བལ་ཡུལ་གྱི་བུན་ལོན་

09/09/2009 09:59

རྒྱ་ནག་གཞུང་ནས་བལ་ཡུལ་གཞུང་ལ་བུན་གཡར།  བལ་ཡུལ་གཞུང་ལ་རྒྱ་ནག་གཞུང་ནས་ཌོ་ལར་ཐེར་འབུམ་གཅིག་གི་བུན་ལོན་གཡར་རྒྱུ་ཡིན་པའི་གནས་ཚུལ་ཐོན་

འདུག       དེ་རིང་རེས་གཟའ་མིག་དམར་ཉིན་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ལྕམ་སུ་འཇ་ཏ་ཀོ་ཡེ་རེ་ལ་མཆོག་རྒྱ་

ནག་ཏུ་ཕེབས་ཐོན་གནང་ཡོད་པ་དང་ཁོང་ནས་གསར་འགོད་པར་ཚོར་གསུངས་བར་ལྟར་ན་བལ་ཡུལ་གྱིས་རྒྱ་ནག་

གཞུང་ནས་ཌོ་ལར་ཐེར་འབུམ་གཅིག་གི་བུན་ལོན་གཡར་པོ་ཞུས་ཡོད་པ་དང་དེ་དག་ནི་འགྲུལ་ལམ་དང་ཟམ་པ་

བཟོ་རྒྱུ། གློག་ཤུགས་བཟོ་སྐྲུན་གྱི་ལས་གཞི།     དེ་བཞིན་རྒྱལ་སྤྱིའི་གནམ་ཐང་གསར་པ་ཞིག་རྒྱབ་རྒྱུ་བཅས་འཛུགས་

སྐྲུན་རྒྱ་སྐྱེད་དང་གསར་གཏོད་བྱེད་རྒྱུ་སོགས་ཀྱི་ཆེད་ཡིན་ལུགས་གསུངས་པ་དང་ཆབས་ཅིག་རྒྱ་ནག་ངོས་ནས་ཀྱང་

དངུལ་བུན་གཡར་རྒྱུར་ཁས་ལེན་བྱས་ཡོད་པའི་སྐོར་འགྲེལ་བརྗོད་གནང་འདུག

ཁོང་རྒྱ་ནག་ཏུ་ཉིན་གྲངས་དྲུག་རིང་འཚམས་འདྲི་གཟིགས་བསྐོར་གནང་རྒྱུན་རིང་རྒྱལ་ཁབ་གཉིས་དབར་ཆབ་སྲིད་

དང་དཔལ་འབྱོར་ རིག་གཞུང་བཅས་ཀྱི་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུའི་ཐོག་ལའང་གྲོས་བསྡུར་གནང་འཆར་ཡོད་

འདུག ཡང་གོང་ཞུས་གནས་ཚུལ་ནང་བཀོད་པར་ལྟར་ན་ཁོང་གིས་བལ་ཡུལ་གཞུང་ནས་རྒྱ་ནག་གཅིག་ཅེས་པའི་སྲིད་

བྱུས་འཛིན་གྱི་ཡོད་སྟབས་བལ་ཡུལ་ནང་རྒྱ་ནག་ལ་ཁ་གཏད་བཅོག་རྒྱུའི་ལས་དོན་སྤེལ་བཅུག་རྒྱུ་མིན་ལ་དེ་ནི་གནད་

འགག་ཆེ་བས་གནད་དོན་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུངས་ནས་གང་ལྟར་བོད་མི་ཚོས་རྒྱ་ནག་

གཞུང་ལ་ངོ་རྒོལ་གྱི་ལས་འགུལ་རིགས་སྤེལ་བཅུག་རྒྱུ་མིན་ལུགས་གསལ་པོ་འགྲེལ་བརྗོད་གནང་ཡོད་པ་རེད།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།