བོད་དོན་ཚོགས་ཆེན།

30/11/2008 21:04

 

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན།

བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་དམིགས་བསལ་ཚོགས་ཆེན་དེ་ཕྱི་ཚེས་༢༩ ཉིན་ནས་རྒྱ་གར་རྒྱལ་ས་ལྡི་ལིའི་ཉེ་འགྲམ་གྷོར་གྷན་དུ་མགོ་འཛུགས་ཀྱིས་ཉིན་ ༣ རིང་འཚོགས་ཡོད་པ་དང་། དེར་རྒྱལ་ཁབ་ ༣༠ ནས་ཕེབས་པའི་ཕེབས་པའི་བོད་དོན་རྒྱབ་སྐྱོར་བ་ ༡༠༠ ལྷག་འཛོམས་ཡོད་ཅིང་། བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཉིས་ཚོགས་ཞུགས་གནང་ཡོད་པ་རེད།

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་དམིགས་བསལ་ཚོགས་ཆེན་དེ་ནི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པས་གཙོ་སྐྱོང་དང་གོ་སྒྲིག་གནང་ཡོད་ཅིང་། ཚོགས་ཆེན་འདི་ཡང་ད་ལྟའི་བོད་ནང་གི་གཉན་འཕྲེང་གི་དུས་བབ་དང་རྒྱལ་སྤྱིའི་གནས་བབ་ཀྱི་འོག་དམིགས་བསལ་གྱིས་སྐོང་བ་ཞིག་ཡིན་འདུག བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་ནི་ཚོགས་ཆེན་འདིའི་སྐུ་མགྲོན་གཙོ་བོ་ཡིན་པ་དང་ཁོང་གིས་ཚོགས་ཆེན་དེ་དབུ་འབྱེད་གནང་ཡོད་པ་རེད། དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཀརྨ་ཆོས་འཕེལ་མཆོག་དང་། ༧གོང་ས་མཆོག་གི་ལྡི་ལིའི་སྐུ་ཚབ་དོན་གཅོད་བཀའ་བློན་བསྟན་པ་ཚེ་རིང་། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱལ་ཡོངས་འབྲེལ་མཐུད་པ་གཙོ་བོ་ཌོག་ཊར་ N K Trikha དང་། འབྲེལ་མཐུད་ལས་རོགས་པ་སྐུ་ཞབས་ Vijay Kranti བཅས་ཚོགས་ཞུགས་གནང་ཡོད་པ་རེད།


བཀའ་ཁྲི་མཆོག་གིས་ཚོགས་ཆེན་མཛད་སྒོའི་སྟེང་གསུངས་དོན། ཚོགས་ཆེན་འདི་ནི་བཙན་བྱོལ་བོད་གཞུང་གིས་ཆབ་སྲིད་ཀྱི་དམིགས་ཡུལ་འགྲུབ་ཆེད་སྐོང་འཚོགས་གནང་བ་ཞིག་མིན་པར། ཚོགས་མི་རྣམས་ཀྱིས་དང་བླང་སྒོས་རང་རང་གི་རྣམ་དཔྱོད་དང་འགྲོ་སོང་བཏང་སྟེ་བོད་ཀྱི་གནད་དོན་སེལ་ཐབས་ཀྱི་ལམ་ཁ་ཞིག་འཚོལ་གི་ཡོད་པ་རེད་ཅེས་དང་། ཉེ་ལམ་གྱི་དམིགས་བསལ་ཚོགས་ཆེན་སྐོར་ནས་གསུངས་དོན། བོད་མི་རྣམས་ཀྱི་དམིགས་བསལ་ཚོགས་ཆེན་དེ་ནི་ད་ལོ་གསུམ་པའི་ནང་བོད་ནང་གི་བོད་མི་རྣམས་ཀྱིས་བློས་གཏོང་ཆེན་པོས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པ་དེར་བརྟེན་ནས་འཚོགས་པ་རེད། རང་དབང་ལུང་པར་ཡོད་པའི་ང་ཚོས་མ་ཤེས་མདོག་བྱས་ནས་སྡོད་སྟངས་ཡོད་པ་མ་རེད། ང་ཚོས་རྒྱ་ནག་གཞུང་གི་དྲག་རྩུབ་ཀྱི་སྲིད་བྱུས་འོག་མནར་གཅོག་མྱོང་བཞིན་པའི་བོད་མི་རྣམས་སྲུང་སྐྱོབ་བྱེད་པར་གང་ཐུབ་ཀྱི་ནུས་པ་འདོན་ཐུབ་དགོས་པ་རེད་ཅེས་གསུངས་ཡོད་པ་རེད། དེ་བཞིན་ཁོང་གིས། བོད་ནང་དང་ཕྱི་ན་ཡོད་བོད་མི་མང་ཆེ་བས་དབུ་མའི་ལམ་གྱི་ལམ་ལ་རྒྱབ་སྐྱོར་གནང་གི་ཡོད་པ་ནི་གསལ་བོ་རེད་ལ། དམིགས་བསལ་ཚོགས་ཆེན་གྱི་སྟེང་ནས་ཀྱང་འདི་གསལ་བོ་བྱུང་བ་རེད་འདོད་ཡོད་ཅེས་སོགས་གསུངས་ཡོད་པ་རེད།

བཀའ་བློན་བསྟན་པ་ཚེ་རིང་མཆོག་གིས་༧གོང་ས་མཆོག་གིས་དམིགས་བསལ་ཚོགས་ཆེན་དེའི་སྟེང་བསྩལ་བའི་གསུང་འཕྲིན་དེ་ལྗགས་ཀློག་གནང་ཡོད་པ་རེད། དེ་ཡང་༧གོང་ས་མཆོག་གིས་གསུངས་དོན། རྒྱ་གར་ནང་དུ་འཛམ་གླིང་གང་ས་ནས་ཕེབས་པའི་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱི་དམིགས་བསལ་ཚོགས་ཆེན་ཞིག་སྐོང་བཞིན་པ་འདིའི་ཐད་ངོས་རང་ཧ་ཅང་དགའ་བོ་བྱུང་། ངོས་ནས་ཐག་རིང་གི་ཡུལ་གྲུ་ཁག་ནས་ཕེབས་པའི་ཚོགས་ཞུགས་པ་རྣམས་འདིར་འཛོམས་ཏེ་བད་མི་རིགས་ཀྱི་མནར་སྡུག་འདི་མཇུག་སྒྲིལ་བའི་ཆེད་དུ་བོད་མིའི་ལས་དོན་ཇི་ལྟར་སྤེལ་དགོས་པའི་སྐོར་ལ་གོ་བསྡུར་གནང་བཞིན་པ་འདིར་ཐུགས་རྗེ་ཆེ་ཞུ་གི་ཡོད། ཅེས་གསུངས་ཤིང་། ཁོང་གིས་མུ་མཐུད་དུ། བོད་ཀྱི་གནད་དོན་འདི་ནི་ཀུན་སྤྱོད་དང་དྲང་བདེན་གྱི་གནད་དོན་ཞིག་རེད། ངོས་ནས་ནམ་རྒྱུན་བཤད་ཀྱིན་པ་ལྟར། ང་ཚོའི་ངོས་ནས་ཁྱེད་རང་ཚོ་ནི་བོད་ལ་རྒྱབ་སྐྱོར་བྱེད་མཁན་མ་ཡིན་པར། དྲང་བདེན་ལ་རྒྱབ་སྐྱོར་བྱེད་མཁན་ལབ་གི་ཡོད། དེ་བཞིན་དུ་བོད་ཀྱི་གནད་དོན་ནི་བོད་མི་རིགས་ཁོ་ནི་གནད་དོན་ཙམ་ཡང་མ་རེད། འདི་ལ་རྒྱལ་སྤྱིའི་ངོས་ཀྱི་གནད་དོན་ཡང་ཡོད་པ་རེད། བོད་ཀྱི་རིག་གཞུང་ནི་སྟོན་པ་བཅོམ་ལྡན་འདས་ཀྱི་བྱམས་བརྩེ་དང་ཞི་བ་ལ་གཞི་བཅོལ་བ་ཞིག་ཡིན། དེར་བརྟེན་འདི་ནི་བོད་མི་ས་ཡ་དྲུག་ཙམ་མིན་པར། འཛམ་གླིང་སྟེང་རིག་གཞུང་འདི་གཙོ་སྲུང་བྱེད་མཁན་གྱི་མི་གྲངས་ས་ཡ་ ༡༣ ལ་འབྲེལ་ཡོད་ཅིང་། འདིས་འཛམ་གླིང་ཞི་བདེ་དང་འཆམ་མཐུན་གྱི་ཆེད་དུ་ལེགས་སྐྱེས་ཆེན་པོ་ཞིག་འབུལ་ཐུབ་གི་ཡོད། གཉིས་ཐད་ནས། བོད་ཀྱི་གནད་དོན་ནི་བོད་མིའི་བརྟན་ལྷིང་མེད་པའི་ཁོར་ཡུག་ལ་འབྲེལ་བ་ཡོད་ལ། ཚན་རིག་པ་རྣམས་ལྟར་ན་འདིས་མངའ་ཁུལ་གྱི་མི་འབོར་དུང་ཕྱུར་ལ་ཤུགས་རྐྱེན་ཐེབས་གི་རེད་ཅེས་བསྟན་ཡོད་པ་རེད། གསུམ་ཐད་ནས། བོད་དོན་འདི་ནི་ཨེ་ཤ་ཡའི་མངའ་ཁུལ་གྱི་རྒྱལ་ཁབ་ཆེ་ཤོས་རྒྱ་གར་དང་རྒྱ་ནག་གཉིས་ལ་འབྲེལ་ཡོད་པ་རེད། བོད་དོན་ལ་དོན་ཕན་ལྡན་པའི་ཐག་གཅོད་ཅིག་བྱུང་བ་ཡིན་ན་རྒྱལ་ཁབ་འདི་གཉིས་ཀྱི་བར་ཞི་བདེ་སྐྲུན་པར་ནུས་པ་འདོན་ཐུབ་གི་རེད་ལ། རྒྱལ་ཁབ་འདི་གཉིས་སྡོམ་ན་འཛམ་གླིང་གི་མི་འབོར་གྱི་གསུམ་ཆ་གཅིག་ཟིན་གི་ཡོད་པ་རེད། ཅེས་གསུངས་ཡོད་པ་རེད།

དེ་བཞིན་ཁོང་ས་མཆོག་གིས། ང་ཚོའི་དམངས་གཙོའི་ལམ་ནས་འོས་འདེམ་བྱུང་བའི་དབུ་ཁྲིད་རྣམས་ཀྱིས་དམིགས་བསལ་ཚོགས་ཆེན་གྱི་མཇུག་སྡོམ་སྐོར་དེ་ཁྱེད་རང་ཚོར་སྙན་སེང་ཞུ་ངེས་ཡིན་སྐོར་དང་། བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ཀྱང་བོད་མིའི་དམིགས་བསལ་ཚོགས་ཆེན་གྱི་གྲོས་དོན་ལ་གཞི་བཟུང་སྟེ་མ་འོངས་པར་བོད་དོན་གྱི་ལས་འགུལ་ཇི་ལྟར་སྤེལ་དགོས་མིན་ཐད་བགྲོ་གླེང་གོ་བསྡུར་ལྷུག་པོ་ཡོང་བའི་རེ་བ་ཡོད་ཅེས་དང་། བོད་མི་རིགས་ཀྱི་གཞི་རྩའི་མངོན་འདོད་ངོས་ཟིན་པའི་ཐོག་ནས་མ་འོངས་ཇི་དགེའི་སྐོར་ང་ཚོའི་དམངས་གཙོའི་ལམ་ནས་ཕེབས་པའི་དབུ་ཁྲིད་ལ་དགོངས་འཆར་འབུལ་བའི་རེ་བ་ཡོད་ཅེས་གསུངས་ཡོད་པ་མ་ཟད། ཁོང་གིས་བོད་ཀྱི་གནད་དོན་ནི་བོད་མི་རིགས་སྤྱིའི་གནད་དོན་ཡིན་པ་ལས་ཁོང་སྒེར་གྱི་གནད་དོན་མིན་ཚུལ་དང་། རྒྱ་ནག་གཞུང་གིས་བོད་དོན་དེ་ཁོང་སྐུ་སྒེར་གྱི་གནད་དོན་ལ་སྦྱོར་གི་ཡོད་པ་རེད། བོད་མི་རིགས་ཀྱིས་ཐུན་མོང་གི་ཁེ་ཕན་ཆེད་བསྐྱར་དུ་བསམ་བློ་བཏང་སྟེ་ཐག་གཅོད་དགོས་པ་རེད། ཡིན་ནའང་བོད་མི་རིགས་གཅིག་པུས་རྒྱ་ནག་གཞུང་གི་ལྟ་བ་དང་ལངས་ཕྱོགས་ལ་འགྱུར་བ་གཏོང་བའི་ནུས་པ་མེད་སྟབས། ངོས་ནས་མུ་མཐུད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་འཚོལ་གི་ཡོད་ལ། འདིའི་ཐད་ང་ཚོའི་རྒྱབ་སྐྱོར་བ་རྣམས་ཀྱིས་ནུས་པ་ཆེན་པོ་ཞིག་འདོན་ཐུབ་གི་རེད། ཅེས་སོགས་གསུངས་ཡོད་པ་རེད།

ཚུལ་གསུངས་ཡོད་པ་མ་ཟད། འབྲེལ་མོལ་ཐེངས་བརྒྱད་པ་ནས་བཟུང་བོད་རྒྱའི་འབྲེལ་མོལ་འདིར་གྲུབ་འབྲས་མི་འབྱུང་བ་གསལ་རྟོགས་བྱུང་བ་དང་

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།