བཞི་ལ་ཁྲིམས་ཆད

18/09/2009 19:26

ཡུ་གུར་བ་བཞི་ལ་ཁྲིམས་ཆད།

རྒྱ་གཞུང་གིས། ཡུ་གུར་བ་བཞི་ལ་དུག་ཁབ་རྒྱག་མཁན་གྱི་ཉེས་མིང་འོག་ལོ་བརྒྱད་ནས་བཅོ་ལྔ་བར་གྱི་ཁྲིམས་ཐག་

བཅད་འདུག

ཕྱི་ཚེས་ ༡༧ ཉིན་བྷི་བྷི་སི་གསར་ཁང་གི་གནས་ཚུལ་སྤེལ་བ་ལྟར་ན།  ཉེ་ཆར་ཝུ་རུ་མུ་ཆི་ནང་ཡུ་གུར་མི་རིགས་ཀྱི་ངོ་

རྒོལ་དོན་རྐྱེན་ཁྲོད་མི་ ༢༠༠ རྐྱེན་ལམ་དུ་ཕྱིན་ཡོད་འདུག་ལ།   དེ་དག་ཁྲོད་ཀྱི་མི་ ༡༧༡ ལ་དུག་ཁབ་བརྒྱབས་ཏེ་

བསད་ཡོད་པའི་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་རེད། དེ་ལྟ་ནའང་། རྒྱ་ནག་འབྲེལ་ཡོད་ཚན་པས་བརྟག་དཔྱད་བྱས་

ཀྱང་དུག་ཡོད་མེད་ཀྱི་བདེན་དཔང་ཅི་ཡང་རྙེད་མེད་ནའང་། ཡུལ་དེར་ཡོད་པའི་རྒྱ་རིགས་པ་ཚོས་ངེས་པར་དུ་རྒྱ་

ནག་གཞུང་ཕྱོགས་ནས་ཁོང་ཚོའི་བདེ་འཇགས་ལ་ཁག་ཐག་དང་སྲུང་སྐྱོབ་བྱ་དགོས་པའི་སྐད་འབོད་བྱས་མཐར། ཉེ་

བའི་ཆ་ནས་བཟུང་རྒྱ་གཞུང་གིས་དུག་ཁབ་བེད་སྤྱོད་བྱས་མཁན་དེ་ཡུ་གུར་བ་ཡིན་པར་ངོས་འཛིན་བྱས་ཏེ།  ཕྱི་ཚེས་

༡༢ ཉིན་ཝུ་རུ་མུ་ཆི་ཁྲིམས་ཁང་དུ་རང་ལོ་ ༡༩ ཡིན་པའི་ཡུ་གུར་བ་ཡུས་ལིས་ཕན་ཡུས་ལིས་ཧཱམུའུ་ལ་ལོ་ ༥ ཆབ་སྲིད་

ཀྱི་དབང་ཆ་བླངས་བ་དང་ལོ་ ༡༥ རིང་གི་བཙོན་འཇུག་ཁྲིམས་ཐག་བཅད་འདུག་ལ། རང་ལོ་ ༣༤ ཡིན་པའི་མོའུ་ཧུ་

ཐཱ་ཨར་ཐོའུ་ཨར་ཏིས་དང་རང་ལོ་ ༢༢ ཡིན་པའི་བུ་མོ་ཨར་མཱན་ནེ་ཧྲ་གྷི་རེ་གཉིས་ལ་ལོ་ ༡༠ རེའི་བཙོན་འཇུག་

ཁྲིམས་ཐག་བཅད་ཡོད་པ་མ་ཟད། གཞན་ཡུ་གུར་བ་ཞིག་ལ་རང་ལོ་བརྒྱད་ཀྱི་ཁྲིམས་ཐག་བཅད་ཡོད་པ་རེད།

ཐེངས་འདིར་ཡུ་གུར་བ་བཞི་ལ་ཁྲིམས་ཐག་བཅད་དོན་ནི། ཁོང་ཚོས་དུག་ཁབ་བེད་སྤྱད་དེ་མི་མང་བོར་གནོད་སྐྱོན་

བཟོས་ཡོད་ཚུལ་བརྗོད་ཡོད་པ་དང་། འདི་ནི་ཡུ་གུར་མི་རིགས་ཀྱི་དོན་རྐྱེན་བྱུང་རྗེས་ཀྱི་ཁྲིམས་ཆད་ཐེངས་གཉིས་པ་

དེ་ཆགས་ཡོད་འདུག

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།