བོད་ཀྱི་སློབ་གསོའི་ཁ་ཕྱོགས། 2

02/04/2009 19:02

གསུམ་པ༽  བཙན་བྱོལ་བོད་གཞུང་གི་སྐད་ཡིག་ཡར་རྒྱས་སུ་འགྲོ་མི་

                   ཐུབ་པའི་རྒྱུ་མཚན་གླེང་བ།

ད་ལྟ་ང་ཚོའི་བཙན་བྱོལ་བོད་གཞུང་ལ་མཚོན་ནས་གླེང་ན་འདྲ་མཉམ་ལྡན་པའི་སྤྱི་ཚོགས་ཞིག་སྤྱི་ནོར

༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་རྗེ་དཀའ་དྲིན་ལས་བསྐྲུན་ཡོད་པ་ང་ཚོ་ཚང་མས་ཤེས་

མོད།     ཁོང་གིས་ཀྱང་དཀའ་ངལ་འབུམ་ཕྲག་ལ་གདོང་གིས་བསུས་ཏེ་བཙན་བྱོལ་བོད་གཞུང་འཆར་

གཞི་ལྡན་པའི་ཆོས་སྲིད་ཀྱི་རྒྱལ་ཁབ་ཏེ་སྔར་ལས་ལྷག་པའི་རྒྱལ་ཁབ་དང་ང་ཚོའི་སྔ་རབས་མེས་པོ་དག་

གི་ཟུངས་ཁྲག་ལས་ལུད་པའི་རིག་གནས་ཆེ་ཆུང་བཅུ་བོ་གཙོ་བྱས། ཡུལ་ལུགས། གོམས་གཤིས། ཐུན་མོང་

མ་ཡིན་པའི་ལྟ་བ་སོགས་ལ་འཛིན་སྐྱོང་སྤེལ་གསུམ་སྔར་ལས་ལྷག་པའི་ཕུན་སུམ་ཚོགས་པ་ཞིག་བཏང་

ཡོད་པ་རེད། འོན་ཀྱང་། དེང་སྐབས་ང་ཚོ་བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་ལ་བལྟས་ན་དེ་ལས་

ལྡོག་སྟེ་བོད་མི་རིགས་ཀྱི་རིག་གནས་སྤེལ་ཕྱོགས་ཀྱི་འཛིན་སྐྱོང་ལ་ནོར་འཁྲུལ་འགའ་སྣང་སྟེ། བཙན་བྱོལ་

བོད་གཞུང་དུ་བོད་ཀྱི་སྐད་ཡིག་གི་འཛིན་སྐྱོང་ཧང་སང་བ་ཞིག་བརྡབ་གསིག་ཐེབས་ཡོད་པ་མ་ཟད། 

བཙན་བྱོལ་སྤྱི་ཚོགས་ཁ་ཤས་སུ་བོད་ཀྱི་རིགས་གནས་བཅུའི་རྒྱུན་མ་ཆད་ཀྱང་ཆད་ལ་ཉེ་པའི་དུས་དང་

ཡང་ཁ་ཤས་རྒྱུན་ཆད་ནས་ཁ་རྒྱུན་ཙམ་གྱི་ངོ་བོ་ལས་མེད་པ་མིག་མཐོང་ལག་ཟིན་ཡིན་པ་མ་ཟད།  ད་དུང་སྤྱི་བྱིངས་ནས་བཤད་ན་དུས་རབས་ཉེར་གཅིག་པ་དང་བོད་མི་རིགས་གཉིས་ཀྱི་བར་ལ་ལྡབ་

འགྱུར་གྱི་སྤྱི་ཚོགས་གཞན་གྱི་རྗེས་ལུས་སུ་ལུས་ཡོད་པ་རེད། རྒྱུ་མཚན་དེ་ལ་གནད་དོན་ཡོད་དེ། ང་ཚོ་བཙན་བྱོལ་བོད་གཞུང་དབུ་བརྙེན་ནས་མི་ལོ་ལྔ་བཅུ་ལྷག་ལས་འགྲོ་གི་མེད་སྟབས་དེའི་མངའ་

ཁོང་གི་བོད་མི་རྣམས་ཀྱི་ཐུགས་དགྱེས་དགྱེས་ཀྱི་མི་རིགས་གཞན་དང་གཞན་གྱི་ཡུལ་ལུགས་དང་གོམས་

སྤྱོད་སོགས་ལ་འབད་འབུངས་དང་ཤི་འཐམ་རོ་འཐམ་བྱས་ནས་རང་མི་རིགས་ཀྱི་གོམས་གཤིས་དང་སྐད་

ཡིག་སོགས་རྨང་ནད་དོར་བ་ལན་པ་རེད་ཅེས་བརྗོད་ཆོག་ཆོག་ཡིན།  ང་ཚོ་དུས་རབས་ཉེར་གཅིག་པའི་

གསར་སྐྱེས་ཀྱི་མི་རབས་ཚོས་བོད་ཀྱི་སྐད་ཡིག་གི་རྨང་གཞི་བརྟན་པོ་ཞིག་ཕར་ཞོག་ཐ་ན་བོད་ཀྱི་སྐད་ཡིག་

ལ་བོད་ཀྱི་སྐད་ཡིག་གི་ནང་གསེས་ག་ཚོད་ཡོད་ཅེས་དྲིས་ཚེ་ཁ་ནང་དུ་རྡོ་ལོག་ཅིག་བརྫངས་པ་ལས་མ་

འདས་སོ།  དོན་དམ་པའི་སྒོ་ནས་གླེང་ན། ང་ཚོ་བཙན་བྱོལ་བོད་གཞུང་གིས་བོད་ཡིག་གི་མདུན་ལམ་ཆུང་

དྲག་པའི་སྐྱོན་དང་ཡང་ན་བོད་ཡིག་གིས་དབང་བསྒྱུར་བྱེད་ཐུབ་མེད་པའི་སྐྱོན་ཡིན། ལྷག་པར་དུ་དེང་

སང་ང་ཚོའི་སྤྱི་ཚོགས་སུ་བོད་ཀྱི་སྐད་ཡིག་ཆེ་མཐོང་དང་སྦྱང་བརྩོན་བྱས་ན་དེ་ལ་གོང་རིམ་ནས་རྒྱབ་སྐྱོར་

མེད་པ་སོགས་ཀྱི་དགོས་མཁོ་སྒྲུབ་མི་ཐུབ་པའི་རྐྱེན་གྱི་བོད་ཀྱི་སྐད་ཡིག་དེ་བས་ཡར་རྒྱས་གཏོང་མི་ཐུབ་

པའི་བག་ལ་བཞག་ཡོད་པ་རེད། དེར་བརྟེན་དུས་རབས་དེའི་ཁྲོད་དུ་བོད་ཀྱི་སྐད་ཡིག་གི་རྨང་གཞི་སྔོན་

མ་ལས་དེ་ཙམ་དུ་ཁྱབ་བརྡལ་བྱུང་མེད་པ་མ་ཟད་སྤུས་ཚད་ཀྱི་ཆ་ནས་ཀྱང་ཧ་ཅང་ཞན་པོ་གྱུར་ཡོད་པས་

དུས་རབས་ཀྱི་འཕེལ་ཕྱོགས་དང་བསམ་གཞིགས་ཀྱི་ནུས་མཐུ་སོགས་གང་གི་ཐད་ནས་ང་ཚོ་བཙན་བྱོལ་

བོད་གཞུང་ཧ་ཅང་རྗེས་ལུས་ཡིན་པ་གསལ་པོ་རྟོགས་སླ།  སྤྱིར་ང་ཚོ་བཙན་བྱོལ་གཞུང་གིས་ཐུན་མོང་

བོད་ཀྱི་ཆོས་དང་རིགས་གཞུང་རྒྱ་མིས་བརྡབ་གསིག་བཏང་ཡོད་ཅེས་ཁ་ནས་མ་ཎི་འདོན་པ་མ་གཏོགས་

དོན་དངོས་སུ་དེ་ལྟར་མིན་སྣང་མོད། རྒྱུ་མཚན་ནི་རང་ལག་བྲང་ཁར་གཏད་དེ་བསམ་བློ་བཏང་ཚེ་ཕྱི་རྐྱེན་

ནང་རྐྱེན་ལས་་གཙོ་བོ་ཕྱི་རྐྱེན་མ་ཡིན་ཏེ། ནང་རྐྱེན་གཙོ་ཡིན་པ་རྒྱལ་ཁབ་དང་མི་རིགས་གཞིར་བཞག་ཐ་

ན་ཁྱིམ་ཚང་ཆུང་ཆུང་ཞིག་ཡིན་ཀྱང་ནང་་རྐྱེན་སེལ་རྒྱུ་ཧ་ཅང་གལ་ཆེལ་ནང་རྐྱེན་ནི་ང་ཚོ་རང་ཉིད་ལ་

རག་ལས་ཡོད་པའི་ནང་རྐྱེན་སེལ་མ་ནུས་ན་ཕྱིའི་དགྲ་ནམ་ཡང་མི་ཁོག་སྟེ་སྲིད་པ་བོད་པའི་གཏམ་དཔེ་

ཞིག་ཏུ་འདིོ་ལྟར་གསུང་ཡོད་པ་ལྟར་གྲལ་མ་འགྲིག་ན་ཕྱིའི་དགྲ་མི་གནོན་ཞེས་དང་ཡང་སྤྱི་ནོར༸གོང་

ས་མཆོག་གིས་ཀྱང་འདི་ལྟར་གསུངས་ཡོད་པ་རེད། ང་ཚོས་རྒྱ་མི་ལ་ཕར་སོང་ནས་ང་ཚོའི་ཆོས་དང་རིག་

གཞུང་མེད་པར་བཟོས་སོང་ཞེས་ལབ་ཚེ་ང་ཚོ་ལ་ཁྱོད་ཚོས་ག་རེ་ཤེས་སོང་ངམ་ཞེས་དྲིས་ན་ང་ཚོ་ངོ་

གནོངས་དགོས་པ་ཞིག་ཆགས་བསྡད་ཡོད་ཅེས་པའི་བཀའ་སློབ་ལའང་བལྟས་ན་ང་ཚོས་སྤྱི་ཚོགས་སུ་སྐད་

ཡིག་གི་བཀོལ་སྤྱོད་ཞེ་དྲག་མེད་པའི་གནས་ལུགས་ཤེས་ཐུབ།  སྤྱིར་ང་ཚོའི་མི་རིགས་དེ་ནི་བདེ་བ་ཆུང་

ཆུང་ཞིག་གི་རྐུབ་ཅག་ཆུང་ཆུང་ལ་མིག་ཟུང་གཏད་པར་སྤྲོ་བའི་མི་རིགས། དེང་སང་བཙན་བྱོལ་སྤྱི་ཚོགས་

དེ་ལའང་རང་ཉིད་ཀྱི་འཚོ་སྡོད་ཅིག་གི་ཆེད་དུ་བོད་མི་རིགས་ཀྱི་རྒྱལ་ཁབ་ཆགས་འཇིག་གི་གནས་སུ་ལྷུང་

ཡོད་ཀྱང་། དེ་རིང་ང་ཚོའུ་རིག་གནས་སློབ་གསོ་ག་འདྲ་བྱས་ནས་ཡར་རྒྱས་མ་སོང་བ་དང་ག་འདྲ་ནས་

ལུས་སོང་བའི་རྒྱུ་རྐྱེན་འཚོལ་ཚེ། ཐོག་མར་མི་རིགས་རང་གི་དང་དུ་འཚོལ་ཞིབ་བྱེད་རྒྱུ་ཧ་ཅང་གནད་ཀྱི་

དམ་པར་འཁུམས།  རྒྱ་ནག་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་དུའང་མི་རིགས་གང་ཡིན་ཡང་རང་རང་གི་སྐད་

ཡིག་གོམས་གཤིས་སྤྱོད་གསུམ་ལ་སྒེར་གྱི་ངོས་ནས་སྤྱོད་རྒྱུའི་དབང་ཆ་ཡོད་ཅེས་གཏན་འབེབ་བྱས་ཡོད།

 ༼བཞི་པ༽

བོད་ཀྱི་སྐད་ཡིག་ཇི་ལྟར་བཀོལ་སྤྱོད་དང་འཛིན་སྐྱོང་སྐོར་གྱི་བསམ་གཞིགས།

ང་ཚོ་སྟེ་བོད་མི་རིགས་ཡོད་དོ་ཅོག་ལ་ངས་འདི་ལྟར་ཞུ་འདོད་པ་ཀུན་གྱི་ཤེས་གསལ་ལྟར་རེད། མི་

རིགས་ཤིག་འཇིག་རྟེན་དུ་འཚོ་དགོས་ན་མི་རིགས་དེའི་སྲོག་ཤིང་དུ་གྱུར་བའི་གསར་སྐྱེས་གཞོན་རབས་

པ་ཚོས་རང་གི་སྐད་དང་ཡི་གེ་བཀོལ་སྤྱོད་ཇི་ལྟར་ཐུབ་མིན་ལ་རག་ལས་ཡོད་པ་ཞིག་རེད། མི་རིགས་

དེའི་སྐད་དང་ཡི་གེ་གཉིས་ཉམས་ཆགས་སུ་སོང་ན་ད་གཟོད་མི་རིགས་དེར་བཀྲ་མི་ཤིས་པའི་སྔ་བལྟས་

ཀྱི་རྟགས་ཡིན་པ་འདིར་ངས་ཁྱེད་ཚོ་གནས་ལུགས་མང་པོ་བགྲང་མི་དགོས་པའི་ཁྱོད་ཚོས་འདས་ཟིན་

པའི་འཇར་མིན་གྱི་ལོ་རྒྱུས་དེབ་ཐེར་ཀློགས་དང་ཤེས་ངེས། འདིར་ང་ཚོ་བོད་ལ་མཚོན་ནའང་གནས་

ལུགས་དེའི་སྟེང་དུ་འགྲོ་མི་དགོས་པའི་ངེས་པ་མེད་སྟབས་ང་ཚོས་ངེས་པར་དུ་རང་མི་རིགས་ཀྱི་ཐུན་

མོང་མ་ཡིན་པའི་རིག་གཞུང་ལ་བདག་སྐྱོང་བྱེད་དགོས་པ་ང་ཚོ་སྟེ་བོད་མི་རིགས་ཀྱི་གཞོན་སྐྱེས་ཚང་

མའི་འོས་འགན་ཡིན།

སྤྱིར་ང་ཚོ་བོད་མི་རིགས་ཀྱི་སོན་རྩ་ཞེས་མིང་བྱང་སྙན་མོ་ཞིག་ཁུར་བ་ཙམ་མ་ཡིན་པར་ང་ཚོའི་མི་

རིགས་དེར་ཆགས་གྲུམ་གྱི་རྨ་ཁ་གསོ་མཁན་ཡིན་པའི་ཆ་ནས་བོད་མི་རིགས་ཀྱི་འབྱུར་འགྱུར་འོད་

སྟོང་གི་ཁ་ཕྱོགས་ཤིག་གི་སྒོ་ནས་ཉམས་པ་སླར་གསོ་དང་མི་མཉམ་གོང་འཕེལ་དུ་གཏོང་རྒྱུ་ནི་གལ་

འགངས་ཆེན་པོ་ཆགས་ཡོད།  མི་རིགས་གང་ལ་བལྟས་ན་རང་གི་སྐད་དང་ཡི་གེ་རང་ཉིད་ཀྱི་སྤྱི་ཚོགས་

སུ་བཀོལ་དེ་རིམ་གྱིས་ཡར་རྒྱས་ཅན་དུ་འགྲོ་བ་ང་ཚོའི་ཕྱི་རོལ་དུ་མིག་ཟུང་བལྟས་མེད་པ་མིན་ན་ཤེས་

ངེས།   རྒྱུ་མཚན་ནི་འཛམ་གླིང་དེའི་ནང་གི་མི་རིགས་དང་རྒྱལ་ཁབ་མང་པོས་རང་ཉིད་ཀྱི་སྐད་དང་

མཐུན་པའི་སྒོ་ནས་ཐུན་མོང་མ་ཡིན་པའི་སྐད་ཡིག་སོགས་གསར་བཟོ་བྱེད་དོན་ཡང་རང་མི་རིགས་ཀྱི་

ངོ་བོ་མི་བརླགས་པའི་དོན་དང་མི་རིགས་འདི་དང་གཞན་ཞེས་ངོ་བོ་འཛིན་བྱེད་སོགས་ཀྱི་འོག་མི་

རིགས་དེའི་སྐད་ཡིག་གིས་བཀོལ་སྤྱོད་ཀྱི་ཐོག་ནས་མི་རིགས་དེ་ལ་ཞབས་འདེགས་སྒྲུབ་རྒྱུ་དེ་རེད། 

འོང་ཀྱང་།   ང་ཚོ་བོད་པར་མཚོན་ན་བོད་མི་རིགས་ཀྱི་སྐད་ཡིག་འདི་འདྲ་ཞིག་མདུན་དུ་བཞག་

སྟེ་གཞན་གྱི་སྐད་ཡིག་དྲི་མ་ཙམ་མྱོང་བ་འཇིག་རྟེན་བོད་པའི་གཏམ་དཔེར། རྒྱ་མཚོ་མདུན་དུ་བཞག་སྟེ།

ཀོ་གྱོང་མཆུ་མས་བརླན། ཞེས་པའི་དཔེར་བཞིན་དུ་རང་ཉིད་ཀྱི་རིག་གཞུང་རྒྱ་མཚོ་ལྟ་བུ་མདུན་དུ་བཞག་

ནས་ད་དུང་གཞན་གྱི་རིག་གཞུང་ཆུང་ཆུང་ཞིག་ལ་འགྲམ་ཆུ་ལྡང་བ་ཧ་ཅང་ངོ་ཚ་བའི་གནས་སུ་སྣང་།  སྤྱིར་ང་ཚོའི་རིག་གཞུང་མ་གཏོགས་མ་སྦྱང་ཟེར་བ་མིན་ཡང་རང་ཉིད་མི་རིགས་གང་གི་ཁོངས་སུ་རྟོགས་

ན་མི་རིགས་དེའི་སྐད་ཡིག་མ་ཤེས་ན་རང་ཉིད་ཀྱི་ཤ་ཁྲག་གི་ཕུང་པོ་གང་ལས་ཆད་པར་མི་ཤེས་སོ་ཞེས་་་

རླངས་བསེ་རུ་རིན་པོ་ཆེས་ཀྱང་འདི་ལྟར་གསུངས་ཡོད། རང་ཉིད་ཀྱི་རིག་གཞུང་མི་ཤེས་ན་ནགས་འགོའི་

བྱེའུ་དང་མཚུངས། ཞེས་བར་གཞིགས་ན་གནས་ལུགས་མེད་པ་མིན་མོད། གནད་དོན་དེ་ལ་བརྟེན་ནས་ང་

ཚོས་ཀྱང་རང་གི་རིག་གཞུང་དེ་རང་ཉིད་ཀྱི་ངོ་བོ་མཚོན་བྱེད་ཡིན་པ་ཤེས་བའི་ཐོག་ནས་རང་མི་རིགས་

ཀྱི་སྐད་ཡིག་དེ་འཛིན་སྐྱོང་སྤེལ་གསུམ་ཚད་ལྡན་ཞིག་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན།  རྒྱུ་མཚན་ནི་

རང་ཉིད་ཀྱི་སྐད་ཡིག་རང་ཉིད་ཀྱི་སྤྱི་ཚོགས་སུ་བཀོལ་སྤྱོད་རྒྱུར་རང་མི་རིགས་དེའི་ཆབ་སྲིད་དང་དཔལ་

འབྱོར་རིག་གཞུང་གསུམ་ཡར་རྒྱས་གཏོང་བའི་ཐབས་ལམ་ཡག་ཤོས་ཀྱིས་གནད་དོན་ལ་བརྟེན་ནས་བློས་

ཐུབ་ཀྱི་བསམ་བློ་སྨྲ་བ་སི་ཏ་ལེན་གྱིས་རང་སོ་སོའི་རིག་གཞུང་དང་སྐད་ཡིག་བེད་སྤྱོད་བཏང་ནས་རང་

ཉིད་ཀྱི་རྒྱལ་ཁབ་ཡར་རྒྱས་གཏོང་དགོས་པས་རང་ཉིད་ཀྱི་སྤྱི་ཚོགས་སུ་བཀོལ་སྤྱོད་བྱས་ནས་ད་གཟོད་

མི་རིགས་དེའི་ཆབ་དཔལ་རིག་གསུམ་ཡར་རྒྱས་དང་རྨང་གཞི་བརྟན་པོ་འཛུགས་ཐུབ་བྱུང་ཡོད་པ་ཞིག་

རེད།  ང་ཚོའི་གནད་དོན་དེ་དག་རྩ་བའི་དཔྱད་གཞི་བཟུང་ནས་བོད་མི་རིགས་ཀྱི་སྲོག་རྩ་གྱུར་བའི་

བོད་ཀྱི་སྐད་ཡིག་གི་ནུས་པ་ངེས་པར་དུ་མཐོ་འདེགས་བྱེད་དགོས་བའི་ཐབས་ལམ་འགའ་བརྗོད་ན།

           ༡  ༢ 

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།