མི་ལྔ་རྐྱེན་ལམ་དུ་

02/08/2009 20:38

རྒྱ་གར་ཀ་ཤི་མིར་འཐབ་རྩོད་ནང་མི་ལྔ་རྐྱེན་ལམ་དུ་ཕྱིན་པ།

༄༅།  །ཀ་ཤི་མིར་ནང་ཁ་ཆེའི་དྲག་རྒོལ་བ་བཞི་དང་རྒྱ་གར་གྱི་དམག་མི་གཅིག་འཐབ་རྩོད་ནང་རྐྱེན་ལམ་དུ་ཕྱིན་

པའི་གནས་ཚུལ་ཐོན་འདུག      རེས་གཟའ་སྤེན་པའི་ཉིན་ཀ་ཤི་མིར་གྱི་རྒྱ་གར་དང་པ་ཀི་སི་ཐན་གྱི་ས་མཚམས་

སུ་ཁ་ཆེའི་གྱེན་ལོག་པའི་རུ་ཁག་གཅིག་ལ་རྒྱ་གར་གྱི་དམག་མིས་དེད་ཤར་བཏང་སྐབས་གྱེན་ལོག་པས་ཚུར་རྒོལ་

གྱི་དོན་རྐྱེན་ནང་གྱེན་ལོག་པ་བཞི་དང་རྒྱ་གར་གྱི་དམག་མི་གཅིག་རྐྱེན་ལམ་དུ་ཕྱིན་ཡོད་ལུགས་རེས་གཟའ་ཉི་

མའི་ཉིན་རྒྱ་གར་གྱི་དམག་མིའི་མགྲིན་ཚབ་པ་ཇེ་ཨེ་སེ་སྦ་རར་ཡིས་ཨེ་ཨེཕ་པི་གསར་ཁང་གི་གསར་འགོད་པར་

འགྲེལ་བརྗོད་གནང་ཡོད་འདུག

དོན་རྐྱེན་དེ་བཞིན་ཇ་མུ་ཀ་ཤི་མིར་གྱི་རྒྱལ་ས་ཤི་རི་ན་གར་ནས་ཀི་ལོ་མི་ཊར་བརྒྱ་ཐམ་པའི་སར་སྦུང་གུསུ་ཞེས་

པའི་ས་ཁུལ་ནང་བྱུང་ཡོད་འདུག   ཐེངས་འདིའི་དོན་རྐྱེན་གྱི་རྩ་བ་ནི་ཉིན་གཅིག་གོང་ཁ་ཆེའི་གྱེན་ལོག་པས་

ཤི་རི་ན་གར་ནང་སྲུང་སྐྱོབ་མི་སྣ་གཉིས་རྐྱེན་ལམ་དུ་བཏང་བ་དེ་ཡིན་ལུགས་འགྲེལ་བརྗོད་བྱས་འདུག

 

ཀ་ཤི་མིར་ནང་ཁ་ཆེའི་གྱེན་ལོག་པའི་འཐབ་རྩོད་ཕྱི་ལོ་༡༩༨༩ལོར་འགོ་བཙུགས་ནས་བཟུང་ད་བར་ཡུལ་མི་

༤༧༠༠༠ལྷག་རྐྱེན་ལམ་དུ་ཕྱིན་ཡོད་པ་རེད༎

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།