བོད་ཁམས་རྟའུ་ཁུལ་དུ
05/05/2009 09:27
བོད་ཁམས་རྟའུ་ཁུལ་དུ་ལས་བྱེད་བཏང་ནས་བཙིར་གནོན།
འདོན་སྤེལ།༢༠༠༩།༥།༥
༄༅། བོད་ཁམས་རྟའུ་ས་ཁུལ་ནང་ད་ལོ་ཕྱི་ཟླ་གསུམ་པའི་གཡས་གཡོན་དུ་བོད་མི་ཚོས་རྒྱ་ནག་གཞུང་
གི་དབང་བསྒྱུར་ལ་ངོ་རྒོལ་ཆེད་ས་ཞིང་འདེབས་ལས་མི་བྱེད་རྒྱུའི་ལས་འགུལ་ཞིག་སྤེལ་བའི་རྗེས་རྒྱ་ནག་
གཞུང་ཕྱོགས་ནས་དེང་སྐབས་ལས་བྱེད་དང་ཉེན་རྟོག་པ་ས་ཁུལ་དེའི་རྒྱུད་དུ་ཆེད་གཏོང་བྱས་ནས་ས་གནས་
མང་ཚོགས་ཚོར་ས་ཞིང་འདེབས་ལས་མི་བྱེད་རྒྱུའི་ལས་འགུལ་སྤེལ་མཁན་ཚོ་རྩིས་སྤྲོད་བྱེད་དགོས་པ་དང་
དེ་བཞིན་སྐབས་དེ་དུས་ས་ཞིང་འདེབས་ལས་མི་བྱེད་རྒྱུའི་འགྲེམ་ཡིག་མང་པོ་འགྲེམས་སྤེལ་བྱས་ཡོད་པ་དེ་
ཚོ་སུས་བྱས་མིན་རྩིས་སྤྲོད་བྱེད་མཁན་ཚོར་མི་དམངས་ཤོག་སྒོར་ཁྲི་གཅིག་ཡན་གྱི་བྱ་དགའ་སྤྲོད་རྒྱུ་སོགས་
ཀྱི་སྐུལ་སློང་བྱས་ནས་ས་གནས་དེའི་ནང་གི་མང་ཚོགས་ཉིན་ལྟར་ཚོགས་འདུར་བསྐོངས་ནས་བསུན་བཙིར་
བཟོ་གི་ཡོད་པའི་ཁར་ས་གནས་ལས་བྱེད་དང་ཉེན་རྟོག་པས་ཕྱི་ཟླ་བཞི་པའི་ཚེས་ཉི་ཤུ་དགུ་ཉིན་ལས་འགུལ་
དེ་རིགས་རྟའུ་ཁུལ་དུ་ཡོད་པའི་བཙུན་དགོན་དུ་སྤེལ་བར་བསྐྱོད་པའི་སྐབས་བཙུན་པ་ཚོས་ཁོང་ཚོའི་དགོན་
པའི་ནང་གནས་ཚུལ་དེ་རིགས་མེད་པའི་འགྲེལ་བཤད་བྱས་ནས་རྒྱ་མིའི་ལས་བྱེད་མ་བཏང་བའི་རྐྱེན་གྱིས་ཕན་
ཚུན་ཁ་རྩོད་བྱུང་ནས་བཙུན་མ་ཚོས་ཉེན་རྟོག་མོ་ཊར་རྡོ་བཞུས་པ་སོགས་བྱས་ནས་ད་ཆ་བཙུན་དགོན་དེའི་
བཙུན་མ་རྣམས་དགོན་པའི་ནང་གནས་ཐབས་མེད་པའི་ཛ་དྲག་གི་གནས་སུ་གྱར་བཞིན་ཡིན་པའི་སྐོར་རྒྱ་
གར་ལྷོ་ཕྱོགས་དགའ་ལྡན་དགོན་པའི་དགེ་འདུན་བློ་བཟང་འཇམ་དབྱངས་ལགས་ཀྱིས་ངོ་སྤྲོད་གནང་འདུག
———
Back