བོད་བཙོང་བ་མ་རེད།

02/12/2008 20:18

 

དབྱིན་ཇིས་བོད་བཙོང་བ་མ་རེད།



ཉེ་ལམ་ཨ་རིའི་བོད་དོན་མཁས་དབང་རོ་བྷེར་ཊི་བྷེར་ནེ་ཡིས། དབྱིན་ཇིས་བོད་རང་དགར་བཙོང་བ་རེད་དམ།ཅེས་དབྱིན་ཇིའི་གཞུང་གིས་བོད་དོན་ལངས་ཕྱོགས་ལ་འགྱུར་བ་བཏང་བའི་ཐད་སྐྱོན་བརྗོད་བྱས་ཡོད་ལ། དབྱིན་ཇིའི་ལངས་ཕྱོགས་དེས་ཐ་ན་རྒྱ་གར་དང་རྒྱ་ནག་གཉིས་ཀྱི་ས་མཚམས་རྩོད་རྙོག་ལའང་ཤུགས་རྐྱེན་ཐེབས་ངེས་པའི་སྐོར་བརྗོད་ཡོད་ལ། ཁོང་གི་རྩོམ་ཡིག་དེ་ཕྱི་ཟླ་ ༡༡ པའི་ཚེས་ ༢༥ ཉིན་ནེའུ་ཡོག་དུས་བབ་གསར་ཤོག་སྟེང་སྤེལ་ཡོད་པ་རེད།

ཕྱི་ཟླ་ ༡༢ ཚེས་ ༡ ཉིན་དབྱིན་ཇིའི་ཕྱི་སྲིད་ལས་ཁུངས་ཀྱིས། དབྱིན་ཇིའི་བོད་དོན་ལངས་ཕྱོགས། རང་སྐྱོང་དང་འགྲོ་བ་མིའི་ཐོབ་ཐང་ཅེས་པ་ཞིག་བཀོད་དེ་རོ་བྷེར་ཊི་བྷེར་ནེ་ཡི་རྩོམ་ཡིག་དེར་ལན་འདེབས་བྱས་དོན། སྐུ་ཞབས་ རོ་བྷེར་ཊི་བྷེར་ནེ་ ཡི་སྐྱོན་བརྗོད་དེ་ནི་དྲང་པོ་མ་རེད། དབྱིན་ཇི་དང་ཨ་རི། དེ་བཞིན་འཛམ་གླིང་གང་དུའང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དེ་ནི་ངོས་ལེན་བྱེད་མི་ཐུབ་པ་ཞིག་ལ་ངོས་འཛིན་བྱེད་གི་ཡོད་ལ། སྲིད་བློན་ གྷོར་ཌོན་ བྷུ་རོན་མཆོག་གིས་ཀྱང་འདིའི་ཐད་མུ་མཐུད་ནས་རྒྱ་ནག་གཞུང་ལ་མཇུག་གནོན་བྱེད་གི་རེད་ཅེས་དང་། བོད་ཀྱི་གནད་དོན་འདིར་རྒྱུན་ཐུབ་པའི་ཐག་གཅོད་ཅིག་འཚོལ་དགོས་ན་འབྱུང་འགྱུར་ལ་ཁ་ཕྱོགས་དགོས་པ་ལས། འདས་ཟིན་པར་ཁ་ཕྱོགས་ན་འགྲིག་གི་མ་རེད། ཏཱ་ལའི་བླ་མ་མཆོག་གིས་ཀྱང་ཁོང་ལ་རྒྱ་ནག་གི་འོག་ནས་རང་སྐྱོང་དགོས་ཞེས་པ་ལས། རང་བཙན་རྩོད་གི་མི་འདུག ང་ཚོས་ཀྱང་རང་གི་ལངས་ཕྱོགས་ལ་གསར་བཅོས་བྱས་པ་ཡིན་ལ་འདི་ནི་ལམ་ཁ་ཡག་ཤོས་ཀྱང་རེད། འདིའི་གོ་དོན་ནི་ང་ཚོས་བོད་ནི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་བསམ་བློ་གཏོང་གི་ཡོད། འདི་ནི་ང་ཚོས་རང་སྐྱོང་དང་འགྲོ་བ་མིའི་ཐོབ་ཐང་གི་ཐད་རྒྱབ་སྐྱོར་མཚམས་འཇོག་བྱས་པ་མིན། དྲང་མོར་བཤད་ན་ང་ཚོས་མཚམས་འཇོག་གི་མ་རེད། ཅེས་བཀོད་འདུག

ང་ཚོའི་བསྒྲགས་གཏམ་དེས་ཉེ་ཆར་གྱི་བོད་རྒྱའི་གྲོས་མོལ་དེ་བཟང་ཕྱོགས་ཀྱི་རྣམ་པར་འཕེལ་དགོས་པ་གསལ་བོར་བསྟན་ཡོད་ལ། འབྲེལ་མོལ་གྱི་སྔོན་དེར་ང་ཚོས་བསྒྲགས་གཏམ་སྤེལ་བའི་རྒྱུ་མཚན་ཡང་འདི་ཡིན། ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་རྣམ་པས་གྲོས་འཆར་པུལ་བ་གཞིར་བཟུང་གྲོས་མོལ་ནི་ཛ་དྲག་གི་ངང་ད་ཆ་ངེས་པར་བསྐྱར་མཐུད་བྱེད་དགོས་གི་འདུག རྒྱ་ནག་གིས་བསམ་བློ་གུ་ཡངས་པོའི་སྒོ་ནས་གྲོས་འཆར་འདི་དག་ལ་གཟིགས་དགོས་པ་རེད་ཅེས་བཀོད་འདུག

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།