མང་གཙོ་ཚོགས་པ་ཐོབ་

31/08/2009 12:23

ཉི་ཧོང་རྒྱལ་ཡོངས་འོས་བསྡུའི་ནང་མང་གཙོ་ཚོགས་པ་ཐོབ་ཡོད་པ། ཁ་ས་ཉི་ཧོང་ནང་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འཐུས་མི་འོས་བསྡུ་གནང་བ་ནས་ཕྱོགས་འགལ་སྲིད་དོན་ཚོགས་

པ་ཉི་ཧོང་གི་མང་གཙོ་ཚོགས་པར་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་རྒྱལ་ཁ་ཐོབ་འདུག    ཉི་ཧོང་གི་གྲོས་ཚོགས་འོག་

མའི་ནང་ས་མིག་༤༨༠ཡོད་པའི་ནང་ནས་ཁ་ས་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འཐུས་མི་འོས་བསྡུ་བྱས་པའི་འབྲས་

བུར་དགུང་གྲངས་༦༢ལ་ཕེབས་པའི་སྐུ་ཞབས་ཡུ་ཀི་ཡོ་ཧ་ཏོ་ཡ་མ་མཆོག་གིས་སྣེ་འཁྲིད་པའི་ཉི་ཧོང་གི་མང་གཙོ་

ཚོགས་པར་ས་མིག་སུམ་བརྒྱ་ཐོབ་སྟེ་འདས་པའི་ལོ་ལྔ་བཅུ་རིང་ཉི་ཧོང་གི་གཞུང་འཛིན་སྐྱོང་མུ་མཐུད་གནང་མཁན་

སྲིད་དོན་ཚོགས་པ་ལི་སྦ་རལ་ཌེ་མོ་ཁེ་རེ་ཀྲིཀ་ཞེས་པའི་ཚོགས་པར་ཕམ་ཉེས་བྱུང་འདུག

 

ཉི་ཧོང་གི་སྲིད་བློན་ཏ་རོ་ཨ་སོ་མཆོག་གས་ད་རེས་ཀྱི་རྒྱལ་ཡོངས་འོས་བསྡུའི་ནང་གཞུང་འཛིན་ཚོགས་པ་ཨེལ་ཌི་

པི་ལ་ཕམ་ཉེས་བྱུང་བའི་འགན་ཁོང་ལ་ཡོད་སྐོར་གསུངས་ཏེ་སྲིད་དོན་ཚོགས་པ་དེའི་དབུ་ཁྲིད་ཀྱི་གོ་གནས་ནས་

དགོངས་པ་ཞུས་འདུག      ད་རེས་ཉི་ཧོང་གི་གཞུང་འཛིན་ཚོགས་པར་ཕམ་ཉེས་ཆེན་པོ་བྱུང་དོན་གཙོ་བོ་ནི་རྒྱལ་

སྤྱིའི་ནང་དཔལ་འབྱོར་ཉམས་རྒུད་ཕྱིན་པ་དེས་ཉི་ཧོང་ལ་དོ་ཕོག་ཆེ་ཤོས་བྱུང་སྟེ་ཡུལ་དེའི་ནང་ལས་མེད་ཀྱི་གྲངས་

འབོར་དེ་སྔ་བྱུང་མྱོང་མེད་པའི་ཚད་གཞི་མཐོ་པར་སླེབས་པ་དང་དཔལ་འབྱོར་ཉམས་རྒུད་ནས་སླར་གསོ་ཡང་ཡོང་

གི་མེད་པའི་དབང་གིས་ཡིན་པ་རེད།

ཉི་ཧོང་གི་མང་གཙོ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཡུ་ཀི་ཡོ་ཧ་ཏོ་ཡ་མ་ཡིས་ཁོང་གི་སྲིད་དོན་ཚོགས་པར་ད་

རེས་རྒྱལ་ཁ་ཐོབ་པ་དེ་ནི་གསར་བརྗེའི་རང་བཞིན་ལྡན་པ་ཡིན་ལུགས་དང་ཉི་ཧོང་གིས་གཞུང་འཛིན་འཕོ་བསྒྱུར་

གཏོང་ཕྱིར་མི་མང་གིས་ཁོང་གི་སྲིད་དོན་ཚོགས་པར་འོས་ཤོག་འཕེན་ཚུལ་གསུངས་པ་མ་ཟད་ཁོང་གིས་ཚོགས་

པས་ཆེ་བསྟོད་ཆེན་པོ་མ་གནང་བར་མི་མང་གི་བསམ་ཚུལ་ལ་གསན་འཇོག་གནང་རྒྱུ་ཡིན་ལུགས་གསུངས་འདུག

ཡུ་ཀི་ཡོ་ཧ་ཏོ་ཡ་མ་མཆོག་གིས་ཉི་ཧོང་གི་གཞུང་འཛིན་རྒྱུ་ངེས་པའི་ཚོད་དཔག་བྱེད་བཞིན་པ་དང་དེ་རིང་གཟའ་

ཟླ་བའི་ཉིན་གཞུང་འཛིན་འཕོ་འགྱུར་གྱི་ཚོགས་ཆུང་གསལ་བསྒྲགས་གནང་འཆར་ཡོད་པ་མ་ཟད་གཞུང་འཛིན་

སྐྱོང་ཐད་བཅོས་བསྒྱུར་གཏོང་འཆར་དང་དེ་བཞིན་སྤྱི་ཚོགས་ཀྱི་བདེ་དོན་ཡར་རྒྱས་གཏོང་རྒྱུའི་ལས་འཆར་ཁག་

ཀྱང་གསལ་བསྒྲགས་གནང་འཆར་གནང་ཡོད་པའི་གནས་ཚུལ་འདུག།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།