མའོ་ཤོག་ཁག་

14/09/2009 10:09

བལ་ཡུལ་ནང་མའོ་ཤོག་ཁག་གི་ངོ་རྒོལ་བ་འཛིན་བཟུང༌བྱས་འདུག   བལ་ཡུལ་ནང་མའོ་ཤོག་ཁག་གི་གཞུང་ལ་ངོ་རྒོལ་བ་༣༥འཛིན་བཟུང་བཀག་ཉར་བྱས་ཡོད་པའི་གནས་ཚུལ་ཐོན་

འདུག

རེས་གཟའ་ཉི་མའི་ཉིན་ཨེ་པི་གསར་ལས་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན་བར་ལམ་ནས་མའོ་ཤོག་ཁག་གིས་

གཞུང་ལ་བསྐྱར་དུ་ངོ་རྒོལ་གྱི་ལས་འགུལ་ཆེ་ཆུང་སྣ་ཚོགས་ཤིག་བྱེད་མུས་ལྟར་རེས་གཟའ་ཉི་མའི་ཉིན་ངོ་རྒོལ་བ་

ཁག་ཅིག་གིས་སྲིད་འཛིན་གྱིས་ལས་ཁུངས་མདུན་དུ་རྔམ་སྟོན་ཁྲོམ་སྐོར་བྱེད་སྐབས་ཉེན་སྲུང་མི་སྣས་ངོ་རྒོལ་མཚམས་

འཇོག་དགོས་པའི་བཀོད་ཁྱབ་བཏང་ཡང་མ་ཉན་པར་མུ་མཐུད་ནས་ངོ་རྒོལ་བྱས་པ་མ་ཟད་ཉེན་སྲུང་མི་སྣ་དང་

འཐབ་རྩོད་ཡང་བྱུང་ཡོད་འདུག དེ་མཚམས་ཉེན་སྲུང་བས་ངོ་རྒོལ་བ་༣༥འཛིན་བཟུང་བཀག་ཉར་བྱས་ཡོད་

འདུག

བལ་ཡུལ་གྱི་དམག་སྤྱི་ཟུར་པ་རུཁ་མང་གུརྡ་ཀ་ཏ་ལྦལ་མའོ་ཤོག་ཁག་གི་དམག་མི་རྣམས་རྒྱལ་ཡོངས་དམག་མིའི་

སྒྲིག་འཛུགས་ནང་བཅུག་མེད་པར་བརྟེན་མའོ་ཤོག་ཁག་གཞུང་འཛིན་ནས་ཕྱིར་འཐེན་བྱེད་དགོས་བྱུང་བ་རེད།

ཕྱི་ལོ་ཉིས་སྟོང་དྲུག་ལོར་གཞུང་དང་མའོ་གྱེན་ལོག་ཤོག་ཁག་ཞི་འགྲིགས་བྱེད་དུས་གོང་ཞུས་དམག་མི་དེ་དག་

གཞུང་གི་དམག་མིའི་ཁོངས་སུ་བཟླ་སྒྲིལ་གཏོང་རྒྱུའི་ཁས་ལེན་བྱས་ཡོད་རེད།

འོན་ཀྱང་དེ་རྗེས་དམག་སྤྱོད་རུཁ་མང་གུརྡ་ཀ་ཏ་ལྦལ་གྱིས་ཆིངས་དོན་གྱི་ཆ་ཤས་དེ་ལག་ལེན་མ་བསྟར་བར་བརྟེན་

མའོ་ཤོག་ཁག་གིས་སྣེ་ཁྲིད་གཞུང་གིས་དམག་སྤྱི་གནས་དབྱུང་བཏང་དགོས་པའི་བཀོད་ཁྱབ་བཏང་ཡོད་ཀྱང་སྲིད་

འཛིན་རམ་བཱ་རན་ཡ་རྡལྦ་མཆོག་གི་འཛིན་སྐྱོང་གིས་དམག་སྤྱི་ཕྱིར་འབུད་བྱེད་རྒྱུ་རྩ་ཁྲིམས་དང་འགལ་ཡོད་ལུགས་

གསུངས་སྟེ་ངོས་འཛིན་གནང་མ་གནང་བ་རེད་ དེའི་དཀའ་རྙོག་འོག་མའོ་ཤོག་ཁག་གཞུང་འཛིན་ནས་ཕྱིར་འཐེན་

བྱས་པ་རེད༎

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།