ན་གཞོན་ཞིག་འཛིན་བཟུང

18/11/2009 15:56

ཁམས་སོག་རྫོང་ནས་ཡིན་པའི་ན་གཞོན་ཞིག་འཛིན་བཟུང

ཉེ་ཆར་གསར་དུ་འབྲེལ་ཡོད་ནས་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་བྱུང་བ་ལྟར་ན། ཕ་ཡུལ་ཁམས་སོག་རྫོང་ནས་ཡིན་

པ་བུ་རང་ལོ་༢༥ ཙམ་སོན་པ། མིང་ལ་ཨ་ནིས་ཟེར་བ་ད་ལོའི་ཕྱི་ཟླ་༡༠ ཚེས་༡ གཡས་གཡོན་དུ་ཁོང་གི་QQ དྲ་གནས་

སུ་ཆབ་སྲིད་དང་འབྲེལ་བའི་པར་རིས་ཡོད་པ་དང།  དེ་བཞིན་ཕྱིའི་རྒྱལ་ཁབ་ཏུ་འབྲེལ་བ་འདུག་ཚུལ་གྱི་ཉེས་མིང་

བཏགས་ནས་འཛིན་བཟུང་བྱས་ཡོད་པ་དང། ད་སྐབས་ཁོ་རང་ས་གནས་གང་ཞིག་ཏུ་བཙོན་འཇུག་བྱས་ཡོད་མེད་ཀྱི་

གནས་ཚུལ་གང་ཡང་ཤེས་རྟོགས་མ་ཐུབ་པར་ལུས་ཡོད་འདུག 

དེ་སྔོན་གསར་འགྱུར་བརྒྱུད་ལམ་ཁག་ཏུ་སྤེལ་ཚར་བ་ལྟར་ཕྱི་ཟླ་༡༠ ཚེས་༡ རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཉིན་འཛིན་

བཟུང་བྱས་པའི་སོག་རྫོང་གི་ན་གཞོན་གསུམ་གྱི་གྲས་སུ་ཡོད་པ་ཞིག་རེད་འདུག་ལ། ཁྱོན་བསྡོམས་ད་བར་ཉེས་མིང་

གཅིག་གི་འོག་སོག་རྫོང་ནས་ཡིན་པའི་ན་གཞོན་ལྔ་འཇུ་བཟུང་བྱས་པའི་གནས་ཚུལ་ཐོན་ཡོད་པ་རེད།།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།