བོད་ཀྱི་སློབ་གསོའི་ཁ་ཕྱོགས། 3

02/04/2009 19:09

༡ བོད་ཀྱི་སྐད་ཡིག་བཀོལ་སྤྱོད་བྱེད་ཐབས་ཀྱི་སྐོར།

བཙན་བྱོལ་བོད་གཞུང་གི་སྤྱི་ཚོགས་ཐོག་ཏུ་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་གཏོང་དགོས་ཞེས་དོན་མེད་ཀྱི་

ལབ་གླེང་ཙམ་གྱིས་འདུག་མི་ཉན་དེ།   ང་ཚོས་ངེས་པར་དོན་གྱིས་རང་ཉིད་ཀྱི་སྤྱི་ཚོགས་སུ་རང་ཉིད་ཀྱི་

སྐད་ཡིག་གིས་ཞབས་འདེགས་སྒྲུབ་ཐུབ་པར་བྱ་དགོས།  དེ་ལ་ཐོག་མར་རང་གཞུང་གི་ལས་ཁུངས་སོགས་

ཀྱི་ཐོག་ནས་བོད་ཀྱི་སྐད་ཡིག་གིས་བེད་སྤྱོད་རྒྱ་ཆེ་རུ་བཏང་ན་རིམ་གྱིས་ང་ཚོའི་སྤྱོ་ཚོགས་དེ་ཡང་རང་ཉིད་

ཀྱི་སྐད་ཡིག་གིས་དགོས་མཁོ་སྒྲུབ་ཐུབ་པའི་སྤྱི་ཚོགས་ཡར་རྒྱས་ཅན་ཞིག་ཏུ་མངོན་ཡོང་སྲིད་པ་རེད།    དེ་

འདྲ་སོང་ཙང་། ཕྲན་གྱི་བསམ་པར་བོད་ཀྱི་སྐད་ཡིག་བོད་ཀྱི་སྤྱི་ཚོགས་སུ་འགྲེམ་སྤེལ་བྱེད་དགོས་ན་ཐོག་

མར་སྤྱི་ཚོགས་སྣེ་མཐུན་པ་ཞིག་ཏུ་བཀོལ་སྤྱོད་དང་། ཁྱབ་བརྡལ། འགྲེམ་སྤེལ་བྱེད་དགོས་བ་སོགས་མཐུན་

རྐྱེན་དུ་མ་ཚང་དགོས་པའི་འདིར་རྙོག་འགྲོ་བར་དོགས་ནས་གླེང་བར་མི་སྤྲོའོ།

  བོད་གཞུང་སློབ་གྲྭའི་སློབ་མཚན་གྱི་སྐོར་གླེང་བ།

བོད་ཀྱི་སྐད་ཡིག་བཀོལ་སྤྱོད་དང་ཡར་རྒྱས་གཏོང་དགོས་ན་བོད་དུ་ཤེས་ལྡན་པ་མང་པོ་སྐྱེད་སྲིང་བྱ་དགོས་

པའི་ང་ཚོ་བཙན་བྱོལ་བོད་གཞུང་གི་བོད་ཁྱིམ་སློབ་གྲྭ་ཁག་དང་གཞུང་དང་ཚོགས་པ་སོགས་ཀྱི་མངའ་ཁོང་

གི་སློབ་གྲྭ་ཁག་ལ་འཆར་གཞི་ལྡན་པའི་སྒོ་ནས་བོད་ཡིག་གི་ནུས་པ་གོང་འཕེལ་གཏོང་དགོས་པ་མ་ཟད་བོད་

གཞུང་གི་ཡན་ལག་ལས་ཁུངས་སོགས་སུ་འབྲེལ་མཐུད་སོགས་ཕན་ཚུན་དབར་ལ་བོད་རང་གི་སྐད་ཡིག་

བཀོལ་སྤྱོད་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་སྣང་། ད་དུང་ང་ཚོའི་སྤྱི་ཚོགས་སུ་ཡོད་ཚད་མི་རིགས་གཞན་

ལ་ལད་བཟློས་ཀྱི་ཟློས་གར་འཁྲབ་ནས་མི་ལོ་ལྔ་བཅུའི་རིང་དུ་བཙན་བྱོལ་བོད་གཞུང་གི་སློབ་གྲྭ་ཆེ་འབྲིང་

ཆུང་གསུམ་གྱིས་རང་གི་སྤྱི་ཚོགས་རིག་གནས་དང་། དཔལ་འབྱོར་རིག་པ། དངོས་ཁམས་རིག་པ། ཚན་རྩལ་

རིག་པ། གསོ་བ་རིག་པ་སོགས་བོར་རང་གི་སྐད་ཡིང་ཏུ་བསྒྱུར་ཐུབ་མེད་པ་སོགས་བོད་རང་གི་སྐད་ཡིག་

གི་སྡེ་ཁག་ཏུ་ཕྱེས་ནས་མི་རིགས་རང་གི་སྐད་དང་མཐུན་པའི་སློབ་ཁྲིད་བྱས་ན་དེ་ཕྱོགས་ཀྱི་ཤེས་ལྡན་མི་

སྣ་གང་ལེགས་གསོ་སྐྱོང་བྱ་ཐུབ།  བོད་རང་གི་གཞུང་སྒེར་གང་ལ་མཚོན་ན་བོད་ཀྱི་སྐད་ཡིག་གིས་ནུས་

པ་ཆ་ཚང་ཕྱི་རུ་མངོན་ན་ད་གཟོད་བོད་རྒྱལ་ཁབ་ཀྱི་མ་འོངས་མདུན་ལམ་ཐོག་ཏུ་འོད་སྟོང་གི་ཉི་མ་

ཞིག་འཆར་སྲིད་དོ།

༣༽ དགེ་རྒན་དཔེ་ལགས་ཅན་གྱི་འོས་འགན།

སྤྱིར་ང་ཚོ་འཇིག་རྟེན་ཡོངས་གྲགས་ལྟར་ན། གང་ཞིག་འཆད་པ་དགེ་རྒན་གྱི་མཚན་ཉིད། ཅེས་པ་བདེན་

ཡང་འདིར་ངས་བཤད་པའི་དགེ་རྒན་དཔེ་ལེགས་ཅན་དེ་འདྲ་ཐ་སྙད་་སྐམ་པོ་ཞིག་ལ་ངོས་འཛིན་གྱི་མེད།

གང་ཡིན་ཟེར་ན། ང་ཚོའི་སྤྱི་ཚོགས་ནང་དུ་རང་ཉིད་ཀྱི་སྤྱི་ཚོགས་རྙེད་ཚེ་མ་འོངས་བོད་རྒྱལ་ཁབ་ཀྱི་གནས་

སྟངས་ལ་མི་གཞིགས་པར་རང་ཉིད་ཁོ་ནའི་རྐུབ་ཅག་ལ་བལྟ་མཁན་ཧ་ཅང་མང་། འདིར་ང་ཚོས་དགེ་རྒན་

དཔེ་ལེགས་ཅན་ཞེས་གླེང་དུས་མ་འོངས་བོད་མི་རིགས་ཀྱི་ཆེད་དུ་ཡོད་ཚད་གཏོང་ཕོད་ལྡན་པ་ཞིག་ལ་

ཟེར་གྱི་ཡོད་པའི་སློབ་མཚན་སྐབས་ཀྱི་བྱེད་སྒོ་ཀུན་ལ་མི་རིགས་རང་ཉིད་ཀྱི་སྐད་ཡིག་དང་འབྲེལ་བ་

ཡོད་པའི་རིག་གཞུང་ལམ་སྟོན་སོགས་ཀྱི་མཛུབ་སྟོན་བྱེད་མཁན་ཞིག  ད་དུང་རང་གི་མི་རིགས་དང་།

རིག་གཞུང་ལ་ཤ་ཞེན་ཡོད་པ། མི་རིགས་དང་སྤྱི་ཚོགས་ཀྱི་བདེ་སྡུག་ཕྲག་ཏུ་ལེན་མཁན།   ད་དུང་མི་

རིགས་དེའི་སྐད་ཡིག་གི་གནས་སྟངས་ཛ་དྲག་སོགས་ཀྱི་ཐད་ནས་གདུང་ལེན་བྱེད་མཁན་ཞིག་ལ་ཟེར་

གྱི་ཡོད།

 ༤༽  བཙན་བྱོལ་བོད་གཞུང་གི་འབད་བརྩོན་བྱེད་ཕྱོགས།

བཙན་བྱོལ་བོད་གཞུང་གི་ཁྱབ་ཁོངས་སུ་ཡོད་པའི་དགོན་སྡེ་ཆེ་ཆུང་དང་། གཞེས་གྲོང་སྡེ་ཁག  སློབ་གྲྭ་

ཆེ་འབྲེང་ཐ་གསུམ་སོགས་དང་གཞུང་བཞེས་མ་ཡིན་པའི་ཚོགས་པ་སོགས་ཀྱི་གཙོ་བྱས་པའི་ངེད་ཅག་བོད་

མི་རིགས་རྣམས་པས་མ་གྲོས་གཅིག་མཐུན་གྱིས་རང་དོན་རང་གཅེས་དང་སྒེར་དོན་གཉིས་ལ་འབད་

འབུངས་ཡང་དག་པའི་སྒོ་ནས་༸སྤྱི་ནོར་༸གོང་ས་མཆོག་དང་གཞེས་ལུས་བོད་མི་ས་ཡ་དྲུག་གི་སྐོམ་པ་

ཆུ་འདོད་དུ་སྒུག་པའི་རེ་བ་སྒྲུབ་རྒྱུ་ནི་བཙན་བྱོལ་བོད་གཞུང་གི་མངའ་ཁུངས་སུ་ཚུད་ཡོད་པའི་ཕྱི་རྒྱལ་

ཡུལ་གྲུ་ཁག་གི་སྐྱབས་བཅོལ་བ་ཡོད་དོ་ཅོག་གིས་བརྗོད་དུ་མེད་པའི་འོས་འགན་ཉག་གཅིག་བུ་དེ་ཡིན་ནོ།

 མཇུག་གཏམ་དང་ཆེས་མཐའ་མའི་རེ་བ་ལྕི་མོ།

མཐའ་དོན་དེ་ལ་བོད་ཀྱི་སྐད་ཡིག་ཡར་རྒྱས་གཏོང་མིན་ནི་བོད་མི་རིགས་ཀྱི་བཀོལ་སྤྱོད་བྱེད་མིན་དང་

གོང་གི་ཆ་རྐྱེན་ཚང་མིན་ལ་རག་ལས་པར་ཡོད་དུས་ང་ཚོ་ཚང་མས་མ་ནོར་བའི་ལམ་ཞིག་དང་། བཙན་

བྱོལ་བོད་གཞུང་གི་ལངས་ཕྱོགས་ལྡན་གྱི་འོག་ཏུ་ངལ་བ་དང་ལེན་བྱས་པ་ཡིན་ན་ད་གཟོད་ང་ཚོ་སྟེ་བོད་

རྒྱལ་ཁབ་ཆེན་མོ་སའི་གོ་ལའི་ཁྱིམ་གཞི་ཆེན་པོ་དེའི་ཐོག་ཏུ་ང་ཚོའི་འཇིག་རྟེན་ངོ་མ་བསྐྲུན་ཐུབ། ལྷག་

པར་ང་ཚོས་ད་ལྟ་དང་མ་འོངས་པ་བཅས་ལ་ང་ཚོས་བསམ་གཞིགས་ནན་ཏན་བྱེད་ཚེ་ང་ཚོར་འདི་ལྟ་

བུའི་སློབ་གསོའི་ཁ་ཕྱོགས་ངེས་ཅན་ཞིག་གི་འོག་ནས་དྲན་བསྐུལ་གཏོང་རྒྱུ་དང་བཅས་རང་མི་རིགས་ཀྱི་

ངོ་བོ་མ་བརླག་པ་བྱེད་དགོས་ཀྱི་བསམ་གཞིགས་དང་སློབ་གསོའི་གཞིར་བཟུང་ནས་མདུན་དུ་བསྐྱོད་པ་

ཡིན་ན། གཞི་ནས་ང་ཚོ་བོད་རྒྱལ་ཁབ་ཤི་གསོན་འབུམ་ཕྲག་གི་བར་གསེང་ནས་རེ་བ་དང་བཅས་ལངས་

ཐུབ་ཞེས་ཁོ་བོས་འགྲིན་པ་མཐོ་པོ་བཏེགས་ཏེ་སྨྲ་ཕོད་པའི་ངང་ཕྲན་གྱི་དཔྱད་རྩོམ་ཐུང་ངུ་འདི་འབྲི་

དགོས་པའི་དམིགས་ཡུལ་དེ་ཡིན་ནོ།།

དཀོན་མཆོག་གིས་སྤྱི་ལོ་༢༠༠༩ ཟླ་༤་ཚེས་༢་ཉིན་ལ།། །།

        ༡     ༣

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།