བོད་མི་ལྔ་ལ་ཉེན་བརྡ།

09/08/2009 00:49

ཁམས་དཀར་མཛེས་ཁུལ་གྱི་ཉེན་རྟོག་པས་བོད་མི་ལྔ་ལ་ཉེན་བརྡ།

RFA རླུང་འཕྲིན་ཁང་།

སྔ་ལོ་བོད་མིའི་ཞི་རྒོལ་ཆེན་མོའི་རྗེས་ནས་ད་བར་རི་འགོར་བྲོས་བྱོལ་གསང་ཡིབ་ངང་ཡོད་པའི་གསེར་རྟ་རྫོང་གི་བོད་

མི་ལྔ་བོ་དེ་རྣམས་ཀྱིས་འཕྲལ་དུ་སྲིད་གཞུང་ལ་མགོ་བཏགས་མ་ཞུས་ཚེ་ཁོང་རྣམས་ས་གནས་གང་དུ་མཐོང་ཚེ་གསོད་

རྒྱུ་ཡིན་ཞེས་དཀར་མཛེས་ཁུལ་གྱི་ཉེན་རྟོག་པས་བཀའ་བཏང་འདུག ཟླ་བ་བདུན་པའི་ཟླ་མཇུག་ཙམ་དུ་དཀར་མཛེས་

བོད་རིགས་རང་སྐྱོང་ཁུལ་གྱི་ཉེན་རྟོག་པ་སུམ་བཅུ་ལྷག་གསེར་རྟ་རྫོང་ཁེས་སྐོར་ཞང་དུ་ཡོང་ནས་ཉིན་བཅུ་གཉིས་རིང་

ས་གནས་དེར་བསྡད་ཡོད་པ་དང་དེར་སྡོད་དགོས་པའི་གནད་དོན་གཙོ་བོ་ནི་སྔ་ལོ་ཕྱི་ཟླ་གསུམ་པའི་ཚེས་བཅུ་ནས་

བཟུང་བོད་ས་ཡོངས་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས་གསེར་རྟ་ས་ཁུལ་དུའང་གཅིག་མཚུངས་ཀྱིས་རྒྱ་ནག་

གཞུང་གི་དབང་བསྒྱུར་ལ་ངོ་རྒོལ་བྱས་ཡོད་པ་དང་སྐབས་དེའི་ངོ་རྒོལ་གྱི་ལས་འགུལ་ནང་འབྲེལ་བ་ཡོད་པའི་ཉེས་

འཛུགས་བྱ་ཡུལ་གྱི་བོད་མི་ད་དུང་ཡང་འཛིན་བཟུང་བྱེད་ཐུབ་མེད་སྟབས་ད་ནས་བཟུང་གལ་ཏེ་སྲིད་གཞུང་ལ་མགོ་

བཏགས་མ་བྱེད་པ་ཡིན་ན་གང་དུ་མཐོང་ཚེ་གསོད་རྒྱུ་ཡིན་ཞེས་གསལ་བསྒྲགས་བྱས་ཡོད་སྐོར་གནས་ཚུལ་དེ་རྒྱུས་

མངའ་ཡོད་མཁན་བོད་མི་དམངས་མདོ་སྨད་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་འོས་སེར་ལགས་ཀྱིས་འདི་ག་རླུང་འཕྲིན་

ཁང་ལ་འགྲེལ་བརྗོད་གནང་འདུག

གསེར་རྟ་རྫོང་གི་བོད་མི་ལྔའི་མིང་བཏོན་ཡོད་པ་དེ་རྣམས་ནི་གསེར་རྟ་རྫོང་ཁེས་སྐོར་ཞང་ཚེ་ཤུལ་སྡེ་བའི་རང་ལོ་བཞི་

ཅུ་ཞེ་གསུམ་ཡིན་པའི་བཟུང་སྐྱབས་དང་རང་ལོ་ཉི་ཤུ་རྩ་བརྒྱད་གངས་རྡོར་དེ་མིན་གསེར་རྟ་རྫོང་རགས་བཀྲམ་ཞང་ཏོག་

ཚ་སྡེ་བའི་རང་ལོ་སུམ་ཅུ་སོ་བརྒྱད་ཅན་གྱི་ཤེར་རྡེའུ་དང་གསེར་རྟ་རྫོང་རྙི་སྟོད་ཞང་རོགས་བཟའ་སྡེ་བའི་རང་ལོ་ཉི་ཤུ་རྩ་

བརྒྱད་ཅན་གྱི་ཉི་རྡོར།མི་ལྔ་པ་དེ་མིང་གསལ་ཁ་མེད་པ་དང་གོང་ཞུས་མི་ལྔ་པོ་དེ་ཚོར་སྔ་ལོའི་བོད་མིའི་ཞི་རྒོལ་སྐབས་

གསེར་རྟག་རྫོང་གི་ཁེས་སྐོར་ཞང་དང་རྙི་སྟོད་ཞང༌།རགས་བཀྲམ་ཞང་སོགས་སུ་ངོ་རྒོལ་ལས་འགུལ་ནང་ཞུགས་མཁན་

གྱི་ཉེས་མིང་བཏགས་ཡོད་འདུག

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།