བཙན་འཛུལ།

11/09/2009 18:57

རྒྱ་མིས་ལ་དྭགས་ལ་བཙན་འཛུལ།


ཟླ་བ་འདིའི་ཚེས་བདུན་ཉིན་ཧིན་དྷི་དུས་བབ་ནང་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གིས་རྒྱ་གར་གྱི་ས་མཚམས་

བརྒལ་ནས་ཚུར་སྤྱི་ལེ་ ༡་༥ ཉེ་བར་བཙན་འཛུལ་བྱས་ཡོད་འདུག   རྒྱ་ནག་གིས་རྒྱ་གར་གྱི་ས་ཁུལ་ལ་དྭགས་དང་

སྤི་ཏིའི་ཁུལ་དུ་བཙན་འཛུལ་བྱས་པར་མ་ཟད། རྡོ་ཕུང་དང་ས་རྟགས་ཡོངས་ལ་ཚོན་རྩི་དམར་པོས་དམར་རྟགས་

བརྒྱབས་ཡོད་འདུག རྒྱ་དམག་རྣམས་ས་མཚམས་བརྒལ་ཏེ་ཕལ་ཆེར་སྤྱི་ལེ་ ༡་༥ ཡོང་ཡོད་འདུག་ལ།  རྒྱ་དཀར་

ནག་གཉིས་ཀྱི་ས་མཚམས་སུ་རྒྱལ་སྤྱིས་ངོས་འཛིན་ཡོད་པའི་རི་བོ་རྒྱའི་ཉེ་འགྲམ་གྱི་རྒྱ་གར་ས་ཁུལ་དུ་འཛུལ་


འདུག   དམག་མི་ཚོས་ཁ་བའི་ལྷ་མོར་འབོད་ཅིང་མཐོ་ཚད་ལ་སྨི་ ༢༢་༤༢༠ ཡོད་པའི་རི་བོ་
རྒྱ་ནི་ལ་དྭགས་

དང་སྤི་ཏི།  བོད་བཅས་ཀྱི་ནང་དུ་གནས་ཤིང་དབྱིན་ཇིས་རྒྱ་གར་དབང་སྒྱུར་བྱས་པའི་སྐབས་རྒྱལ་མཚམས་བགོས་

ཏེ་རྒྱལ་ཁབ་གཉིས་ཀས་རྒྱལ་སྤྱིའི་ས་མཚམས་སུ་ངོས་འཛིན་བྱས།  གནས་ཚུལ་མཁོ་སྤྲོད་པས་བཤད་ན། རྒྱ་མིས་ཙུ་

ལུང་ལ་དང་། ས་རྟགས། བྲག་རྡོ་ཡོད་ཚད་དུ་དམར་རྟགས་བརྒྱབས་པ་དང་རྒྱ་གར་གྱི་ས་མཚམས་སུ་འཛུལ་ནས་གང་

སར་རྒྱ་ནག’‘རྒྱ་ནགཅེས་རྒྱ་ཡིག་གིས་བྲིས་ཡོད་པ་རྣམས་ས་མཚམས་སྲུང་མིས་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་

ཤེས་རྟོགས་བྱུང་འདུག         གནས་ཚུལ་འདི་མ་བྱུང་སྔོན་དུ་རྒྱ་ནག་གི་ཐད་འཕུར་གནམ་གྲུས་རྒྱ་གར་གྱི་མཁའ་

ལམ་བརྒལ་ཏེ་ཆུ་མར་ས་ཁུལ་གྱི་ཐོད་དུ་ཟླ་བ་དྲུག་པའི་ནང་སླེབས་ཡོད་ལ་དུས་ཚོད་ཡོལ་ཟིན་པའི་ཁ་ཟས་སྐོར་ཞིག་

གཡུགས་ཡོད་འདུག

འདིའི་སྐོར་ལ་རྒྱ་གར་གྱི་དམག་དཔོན་ཞིག་གིས་བཤད་དོན འདི་ནི་རྒྱ་དཀར་ནག་གཉིས་ཀར་ས་ཐིགས་དང་བདག་

དབང་དངོས་ཀྱི་ཐད་བཤད་ཚུལ་འདྲ་མིན་ཡོད་པའི་ཆུ་མར་ས་ཁུལ་གྱི་ལྷོ་ངོས་སུ་ཐད་འཕུར་གནམ་གྲུ་འགའ་འཕུར་

བའི་སྐོར་གྱི་གནས་ཚུལ་ཞིག་རེད། གནས་ཚུལ་ཡར་ཞུ་བྱེད་མཁན་ས་ཁུལ་འདིའི་རྫི་བོ་རྣམས་རེད།ཟེར་ཡང་རྒྱ་དཀར་

ནག་གཉིས་ཀྱིས་འདིའི་བདག་དབང་དངོས་ཀྱི་ཐད་སྐད་ཆ་བཤད་དེ་ ༢༠༠༢ ལོར་ས་ཁྲའང་བརྗེ་ཟིན་འདུག

ཤ་ཀླན་འཇམ་དབྱངས་གྲགས་པའི་ཟིན་བྲིས་ལས་བཤུས།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།