མི་ཡུལ་གྱི་བོད་པ

03/05/2009 20:02

མི་ཡུལ་གྱི་བོད་པ་དགའ་རེར་སྐུར་བའི་སྐད།

 རྩོམ་པ་པོ།       སྨིན་དབུས་པོ།  གངས་ལྗོངས་གླེང་སྟེགས་ཐོག་ནས་ཤུས།

 གནའ་མའི་གཏམ་དཔེ་ལ།  བརྒྱ་སྡེའི་ཁ་ན་འུ་རུ་རུ། །  སྟོང་སྡེའི་ཁ་ན་ཤུར་རུ་རུ། ། སྐད་ཆ་འདིའི་བར་གསེང་

ནས་ཐོས་འོང་བ་ནི།    བྱེས་སོང་གི་བོད་པ་འབྱོར་ལྡན་འགའ་ཞིག་གིས་ཉ་དུད་ལ་རོལ་གྱིན་དུས་ཚོད་གཏོང་

ཐབས་བྱེད་ཀྱིན་འདུག་ཟེར་བ་དེ་རེད།     བྱེས་སོང་བའི་བོད་མི་མིང་ཆེན་འགའ་རེར་སྒོར་མོ་ལས་མི་རིགས་

ཀྱི་འདུ་ཤེས་ཡོད་ནི་མ་རེད་ཟེར།     བྱེས་སོང་གི་བོད་པའི་གྲྭ་འགའ་ཞིག་གིས་ཁ་ཕྱོགས་དང་བསམ་བློ་མེད་

པར་ད་དུང་གྲུབ་མཐའི་བཟང་ངན་དང་ལྷ་འདྲེའི་ཐོབ་ཆང་བརྩད་དེ་རྔུར་སྨྲིག་གི་འོག་ཏུ་གྲི་མཚོན་འདོག་

གི་ཟེར། ད་དུང་བྱེས་སྡོད་མང་པོ་ཞིག་གིས་རང་རིགས་ཀྱི་འབྱོར་མེད་ཚོར་ཐུབ་ཚོད་གཏོང་བ་ལས།   ལས་

དབང་གཅིག་གིས་དེད་དེ་རྐང་ལམ་གཅིག་ན་རྡོག་པ་འཁྱོར་ཡོད་པ་གཏན་ནས་ཤེས་ཀྱིན་མི་འདུག་ཟེར། བྱེས་སོང་བ་མང་པོ་ཞིག་ལ་རང་དབང་གི་ལུང་ཡིན་ཞེས་རང་སྣང་གང་ཤར་དང་རང་མགོ་གར་ཐོན་བྱེད་རྒྱུ་

མ་གཏོགས་མི་རིགས་ཤིག་གི་སྡོམ་ཐག་ཆད་འགྲོ་བ་གཏན་ནས་ཧ་གོ་ཀི་མི་འདུག་ཟེར།  བྱེས་སོང་བ་འགའ་

ཞིག་ལ་ཕ་ཡུལ་གྱི་སྐྱིད་སྡུག་ལ་བསམ་བློ་གཏོང་བའི་ཚོར་འདུ་གཞི་འགག་འདུག་གི་ཟེར།  བྱེས་སོང་གི་བོད་

པ་ཚོ། སྐད་ཆ་དེ་རིགས་མི་བདེན་པའི་སྨོན་ལམ།  འཁྱར་གཏམ་དེ་དག་མི་ཐོས་པའི་སྨོན་ལམ།  བྱེས་སོང་གི་

བོད་པ་ཚོ།  ཁྱེད་ཚོ་ལ་མི་རིགས་དགོས་ཤིང་ཁྱེད་ཚོ་ལ་ཕ་ཡུལ་དེ་བས་ཀྱང་དགོས་པས།  ཁྱེད་ཚོས་ཁྱེད་ཚོའི་

ཁོར་ཡུག་ན། ཉིན་མྱི་དང་མཚན་ཁྱི་བྱས་ནས་གནས་ལུགས་ཀྱི་མྱི་སྐད་ལབ་བཞིན།   དྲང་བདེན་གྱིས་བརྩོན་

ལེན་ལ་རྡོག་པ་རྐྱོང་བའི་མྱི་བུ་མྱི་གྲལ་ལ་མགོ་བོ་བཏེགས་མཁན་ཚོའི་གྲལ་མཇུག་གནོན་རོགས།    མྱི་བུ་ཡི་

དཔྱོད་ཤེས་ལ་བརྟེན་ནས་མི་རིགས་ཀྱི་ཤེས་བྱ་འདུ་ཤེས་སྲ་བརྟན་དུ་གཏོང་རོགས།       མྱི་བུ་ཡི་མྱི་མིག་ལ་

བརྟེན་འཛམ་གླིང་གི་ཁ་ཕྱོགས་འཚོལ་རོགས།    བྱེས་སོང་གི་བོད་པ་ཚོ།   ཁྱེད་ཚོ་མྱི་དང་ལྷན་དུ་ཡོད་པས།  

མྱི་ལུགས་ལ་བརྩོན་ལེན་ཅི་ལྕོག་གནང་རོགས།  ཁྱེད་ཚོ་ལ་དགོས་པ་ནི་ཕ་ཡུལ་ཡིན་པ་ལས།  དུད་ནག་དང་

ཆང་རག་གཏན་ནས་མིན།  ཁྱེད་ཚོ་ལ་མཁོ་བ་ནི་མི་རིགས་ཀྱི་འདུ་ཤེས་ཡིན་པ་ལས། ནང་འཐབ་ཀྱི་ཁྲག་དྲི་

ཅི་ལ་ཡིན།  ཁྱེད་ཚོར་མེད་དུ་མི་རུང་བ་ནི་མི་རིགས་ཀྱི་རིན་ཐང་ཡིན་པ་ལས།  ཨ་སྒོར་དང་འཚོ་ཐབས་རྐྱང་

རྐྱང་ག་ལ་ཡིན།   བྱེས་སོང་གི་བོད་པ་ཚོ།   ཁྱེད་ཚོས་ཕ་ཡུལ་ཕྱི་མིག་གནོངས་དང་ཕ་ཡུལ་ལུང་བས་རེ་ལྟོས་

མིག་ཟུང་སུ་ལ་བསྲེངས་ཡོད།  ཕ་ཡུལ་རི་ཆུས་འཁྲེང་སེམས་ཀྱི་ཞེན་ཆགས་སུ་ལ་བཅངས་ཡོད། བྱེས་སོང་གི་

བོད་མི་ཚོ། མི་ཡུལ་གྱི་སྤུན་ཟླ་ཚོ་ཕ་ཡུལ་ལ་གཟིགས་རོགས། རྒྱང་རིང་གི་རེ་འདུན་ལ་དགོངས་རོགས།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།