ཕྲུ་གུ་གཉིས་ཡོད་ཆོག་

28/07/2009 19:26

ཕྲུ་གུ་གཉིས་ཡོད་ཆོག་ཟེར།

རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་རུ་བཟའ་ཚང་གཅིག་གིས་ཕྲུ་གུ་གཉིས་རེ་སྐྱེ་དགོས་པའི་སྐུལ་མ་བྱེད་ཀྱིན་ཡོད་པ་མ་

ཟད་ད་ལྟ་ཕྲུ་གུ་ཡིན་པའི་ཕྲུ་གུ་ཚོར་ཡང་རྗེས་མ་ཕྲུ་གུ་གཉིས་རེ་སྐྱེ་དགོས་པའི་སྐུལ་མ་བྱེད་ཀྱིན་ཡོད་འདུག

ཧྲང་ཧེ་རུ་ཡོད་པའི་མི་རྣམས་ལོ་ལོན་པ་དང་འཚར་ལངས་འབྱུང་བཞིན་པའི་གཞོན་རབས་པ་ཉུང་བར་བརྟེན། རྒྱ་ནག་གི་བཟོ་གྲྭའི་ལྟེ་གནས་ཀྱི་གྲོང་ཁྱེར་འདིར་ལས་བཟོ་བས་འདང་རྒྱུ་མིན་པའི་སེམས་ཁྲལ་ཡོང་གི་ཡོད་འདུག གཞུང་འབྲེལ་མི་སྣ་རྣམས་ཁྱིམ་ཚང་སོ་སོར་སོང་སྟེ་ཕྲུ་གུ་གཉིས་པ་ཞིག་སྐྱེ་ཆོག་པའི་སྐུལ་མ་གཏོང་གི་ཡོད་པ་མ་

ཟད། ཕྲུ་གུ་གཉིས་པ་ཞིག་སྐྱེ་ཆོག་པའི་སྲིད་བྱུས་འདི་ཁྱབ་བསྒྲགས་བྱེད་བཞིན་པ་དང་འདིའི་སྟེང་དུ་སློབ་སྟོན་ཞབས་

ཞུ་ཡང་སྒྲུབ་ཀྱིན་ཡོད་འདུག

ཕྲུ་གུ་གཅིག་ལས་མེད་པའི་མི་ཚང་གིས་གྲོང་ཁྱེར་འདིའི་སྤྱིའི་མི་འབོར་ས་ཡ་ ༡༩ ཙམ་ཡོད་པའི་བརྒྱ་ཆ་ ༩༧ ཟིན་

ཡོད་པ་དང་། རང་ལོ་ ༦༠ དང་དེའི་ཡན་དུ་སོན་པའི་གྲངས་འབོར་གྱིས་བརྒྱ་ཆ་ ༢༡་༦ ཟིན་ཡོད་འདུག

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།