར་དང་ཁོང་གི་གཤིས་སྤྱོད་ནི་ལེ་ལོ་ཞིང་དམིགས་བསལ་ཉེ་བའི་འཆར་གྱི་གནས་ཚུལ་ཞིག་ལ་ཤི་རི་

ལང་ཀའི་གཞུང་དང་ཊ་མིལ་སྟག་གི་གྱེན་ལོག་ཤོག་ཁག་ཟེར་བའི་བར་མི་ལོ་བཅུ་ཕྲག་མང་པོའི་རིང་ལ་འཐབ་འཁྲུག་

རྒྱབ་ཏེ་ཉེ་ཆར་ཤི་རི་ལང་ཀའི་གཞུང་གིས་གྱེན་ལོག་ཤོག་ཁག་རྩ་མེད་བཟོ་རྒྱུ་ཡིན་ཞེས་དམར་གསོད་ཆེན་པོ་གཏོང་

མཁན་གྱི་གཞུང་དེའི་ཐོག་ལ་ནུས་པ་ཐོན་པའི་བྱ་ཐབས་འཛིན་ཐུབ་མེད་པ་རེད་ཅེས་དང་ཡང་ཁོང་གིས་རྒྱལ་སྤྱིའི་ནང་

དེང་སྐབས་དཔལ་འབྱོར་གྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་པའི་གནད་དོན་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན།

འབར་མའི་དྲག་པོའི་གཞུང་གིས་དམངས་གཙོའི་དབུ་ཁྲིད་ལྕམ་ཨོང་སང་སུ་ཀི་མི་ལོ་བཅུ་ཕྲག་མང་པོའི་རིང་དོ་དམ་

བཀག་ཉར་བྱེད་པའི་གནད་དོན་སོགས་དཀའ་ངལ་དེ་དག་སེལ་ཐབས་དང་གདོང་ལེན་བྱ་རྒྱུར་ཧ་ཅང་གི་ཞན་ཆ་ཡོད་

པའི་སྐོར་གསུངས་ཡོད་པ་རེད། ཁོང་གིས་སྐྱོན་བརྗོད་བཀའ་མོལ་དེ་ནི་རིང་མིན་ཟླ་བ་འདིའི་ཕྱི་ཚེས་སུམ་ཅུ་སོ་གཅིག་

ཉིན་སྐུ་ཞབས་སྦན་ཀི་མུན་ནོར་ལྦོ་ཡི་རྒྱལ་ས་ཨོ་སོ་ལོ་དུ་འཚམས་འདྲིར་ཕེབས་རྒྱུའི་དུས་ཚོད་ཟིན་པ་གཟའ་འཁོར་

གཉིས་ཡོད་པའི་དུས་སྐབས་དེར་གསུང་ཡོད་པ་དང་དེ་རིང་བར་ལ་ལྕམ་ཁོང་གི་སྐྱོན་བརྗོད་ཀྱི་གནས་ཚུལ་སྤེལ་བ་དེའི་

ཐོག་ལ་ནོར་ལྦེ་ཕྱི་སྲིད་ལྷན་ཁང་གིས་འདི་བྱས་དེ་མིན་གྱི་འགྲེལ་བརྗོད་གང་ཡང་གནང་མེད་པ་རེད།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།