མི་ ༥ བསད་པ།

05/09/2009 16:17

ཞིན་ཅང་ནས་མི་ ༥ བསད་པ།
བོད་ཀྱི་དུས་བབ།

ཞིན་ཅང་ཝུ་རུ་མུ་ཆིར་རྒྱ་རིགས་ཀྱིས་ངོ་རྒོལ་བྱས་ཏེ་མི་ ༥ རྐྱེན་ལམ་དུ་ཕྱིན་ཡོད་པ་དང་། མི་ ༡༤ ལ་རྨས་སྐྱོན་

ཚབས་ཆེན་ཕོག་ཡོད་འདུག                      དེ་རིང་ཞོགས་པར་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན།

ཕྱི་ཚེས་ ༣ ཉིན་ནས་ཞིན་ཅང་ཝུ་་རུ་མུ་ཆི་རུ་ངོ་རྒོལ་གྱི་ལས་འགུལ་བྱུང་སྟེ་ཉུང་མཐར་མི་ ༥ རྐྱེན་ལམ་དུ་ཕྱིན་ཡོད་

འདུག་ལ། མི་ ༡༤ ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་རེད། དེ་ཡང་རྒྱ་གཞུང་གིས་དེ་ནི་ཞིན་ཅང་ཡུ་གུར་མི་རིགས་

ཀྱིས་ཁ་བྲལ་གྱི་བྱ་འགུལ་སྤེལ་ཏེ་བྱུང་བའི་ནག་ཉེས་ཤིག་ཡིན་ཚུལ་བརྗོད་ཡོད་འདུག་ལ། ད་ལྟའི་ཆར་ཝུ་རུ་མུ་ཆིའི་

སྲང་ལམ་མཐའ་དག་དྲག་ཆས་དམག་མིས་བསྐོར་ཏེ་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་འདུག

གནས་ཚུལ་འདིའི་ཐད་ཝུ་རུ་མུ་ཆི་རུ་རྒྱ་གཞུང་གི་མགྲིན་ཚབ་པ་ཞིག་གིས་ཕྱི་ཚེས་ ༤ ཉིན་གྱི་གསར་འགོད་གསལ་

བསྒྲགས་སྟེང་བརྗོད་དོན།     ཟླ་ ༨ པའི་ཚེས་ ༢༠ ཚུན་དུ་ཞིན་ཅང་ཝུ་རུ་མུ་ཆིའི་ནང་དྲག་སྤྱོད་པས་བསྟུད་མར་མི་

གསོད་ཀྱི་དོན་རྐྱེན་གང་མང་བཟོས་འོང་གི་འདུག་ལ།   ཉིན་འདི་འགར་ཡང་མི་སྐོར་དང་སྐོར་བྱས་ཏེ་ངོ་རྒོལ་སྐད་

འབོད་བྱེད་ཀྱིན་ཡོད་པ་མ་ཟད།    ཞིན་ཅང་གི་ས་ཁུལ་གཞན་དག་ཏུའང་གཅིག་མཚུངས་ཀྱི་དོན་རྐྱེན་གང་མང་

འབྱུང་གི་ཡོད་པའི་སྐོར་བརྗོད་ཡོད་པ་དང་། ཡང་།  ཝུ་རུ་མུ་ཆི་གྲོང་ཁྱེར་གྱི་གཞུང་འབྲེལ་མི་སྣ་ཞིག་གིས།  ཐེངས་

འདིའི་དོན་རྐྱེན་ཁྲོད་འདས་གྲོངས་སུ་ཕྱིན་པའི་མི་ ༥ ཁྲོད་ནས་མི་ ༢ ཉེས་མེད་ཀྱི་མི་སེར་དཀྱུས་མ་རེད་ལ། ད་དུང་

མི་མང་པོ་ཞིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་སྟབས། ང་ཚོས་བརྩད་ཞིབ་ནན་ཏན་བྱས་མཐར་ཉེས་ཅན་མི་སྣ་ ༢༥

ལྷག་བཙོན་འཇུག་བྱས་ཡོད། ཐེངས་འདིའི་ཉེས་ཅན་པ་ཚང་མ་ཡུ་གུར་མི་རིགས་རེད། ཁོང་ཚོས་གནོད་པ་བྱེད་ཡུལ་

མང་ཆེ་བ་རྒྱ་རིགས་མི་མང་རེད། ཅེས་བརྗོད་ཡོད་འདུག

དེ་ལྟ་ནའང་། ཉེ་ཆར་ནས་ཝུ་རུ་མུ་ཆི་རུ་མི་ ༥༣༡ ལྷག་ལ་ཁབ་བརྒྱབས་ཏེ་གནོད་སྐྱོན་བཟོ་བཞིན་པའི་སྐད་ཆ་ཞིག་

ཁྱབ་འདུག་ལ། མི་ ༡༠༦ ལ་ཁབ་བརྒྱབས་པའི་རྗེས་ཤུལ་ཡོད་ཚུལ་ཡང་བརྗོད་ཡོད་པ་དང་།   དེ་དག་མང་ཆེ་བ་རྒྱ་

རིགས་ཡིན་པའི་དཀྲོགས་གཏམ་ཞིག་ཀྱང་སྒྲོག་བཞིན་ཡོད་འདུག

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།