བསྟོད་ཚིག་ཡིད་ཀྱི་རྩེད་འཇོ།
05/07/2009 17:33
བསྟོད་ཚིག་ཡིད་ཀྱི་རྩེད་འཇོ།
མུན་པ་སྟུག་པོའི་འཇིག་རྟེན་སྲིད་དུ་བདུད་དང་འདྲེ་སྲིན་གྲངས་ལད་འདས།།
སྐྱེ་རྒུའི་ཚེ་སྲོག་ཉ་ཆུང་གསེར་མིག་རྦ་རླབས་ཁྲོད་ན་ངུ་བའི་དུས།།
གངས་རིའི་ལྗོངས་ཀྱི་མདོ་སྨད་སྟག་འཚེར་ཁུལ་དུ་བླ་མེད་བུ་ཞིག་བལྟམས།།
བཅུ་ཕྲག་ཉི་ཟླའི་གཟི་བྱིན་འཕྲོས་པ་འགྲོ་མགོན་འཕགས་མཆོག་སྤྱན་རས་གཟིཌ།།
གདོད་ནས་དྲི་བྲལ་སྙིང་རྗེའི་རང་གཟུཌ་འགྲོ་ཚོཌ་ཀུན་ལ་བུ་གཅིག་ལྟར།།
མཐོང་བའི་མོད་ལ་ཡིད་ཀྱི་བདེ་འབྱུང་རླབས་ཆེན་བུང་འཛིན་ཟླ་བའིོ་གདན།།
ཉི་མཚན་དབྱེར་མེད་སྐྱེ་རྒུའི་དོན་དུ་ཐོས་བསམ་བྱ་བ་ལེགས་བསྒྲུབ་མཛད།།
འཇིག་རྟེན་མཁས་ཆེན་གཅིག་ཏུ་འཛོམས་ནས་ཞི་བདེའི་དེད་དཔོན་ཆེན་པོར་གསོལ།།
ཁྱེད་ཐུགས་ཉི་འོད་རབ་འཕྲོ་མ་དག་འགྲོ་བ་ཀུན་གྱི་སེམས་ཁོངས་སུ།།
བྱང་སེམས་བདུད་རྩིའི་གཟེགས་མ་ཆར་ལྟར་འབབ་བཞིན་མཁར་འཕཌ་པས།།
སྲོགས་ཆགས་ཕྲ་མོ་དག་ཀྱང་བདེ་སྐྱིད་འཛུམ་ལྡན་ཞི་བའི་དཔལ་དུ་གྱུར།།
གཞན་དོན་བསྒྲུབ་པའི་རླབས་ཆེན་ཐུགས་དགོངས་རྒྱ་མཚོ་ཆེན་པོའི་ཁྱོན་ལ་འགྲན།།
ཁྱེད་གསུང་ཁུ་བྱུག་མགྲིན་སྒྲ་བསྒྲགས་པས་མ་ཐོས་འགྲོ་བ་གཅིག་ཀྱང་མེད།།
ཐོས་ཙམ་མ་ཡིན་ཕྱི་མའི་ལམ་དུ་པདྨ་དཀར་པོའི་འཛུམ་མདངས་བཞད།།
འགྲོ་དྲུག་ཡིད་ཀྱི་སྙན་འཇེབས་གླུ་དབྱངས་བསྟོད་པའི་གདངས་ལ་ཡོངས་དྲངས་པས།།
མཚུངས་མེད་ཁྱེད་ཀྱི་གསུང་དབྱངས་སྙན་མོ་འཇིག་རྟེན་འདི་ལ་སྙན་བཞིན་གྲགས།།
ཁྱེད་སྐུའི་འོད་ཟེར་པདྨའི་གཉེན་ལྟར་སྲིད་པའི་མུན་པ་སེལ་མཛད་མགོན།།
ཆོས་བརྒྱུད་བཞི་ཡི་གསུང་རབ་འབྱུང་གནས་ཡོན་ཏན་རྒྱ་མཚོའི་མཐའ་ཡས་པ།།
སྔོན་བྱོན་སངས་རྒྱས་གཙུག་ཏུ་བཀུར་ཏེ་འགྲོ་བར་དམ་པའིཆོས་སྒྲ་བསྒྲགས།།
མཚུངས་མེད་བླ་མ་འདི་ཕྱིའི་མགོན་པོ་བསྟན་འཛིན་རྒྱ་མཚོར་རབ་ཏུ་བསྟོད།།
སྐུ་ཚེ་བརྟན་པར་ཤོགས།
དཀོན་མཆོག་ནས་སྤྱི་ལོ་༢༠༠༩ སྤྱི་ཟླ་༧ ཚེས་༦ ་ཉིན་ལ་ཕུལ།།
———
Back