བོད་ཀྱི་སློབ་གསོའི་ཁ་ཕྱོགས། 1

02/04/2009 18:51

དུས་རབས་ཉེར་གཅིག་པའི་བོད་ཀྱི་སློབ་གསོའི་ཁ་ཕྱོགས།

དེ་ཡང་འཛམ་གླིང་གི་ས་སྒང་ཧྲིལ་བོ་འདིའི་ཐོག་ཏུ་གནས་ཡོད་པའི་མི་རིགས་དང་རྒྱལ་ཁབ་གང་ལ་

མཚོན་ནས་གླེང་ན་རྩ་བའི་ཡར་རྒྱས་ཅན་དང་དེང་རབས་ཅན་དུ་འགྲོ་མིན་ནི་སུ་ལའང་རག་མེད་པའི་

མི་རིགས་རང་ཉིད་དང་རྒྱལ་ཁབ་སྒེར་བདག་ལ་རག་ཡོད་པ་རེད།    རྒྱན་མཚན་ནི་རང་ཉིད་ནི་རང་

ཉིད་ཀྱི་དགྲ་ཡིན་ལ་གྲོགས་ཡང་ཡིན་པས་སོ།  དེ་བཞིན་དུ་ང་ཚོ་སྟེ་བོད་མི་རིགས་ལ་མཚོན་ནས་གླེང་

ན་རང་ཉིད་རང་ཉིད་ཀྱི་གཉེན་དགྲ་ཡིན་པས་ང་ཚོ་བོད་རྒྱལ་ཁབ་ཆེན་མོར་འཛམ་གླིང་གི་ཁྱིམ་རྒྱུད་

ཆེན་མོ་དེའི་ནང་དུ་གནས་ཐུབ་པར་བྱ་དགོས་ན་ང་ཚོས་ངེས་པར་དུ་རང་ཉིད་ཀྱིས་རང་ཉིད་ངོ་ཤེས་

དགོས་པ་ཧ་ཅང་གལ་ཆེན་པོ་ཡིན་པ་ངོ་ཤེས་པའི་ཐོག་རང་ཉིད་ཀྱི་རྒྱལ་ཁབ་རང་ཉིད་ཀྱིས་འཛིན་སྐྱོང་

དགོས་པ་རེད་མ་གཏོགས་ཁ་སྟོང་ནང་གི་ཚིག་སྟོང་སྐམ་པོས་དེང་རབས་ཅན་དང་ཡར་རྒྱས་ཅན་དུ་

འགྱུར་མི་སྲིད་པར་ལས་འབྲས་ཀྱི་རྣམ་བཞག་དང་ཚན་རིག་གང་གི་ཐོན་བཤད་ན་བསྙོན་དུ་མེད། 

དེའི་ཕྱིར་ང་ཚོ་སྟེ་བོད་མི་རིགས་ནི་ངེས་དོན་གྱི་འཛམ་གླིང་ཁྱིམ་རྒྱུད་ཆེན་མོ་དེའི་ནང་དུ་གནས་ཐུབ་

པ་བྱ་དགོས་པ་ཡིན་ན་ང་ཚོས་ངེས་པར་དུ་རང་ཉིད་ཀྱི་མི་རིགས་དེའི་འདས་དོན་གྱི་ཕམ་ཁའི་ལོ་རྒྱུས་

ལ་ཕྱིར་དྲན་བྱས་ནས་མ་འོངས་བོད་མི་རིགས་ཀྱི་བདེ་སྐྱིད་དེ་ལ་སྒྲོམ་གཞི་གསར་བ་ཞིག་གིས་ཁོག་རྩིས་

རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པར་འདོད། ལྷག་པར་དུ་མི་རིགས་ཤིག་གི་བསམ་པའི་འཁྱེར་སོ་དང་འདུ་ཤེས་བསྐྱེད་སྟངས་ཀྱི་ནུས་པ་དེས་མི་རིགས་

ཀྱི་ཆེས་རླབས་ཆེ་བའི་བསམ་བློའི་ཆུ་ཚད་ཐོན་ཡོད་པ་བསམ་པའི་དཔལ་ཡོན་གྱི་ཤེས་རིག་ཁོ་ན་རག་ལས་

ཡོད་པ་རེད་ཟེར་ཆོག  ངས་བསམ་པར་མི་རིགས་དང་རྒྱལ་ཁབ་སུ་ཡིན་རུང་རང་གི་ལ་རྒྱ་གཙོ་བོ་ནི་ཤེས་

རིག་གི་ཐོག་ནས་བསྐྱེད་འོས་པ་ཞིག་སྣང་སྟེ། དེའི་ཐོག་ནས་མི་རིགས་དེའི་འདས་མ་འོངས་ད་ལྟ་གསུམ་ལ་བསམ་གཞིགས་བྱེད་རྒྱུ་དོན་གྱི་སྙིང་པོ་ཞིག་

ཏུ་འཁུམས།  ང་ཚོས་མི་རིགས་ཤིག་གི་དར་རྒུད་ལ་བསམ་གཞིགས་བྱེད་དུས་དེ་རིང་གི་གནས་སྟངས་ལས་

སང་ཉིན་གྱི་མདུན་ལམ་ལ་མིག་རྒྱང་རིང་བོ་དང་གདོང་ལེན་བྱེད་དགོས་པ་གལ་ཆེ་བར་སེམས། འོང་ཀྱང་། དེ་རིང་གི་བོད་མི་རིགས་ཀྱི་ཤེས་ལྡན་པ་མང་བོ་ཞིག་དང་། བསམ་བློ་སྨྲ་བ་མང་བོ་སོགས་མདོར་ན་མ་འོངས་

བོད་ཀྱི་སོན་རྩའི་རྩ་བ་མང་བོ་ཞིག་གི་གདོང་ལ་བལྟས་པ་ཡིན་ན་ཚང་མས་གནས་ལུགས་ཆུང་ཆུང་ཞིག་གི་

དོན་དུ་ཆོ་ངེ་འདོན་པ་མང་བ་དེ།  དེ་རིང་གི་གནས་ལུུགས་ཆུང་ཆུང་ཞིག་གི་རྒྱུ་རྐྱེན་ལས་མ་འོངས་བོད་

རྒྱལ་ཁབ་ཆེན་མོའི་འོད་སྟོང་གི་མདུན་ལམ་བརླག་པ་ཡིན། སྤྱིར་བཏང་གི་དབང་དུ་བཏང་ནས་བཤད་ན་

བོད་མི་རིགས་ཀྱི་ཐོག་མཐའ་བར་གསུམ་གྱི་བདེ་སྡུག་ལ་བསམ་གཞིགས་བྱེད་རྒྱུ་ནི་ང་ཚོ་སྟེ་བོད་མི་ཡོད་དོ་

ཅོག་གི་ལས་འགན་ཡིན་ལ་ཕྱི་རབས་པའི་ཤེས་ལྡན་མི་སྣ་དེ་དག་གིས་འགན་འཁྲི་ཆགས་ཡོད་པ་རེད། རྒྱུ་མཚན་དེ་དག་ལ་བརྟེན་ནས་རང་ཉིད་ཀྱང་བོད་མི་རིགས་ཤིག་གི་ཤ་མར་རྩམ་གསུམ་གྱི་འོག་ནས་

འཚར་ལོངས་བྱུང་བའི་བོད་ཕྲུག་རྣམ་དག་ཅིག་ཡིན་པས་ཆ་ནས་དཔྱོད་ལྡན་སློབ་བུ་ཡོངས་ལ་བགྲོ་གླེང་

ངམ་བསམ་ཚུལ་བརྗེ་རེས་ཀྱི་ཚུལ་དུ་བདག་གིར་དཔྱད་རྩོམ་འདི་འབྲི་ཁུལ་བྱས་པ་ཡིན།

 དང་པོ།      བོད་ཀྱི་སྐད་ཡིག་གི་རིན་ཐང་སྐོར་གླེང་བ།

བོད་ཀྱི་སྐད་ཡིག་ནི་བོད་མི་རིགས་ཀྱི་ངོ་བོ་མཚོན་བྱེད་དང་འདས་ཟིན་པའི་མི་ལོ་འདི་དག་གི་དགའ་

སྐྱོ་ཟུང་འབྲེལ་གྱི་བྱ་བ་ཅི་ཞིག་བྱུང་བ་མངོན་པར་ཐུབ་བྱེད་ཀྱི་མེ་ལོང་ལྟ་བུ་ཆགས་ཡོད་པ་རེད། སྤྱིར་

རིག་གཞུང་དང་སྐད་ཡིག་གང་གི་ཐོག་ནས་གླེང་ཚེ་མི་རིགས་ཉམས་རྒུད་དང་ཡར་རྒྱས་འགྲོ་མིན་ནི་

མི་རིགས་དེའི་སྐད་ཡིག་ལ་རག་ལས་ཡོད་ཕྱིར་ང་ཚོ་སྟེ་བཙན་བྱོལ་བོད་གཞུང་དེང་རབས་ཅན་གྱི་སྤྱི་

ཚོགས་སུ་འགྲོ་མིན་ཡང་ང་ཚོ་དང་སྐད་ཡིག་བར་གྱི་འབྲེལ་ལམ་ལ་ཐུགས་ཡོད་པར་ངེས།  རྒྱ་མཚན་

དེ་ལ་བརྟེན་ནས་ངོ་ཚོ་སྟེ་བཙན་བྱོལ་བོད་གཞུང་གི་སྤྱི་ཚོགས་དེ་ལའང་འགྱུར་བ་ཅུང་ཟད་གཏོང་

དགོས་པར་འདོད།  བོད་མི་རིགས་དང་བོད་ཡིག་གཉིས་ཀྱི་བར་ཐག་གོ་ཚོད་རིང་ན་བོད་མི་རིགས་

ནི་དེ་ཙམ་གྱི་རྗེས་ལུས་སུ་འགྲོ་བཞིན་ཡོད་པར་ཤེས་ཀྱི་ཡོད།  རྒྱུ་མཚན་དེ་ལ་བརྟེན་ནས་༸སྤྱི་ནོར་

༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་འདི་ལྟར་གསུངས་ཡོད། “བོད་ཀྱི་སྐད་ཡིག་ནི་མི་

བོད་མིའི་སྲོག་རྩ་ཡིན་པས་ང་ཚོ་རང་ཉིད་ཀྱི་སྐད་ཡིག་བདག་གཅེས་དང་ཡར་རྒྱས་གཏོང་བར་བྱེད་

དགོས། ཞེས་གསུངས་པ་འདི་ནི་ང་ཚོས་བོད་ཀྱི་སྤྱི་ཚོགས་སུ་བདག་གཅེས་བྱེད་རྒྱུ་གཙང་སྦྲ་ལེགས་

པོ་ཞིག་དང་ལྷན་དུ་མཆོད་འབུལ་བྱེད་རྒྱུ་ངེས་པ་ནི་ནོར་འཁྲུལ་ཡིན་ཏེ། དེ་ཡང་༸གོང་ས་མཆོག་

གིས་” ང་ཚོས་བོད་ཀྱི་སྐད་ཡིག་ཡར་རྒྱས་གཏོང་མིན་མཆོད་བཤམས་སུ་བཤམ་རྒྱུ་མ་ཡིན་དེ་གཙོ་

བོ་རང་གི་སྤྱི་ཚོགས་སུ་བཀོལ་སྤྱོད་བྱེད་རྒྱུ་དེ་ཡིན།” ཞེས་གསུངས་ཡོད་པ་རེད། འོང་ཀྱང་།  ང་ཚོ་

གཞིས་བྱེས་བོད་མི་གཉིས་ཀྱི་དུས་རབས་དེ་ལ་བོད་ཀྱི་སྐད་ཡིག་གིས་རང་གི་སྤྱི་ཚོགས་དེ་ལ་དགོས་

མཁོ་དང་བཀོལ་སྤྱོད་མི་གཏོང་བར་དེ་ལས་ཕྱི་རོལ་གྱི་སྟོབས་འབྱོར་བ་ཁ་ཤས་ཀྱི་སྐད་ཡིག་ལ་ཤ་འཐུམ་

རོ་འཐུམ་བྱས་ནས་རང་མི་རིགས་ཀྱི་སྐད་ཡིག་རྨང་ནས་བོར་གྱིན་ཡོད་པ་བོད་མི་ཡོངས་ཀྱི་ནོར་འཁྲུལ་

མིན། རྒྱུ་མཚན་ནི་ང་ཚོ་བཙན་བྱོལ་བོད་གཞུང་གི་སྤྱི་ཚོགས་ཀྱི་ལངས་ཕྱོགས་དང་བོད་ཀྱི་སྤྱི་ཚོགས་སུ་

བོད་ཀྱི་སྐད་ཡིག་གིས་བཀོལ་སྤྱོད་མེད་པའི་གནད་དོན་གཉིས་ལ་ཐུག་ཡོད།   མི་རིགས་སུ་དང་གང་

ཡིན་རུང་དེའི་སྐད་ཡིག་གིས་རང་ཉིད་ཀྱི་སྤྱི་ཚོགས་རང་ལ་བཀོལ་སྤྱོད་ཀྱི་ཁོར་ཡུག་ངེས་ཅན་ཞིག་དགོས།  དེ་བཞིན་དུ་བོད་ཀྱི་སྤྱི་ཚོགས་སུ་བོད་ཡིག་གིས་བཀོལ་སྤྱོད་དགོས་ན་བོད་པའི་སྤྱི་ཚོགས་ཤིག་དགོས་པ་རྟེན་

འབྱུང་དུ་གྲུབ་ལ་དེའི་ཐོག་ནས་བོད་པའི་ཁོར་ཡུག་ངེས་ཅན་ཞིག་དགོས་གལ་ཆེ།  འོན་ཀྱང་བོད་མི་རིགས་

ལ་མཚོན་ན་དུས་དབང་གི་མི་ཡུལ་དུ་སྐྱབས་བཅོལ་བྱས་པ་ནས་བཟུང་བཙན་བྱོལ་གཞུང་གི་གནས་སྟངས་

སོགས་དཀའ་ངལ་ཆེན་པོ་གྱུར་བ་མ་ཟད། ད་དུང་བོད་ཆབ་སྲིད་དང་།  སྤྱི་ཚོགས། མདོར་ན་དཔལ་འབྱོར་

གྱི་གནས་བབས་སོགས་གང་ཅུའི་ཐད་ནས་གཞིས་ལུས་བོད་མི་ལ་རྒྱ་ཡིག་གིས་ཤུགས་རྐྱེན་ངན་པ་ཐེབས་པ་

དེ་ཡང་དེའི་ཁོར་ཡུག་དང་སྤྱི་ཚོགས་ལ་བརྟེན་ནས་ཤུགས་རྐྱེན་ཐེབས་པ་དེ་ཡིན། གནས་ལུགས་དེ་དག་ལ་

བརྟེན་ནས་གཞིས་ལུས་བོད་མིའི་སྤྱི་ཚོགས་སུ་ཆེས་བཀོལ་སྤྱོད་ཆེ་བ་རྒྱ་ཡིག་རྒྱ་སྐད་ཁོ་ན་དང་།  བྱེས་འབྱོར་

བོད་མིས་དབྱིན་ཧིན་བལ་གསུམ་གྱི་སྐད་ཡིག་དང་ཆབ་སྲིད་འགྲོས་ཕྱོགས་ཀྱི་བཙན་བྱོལ་བོད་མིའི་འཚོ་བའི་

ཁྲོད་ན་གོད་ཆགས་ཆེན་པོ་བྱུང་གི་ཡོད་པ་གསལ་པོ་ཡིན། 

༼གཉིས་པ༽  དུས་རབས་ཉི་ཤུ་བའི་དུས་དཀྱིལ་ནས་རྒྱ་དམར་གྱི་ཧམ་སེམས་དང་གཉའ་

གནོན་གྱི་འོག་ཏུ་བོད་མི་རིགས་ཀྱི་རང་བཙན་འཕྲོག་ནས་ད་བར་དུ་བོད་མི་རིགས་

ཀྱི་ཆབ་སྲིད་ལ་འགྱུར་བ་དང་ཤུགས་རྐྱེན་ཐེབས་མཐར་སྤྱི་ཚོགས་དེ་གཞན་ཞིག་ལ་

                                       བརྟེན་དགོས་བྱུང་ཡོད།

 འོན་ཀྱང་དེང་སྐབས་ལ་མཚོན་ནས་བཤད་ན། ༸སྤྱི་ནོད་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་

ཐུགས་རྗེ་དཀའ་དྲིན་འོག་ནས་རང་བཙན་མེད་པའི་རྒྱལ་ཁབ་ལས་ངོ་གནོང་མི་དགོས་པ་སོགས་མདོར་

ན་བོད་ཀྱི་སྐད་ཡིག་གི་སློབ་གྲྭ་མང་པོ་བཙུགས་ཀྱང་ང་ཚོའི་སྤྱི་ཚོགས་ངོ་མ་ཞིག་མེད་པ་དེ་བཙན་བྱོལ་

བོད་གཞུང་གི་ལངས་ཕྱོགས་སོགས་གནད་དོན་གཉིས་ལ་རག་ལས་ཡོད་པ་རེད།    དེ་ལྟར་རང་རེའི་

བཙན་བྱོལ་བོད་གཞུང་གི་སྤྱི་ཚོགས་ལངས་ཕྱོགས་གཙོ་བྱས་ཕྱི་རྒྱལ་ཡུལ་གྲུ་ག་གེ་མོ་རེའི་ནང་དུ་གནས་

པའི་བོད་གཞུང་ལས་ཁུངས་དང་བཟོ་གྲྭ་ཁག་གིས་འགྲེམས་སྤེལ་བྱས་པའི་དྲྭ་རྒྱ་དང་ཡིག་ཆ་ཁག་དབྱིན་

ཧིན་བལ་གསུམ་གཙོ་བྱས་ཕྱི་རྒྱལ་ཡིག་རིགས་མ་གཏོགས་བོད་རང་གི་བོད་ཡིག་བེད་སྤྱོད་བྱེད་ཀྱི་ཡོད་པ་

ཧ་ཅང་ཉུང་ཉུང་ཡིན། ད་དུང་བཙན་བྱོལ་བོད་གཞུང་གི་སློབ་གྲྭ་ཁག་ལ་མཚོན་ན་ལས་འགོད་དང་དུས་

དེབ་གང་ཞིག་འགྲེམ་པ་ཡིན་ན་དབྱིན་ཧིན་བལ་གསུམ་མ་གཏོགས་བོད་ཡིག་གིས་འགྲེམ་སྤེལ་བྱེད་མཁན་

ཉིན་མོའི་སྐར་མ་ལས་མ་འདས།  སྤྱིར་དབྱིན་ཧིན་བལ་གསུམ་གྱི་སྐད་ཡིག་གིས་བཀོལ་སྤྱོད་བྱས་པ་འབྲེལ་

བ་མེད་པ་མིན་ཡང་རང་ཉིད་ཀྱི་སྤྱི་ཚོགས་གང་ཡིན་ཡང་རང་ཉིད་ཀྱི་སྐད་ཡིག་བེད་སྤྱོད་བྱེད་རྒྱུ་སྣང་ཆུང་

དུ་བཞག་མི་རུང་། དེ་རིང་གི་དུས་རབས་གསར་པའི་ཁྲོད་དཡ་བོད་སྤྱི་བྱིངས་ཀྱི་སྐད་ཡིག་ཉམས་ཆགས་ལ་

བརྟེན་ནས་བོད་མི་རིགས་སྤུན་ཟླའི་བར་གོ་བརྡ་སྤྲོད་མི་ཐུབ་པ་དང་་།  ཨ་མདོ་དང་ཁམས་པའི་སྐད་རིགས་

དེ་བོད་སྐད་དུ་མི་བགྲངས་བ་སོགས་མདོར་ན་བོད་སྤྱི་འགྲོས་ཀྱི་དཀའ་ངལ་ཆེན་པོ་ཞིག་བྱུང་དང་འབྱུང་

བཞིན་ཡོད་པ་རེད། གནད་དོན་དེ་ལ་ང་ཚོས་བསམ་གཞིགས་ཤིག་བྱས་པ་ཡིན་ན་ངོ་ཚོ་བོད་ཀྱི་སྤྱི་ཚོགས་

ནང་དུ་བོད་ཀྱི་སྐད་ཡིག་གི་བཀོལ་སྤྱོད་མེད་པར་རང་ཉིད་ཚོའི་མི་རབས་ཚ་རྒྱུད་ཀྱི་ལོ་རྒྱུས་དང་ཐུན་མོང་

མ་ཡིན་པའི་བོད་སྤྱི་འགྲོས་སྐད་ལ་བརྡབ་གསིག་ཐེབས་པ་སོགས་བཀྲ་མ་ཤིས་པ་མང་པོ་བྱུང་གི་ཡོད་པ་ང་

ཚོས་སྐད་གསེང་མཐོན་པོས་སྨྲ་ཐུབ། 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།