ཕཱ་རན་སིར་ཉེན་བརྡ་

08/05/2009 09:48

རྒྱ་ནག་གིས་ཕཱ་རན་སིར་ཉེན་བརྡ་བཏང་བ།

འདོན་སྤེལ།༢༠༠༩།༥།༨ RFA རླུང་འཕྲིན་ཁང་།

རྒྱ་ནག་གིས་ཕཱ་རན་སིས་༸གོང་ས་མཆོག་ལ་ཕཱ་རན་སི་རྒྱལ་ཁབ་ཀྱི་ཆེ་

བསྟོད་མི་སེར་གྱི་གཟེངས་རྟགས་འབུལ་ན་འགྲིགས་ཀྱི་མེད་པའི་ཉེན་བརྡ།

༄༅།  བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་རྗེས་མ་ཕཱ་

རན་སི་ནང་ཆིབས་བསྒྱུར་བསྐྱངས་གནང་མཛད་སྐབས་ཕཱ་རན་སི་གཞུང་གིས་༸གོང་ས་མཆོག་ལ་ཕཱ་རན་

སི་རྒྱལ་ཁབ་ཀྱི་ཆེ་བསྟོད་མི་སེར་གྱི་གཟེངས་རྟགས་འབུལ་ན་འགྲིགས་ཀྱི་མེད་པའི་སྐོར་རྒྱ་ནག་གཞུང་གིས་

ཉེན་བརྡ་བཏང་འདུག

སྔ་ལོ་ཕཱ་རན་སི་སྲིད་འཛིན་སཱར་ཀོ་ཛི་ཡིས་བོད་མིའི་དབུ་འཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་

དང་མཇལ་འཕྲད་གནང་རྒྱུའི་མཛད་འཆར་གཏན་འབེབས་གནང་པ་དང་དེ་བཞིན་ཕཱ་རན་སི་རྒྱལ་ས་པེ་

རི་སི་ནང་རྒྱལ་སྤྱིའི་ཨོ་ལིམ་པིག་གི་དཔལ་འབར་སྐོར་བསྐྱོད་ཀྱི་ལས་དོན་ཐོག་བོད་མི་དང་བོད་དོན་རྒྱབ་

སྐྱོར་བ་ཚོས་ངོ་རྒོལ་བྱས་པའི་རྐྱེན་གྱིས་འགོག་རྐྱེན་ཆེན་པོ་བཟོས་པ་སོགས་ཀྱིས་རྒྱ་ནག་དང་ཕཱ་རན་སི་གཉིས་

ཀྱི་འབྲེལ་ལམ་ལ་དོ་ཕོག་བྱུང་བ་མ་ཟད་རྒྱ་ནག་གཞུང་གིས་ཡོ་རོབ་མཉམ་སྦྲེལ་སྒྲིགས་འཛུགས་ཀྱི་ཆེས་མཐོའི་

ལྷན་ཚོགས་ནས་ཕྱིར་འཐེན་བྱས་ཡོད་པ་རེད།          ཡིན་ཡང་ཟླ་བ་སྔོན་མ་རྒྱ་ནག་དང་ཕཱ་རན་སི་ཡི་སྲིད་

འཛིན་རྣམ་གཉིས་ཀྱི་མཇལ་འཛོམས་ཐོག་ཟུང་འབྲེལ་གསལ་བསྒྲགས་ཤིག་སྤེལ་བའི་ནང་ཕཱ་རན་སི་གཞུང་

གིས་བོད་འདི་བཞིན་རྒྱ་ནག་གི་ཆ་ཤས་ཡིན་པའི་ལངས་ཕྱོགས་ནན་བརྗོད་བྱས་སྟེ་ཕྱོགས་གཉིས་དབར་

འབྲེལ་ལམ་སྐྱར་གསོ་བྱུང་བཞིན་ཡོད་པ་རེད། བོད་ཀྱི་དབུ་འཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་

ཟླ་བ་རྗེས་མ་ཕཱ་རན་སི་རྒྱལ་ས་པེ་རི་སིར་ཆིབས་བསྒྱུར་གནང་རྒྱུ་ཡིན་པར་སོང་རྒྱ་ནག་གཞུང་གིས་སྔོན་ཚུད་

ནས་ཕཱ་རན་སི་གཞུང་གི་༸གོང་ས་མཆོག་ལ་སྣེ་ལེན་ཞུ་ཕྱོགས་ཐད་གནོན་ཤུགས་སྤྲོད་ཐབས་བྱེད་བཞིན་པ་

རེད།   དེ་ཡང་རེས་གཟའ་ལྷག་པའི་ཉིན་རྒྱ་ནག་ཕྱི་འབྲེལ་ལས་ཁུངས་ཀྱི་མགྲིན་ཚབ་པ་མཱ་ཀྲའོ་ཤུ་གིས་

སྔ་ལོ་ཕཱ་རན་སི་རྒྱལ་ས་པེ་རི་སི་གྲོང་ཁྱེར་སྲིད་གཞུང་ནས་ཏཱ་ལའི་བླ་མར་ཆེ་བསྟོད་མི་སེར་གྱི་གཟེངས་

རྟགས་འབུལ་རྒྱུའི་ཐག་གཅོད་བྱས་སྟེ་རྒྱ་ནག་མི་མང་ལ་ཁོང་ཁྲོ་ཆེན་པོ་བསླངས་ཡོད་པ་རེད།   གལ་

སྲིད་ད་རེས་ཏཱ་ལའི་བླ་མར་ཆེ་བསྟོད་མི་སེར་གྱི་གཟེངས་རྟགས་དངོས་སུ་འབུལ་ཚེ་དེར་རྒྱ་ནག་མང་

ཚོགས་ནས་སླར་ཡང་ངོ་རྒོལ་བྱ་རྒྱུ་ངེས་པར་སོང་པེ་རི་སི་གྲོང་ཁྱེར་སྲིད་གཞུང་ཐོག་ནས་ཏཱ་ལའི་བླ་མར་

མི་སེར་གྱི་གཟེངས་རྟགས་འབུལ་རྒྱུ་ལ་སོགས་པའི་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་ཀྱི་ལས་དོན་རིགས་འཕྲལ་

དུ་མཚམས་འཇོག་བྱ་དགོས་སྐོར་ངར་ཤུགས་ཆེན་པོའི་ཐོག་ནས་ཕཱ་རན་སི་གཞུང་ལ་ཉེན་བརྡ་བཏང་བཞག།

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།