བརྒྱུད་ལམ་སྐྱོན་བརྗོད་

16/09/2009 00:09

ཕྱི་སོག་གི་གསར་འགྱུར་བརྒྱུད་ལམ་ལ་སྐྱོན་བརྗོད་ཡོད་པ། 

ཕྱི་སོག་ནང་དུ་དམར་པོའི་རིང་ལུགས་མཇུག་སྒྲིལ་བ་ནས་བཟུང་བརྙན་འཕྲིན་དང་གསར་ཤོག་སོགས་གསར་འགྱུར་

གྱི་ཐོན་ཁུངས་མང་པོ་ཞིག་གསར་འཛུགས་བྱེད་ཐུབ་པ་བྱུང་ཡོད་ཀྱང་གསར་འགྱུར་གྱི་བརྒྱུད་ལམ་དེ་དག་མང་ཆེ་

བ་ནི་གསར་འགྱུར་རྫུན་མ་གཏོང་སྤེལ་བྱེད་མཁན་དང་ལྐོག་ཟ་རུལ་སུངས་བྱེད་མཁན་མི་དམངས་ཀྱི་ཐོབ་ཐང་མི་

རྩིས་མཁན་གྱི་ཇག་ཚོགས་ལྟ་བུའི་བྱ་སྤྱོད་སྤེལ་མཁན་ཤ་སྟག་ཡིན་པའི་མི་དམངས་ཀྱིས་སྐྱོན་བརྗོད་བྱེད་ཡུལ་ཞིག་

ཏུ་གྱུར་ཡོད་པ་རེད།

སོག་པོའི་མི་དམངས་ནི་བརྙན་འཕྲིན་བལྟ་རྒྱུར་དགའ་མོས་ཆེན་པོ་བྱེད་མཁན་ཞིག་ཡིན་ནའང་བརྙན་འཕྲིན་ཐོག་

ལ་མི་དམངས་ཀྱི་དགའ་མོས་བྱེད་འོས་པ་དང་ཕན་ཐོགས་པའི་ལས་རིམ་གཅིག་ཀྱང་བཏོན་གྱི་མེད་པ་མ་ཟད་སོག་

ཡུལ་ནང་དུ་མི་འབོར་ས་ཡ་གསུམ་ཙམ་ཡོད་པ་དེའི་ནང་ནས་མང་ཆེ་བ་ད་ཆ་ལས་མེད་དུ་གྱུར་ཡོད་པ་དང་དགུན་

ཁའི་གྲང་ངར་གྱི་དཀའ་སྡུག་ཆེན་པོ་མྱོང་བཞིན་ཡོད་པ་རེད། སོག་ཡུལ་གྱི་གསར་འགྱུར་ལས་ཁང་ཞིག་གི་རྩོམ་བྲིས་འགན་འཛིན་གཞོན་པ་ཌ་ལྦ་ཌོཇ་ཞུ་བས་ཕེ་རན་སི་གསར་

འགྱུར་ལས་ཁང་ལ་སོག་ཡུལ་དུ་ཉིན་རེར་གསར་ཤོག་ཁག་བཅུ་གཉིས་ཐོན་གྱི་ཡོད་པ་དང་བརྙན་འཕྲིན་ལས་ཁང་

ཁག་ཉི་ཤུ་ལྷག་ཡོད་ཅིང་ཡིན་ནའང་གསར་འགྱུར་གྱི་ནང་དོན་མང་ཆེ་བ་སྐྱོ་པོ་ཤ་སྟག་ཡིན་པ་དང་ལྷག་པར་དུ་

འདི་གར་གསར་འགྱུར་གྱི་ལས་དོན་ཐོག་དཀའ་ངལ་ཆེ་ཤོས་ནི་གསར་འགོད་པའི་དོ་སྣང་ཧ་ཅང་གི་ཆུང་དྲག་པ་

དང་གཉིས་ནས་གསར་འགྱུར་ལས་ཁང་ཁག་ལ་དཔལ་འབྱོར་གྱི་དཀའ་ངལ་འཕྲད་བཞིན་པའི་སྐོར་འགྲེལ་བརྗོད་

བྱས་ཡོད་པ་རེད།

ཡིན་ནའང་ཆབ་སྲིད་མི་སྣ་ཚོར་གསར་འགྱུར་རགས་ཐབ་ལ་དཔལ་འབྱོར་གྱི་འགྲོ་གྲོན་གཏོང་ཐུབ་ཀྱི་ཡོད་པ་མ་

ཟད་སོག་ཡུལ་ནང་གི་བརྙན་འཕྲིན་མང་ཆེ་བ་ད་ཆ་སྲིད་དོན་པ་ཚོས་བཏང་འཛིན་བྱས་ཏེ་ཕྱི་དྲོའི་ཚོུད་གཅིག་གི་

གསར་འགྱུར་ལས་རིམ་ནི་མང་ཆེ་བ་དྲིལ་བསྒྲགས་ཀྱི་ལག་ཆ་ཁོ་ནར་བེད་སྤྱོད་གཏོང་གི་ཡོད་ཅིང་དབྱིན་ཡུལ་གྱི་

མི་ཁོངས་ཡིན་པ་ཞིག་གིས་ཕེ་རན་སི་གསར་འགོད་པར་སོག་ཡུལ་གྱི་འོས་བསྡུའི་རིང་ལ་བརྙན་འཕྲིན་ནང་གི་གསར་

འགྱུར་ལས་རིམ་ཚང་མ་འཁྱོག་བཤད་ཁོ་ན་བཏོན་པ་དང་གསར་ཤོག་ཁག་ལ་སྨྲ་བརྗོད་ཀྱི་རང་དབང་མེད་པའི་

འགྲེལ་བརྗོད་བྱས་ཡོད་པ་རེད།

སོག་ཡུལ་ནང་གི་གསར་འགྱུར་བརྒྱུད་ལམ་གྱི་དཀའ་རྙོག་དེའི་ཐད་མི་དམངས་ཁྲོད་སྐྱོན་བརྗོད་དང་བློ་འཚབ་

གནས་སྟངས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་བརྟེན་ཟླ་བ་འདིའི་ནང་དུ་སོག་པོའི་གྲོས་ཚོགས་འཐུས་མི་ཚོས་གནད་

དོན་དེའི་ཐོག་བགྲོ་གླེང་གནང་རྒྱུ་ཡིན་པ་རེད།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།