ནང་འདྲེན་བཀག་སྡོམ།
28/07/2009 12:04
རྒྱ་གར་གྱིས་རྒྱ་ནག་ནས་བཟོས་པའི་བྱི་རིལ་ནང་འདྲེན་བཀག་སྡོམ།
RFA རླུང་འཕྲིན་ཁང་།
འོ་མས་བཟོས་པའི་བཟའ་ཆས་རིགས་ནང་ལ་རྫས་དུག་རིགས་ཡོད་སྲིད་པའི་དོགས་གཞི་ཡོད་སྟབས་རྒྱ་
ནག་ནས་ནང་འདྲེན་བྱ་རྒྱུ་བཀག་སྡོམ།
༄༅༎རྒྱ་གར་གཞུང་གིས་རྒྱ་ནག་ནས་ཆོ་ཁོ་ལ་ཌེ་བྱི་རིལ་རིགས་ནས་འདྲེན་བྱ་རྒྱུ་བཀག་སྡོམ་བྱས་ཡོད་
འདུག དེ་ཡང་ཉེ་དུས་རྒྱ་ནག་ཏུ་འོ་མའི་ནང་མེའེ་ལ་མིན་ཟེར་བའི་རྫས་དུག་རིགས་བསྲེས་ནས་ཚོང་
འགྲེམས་བྱས་པའི་གནས་ཚུལ་འདོན་པའི་རྗེས་རྒྱ་གར་གཞུང་གིས་རྒྱ་ནག་ནས་འོ་མས་བཟོས་པའི་བཟའ་
ཆའི་རིགས་ནང་འདྲེན་བྱ་རྒྱུ་ན་ནིང་ཕྱི་ཟླ་དགུ་པའི་ནང་ནས་བཀག་སྡོམ་བྱས་པ་ལྟར་རྒྱ་གར་གཞུང་གིས་
རྒྱ་ནག་ནང་འོ་མའི་རིགས་ཀྱི་བཟའ་ཆས་ནང་འདྲེན་བྱ་རྒྱུ་བཀག་སྡོམ་གྱི་གྲངས་ཚད་མང་དུ་བཏང་ནས་
ད་རེས་འོ་མས་བཟོས་པའི་བཟའ་ཆས་ཆོ་ཁོ་ལ་ཌེ་སོགས་ནང་ལ་ཡང་གོང་ཞུས་རྫས་དུག་རིགས་ཡོད་སྲིད་
པའི་དོགས་གཞི་ཡོད་སྟབས་རྒྱ་གར་གཞུང་གིས་གནས་སྐབས་རྒྱ་ནག་ནས་ཆོ་ཁོ་ལ་ཌེ་ཟེར་བའི་འོ་མས་གཙོ་
བོ་བཟོས་པའི་བཟའ་ཆས་རིགས་ནང་འདྲེན་བྱ་རྒྱུ་བཀག་སྡོམ་བྱ་རྒྱུ་ཡིན་པ་རྒྱ་གར་གྱི་ཚོང་དོན་བློན་ཆེན་ཨ་
ནན་ཤར་མ་ཡིས་གཟའ་ཟླ་བའི་ཉིན་རྒྱ་གར་གྱི་ཚགས་ཤོག་པི་ཊི་ཨའེ་ཟེར་བར་འགྲེལ་བརྗོད་གནང་ཡོད་
པ་རེད།
རྒྱ་གར་གྱི་ཚོང་དོན་བློན་ཆེན་སྐུ་ཞབས་ཤར་མ་ཡིས་མུ་མཐུད་གསུང་ན་འཛམ་གླིང་གི་བཟའ་ཆས་སྤུས་ཚད་
ཀྱི་ཚད་གཞི་དམ་དུ་བཏང་བར་བརྟེན་ནས་རྒྱ་ནག་དང་དེ་མིན་གྱི་རྒྱལ་ཁབ་ཁག་ཅིག་ནས་བཟའ་ཆས་ནང་
འདྲེན་བྱ་རྒྱུར་སྤུས་ཚད་ཚད་གཞི་དང་ལྡན་དགོས་ཀྱི་ཡོད་པ་གསུངས་བཞག ན་ནིང་རྒྱ་ནག་གི་འོ་མའི་
བཟའ་ཆས་བཟོ་སྐྲུན་བྱེད་མཁན་གྱི་ཁེ་ལས་ཁང་ཉི་ཤུ་ལྷག་ཙམ་གྱིས་འོ་མའི་ནང་མེའེ་ལ་མིན་ཟེར་བའི་རྫས་
དུག་རིགས་བསྲེས་ནས་ཕྱིར་ཚོང་བྱས་པར་བརྟེན་ནས་ཉེས་ཆད་ཕོག་ཡོད་པ་དང་རྫས་དུག་དེ་རིགས་འོ་མའི་
ནང་བསྲེས་ལྷད་བཏང་ཏེ་བཟོས་པའི་བཟའ་ཆས་རིགས་བཟས་སྟེ་རྒྱ་ནག་ནང་ཕྲུ་གུ་དྲུག་རྐྱེན་ལམ་དུ་ཕྱིན་
ཡོད་པ་དང་མི་གྲངས་ཁྲི་གསུམ་ཅུ་ལྷག་ཙམ་ལ་ནད་གཞི་ཕོག་ཡོད་པ་རེད།
ཉེ་བའི་ཟླ་བ་ཁ་ཤས་ནང་རྒྱ་གར་གཞུང་གིས་རྒྱ་ནག་གི་དངོས་ཟོག་སྣེ་གྲངས་མང་པོ་ཞིག་རྒྱ་གར་ནང་ནང་
འདྲེན་བྱ་རྒྱུར་བཀག་སྡོམ་བྱས་ཡོད་ཅིང་ད་ལོ་ཕྱི་ཟླ་དང་པོའི་ནང་རྒྱ་གར་གྱིས་རྒྱ་ནག་ནས་ཕྲུ་གུའི་རྩེད་ཆས་
རིགས་ནང་འདྲེན་བྱ་རྒྱུ་ཡང་བཀག་སྡོམ་བྱས་ཡོད་པ་རེད།
———
Back