ཚོགས་ཆེན་གྱི་ཉིན་བཞི་པ།

21/11/2008 17:53

ཉེ་ཆར་བཀའ་ཁྲི་མཆོག་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ཀྱིས། མང་མོས་ཀྱི་སྒྲིག་སྲོལ་མེད་ཚུལ་བརྗོད་ཡོད་ནའང༌། ང་ཚོའི་ཚོགས་ཆུང་ནང་རྣམ་པ་དེ་ཡོང་གི་འདུག་ལ་ངས་མཐའ་གཅིག་ཏུ་དགག་པ་བརྒྱབས་པ་ཡིན་ཟེར།

འདི་གའི་གསར་འགོད་པས་ཉིན་འདིའི་བར་གསེང་གི་གོ་སྐབས་དང་བསྟུན་དཔེ་མཛོད་ཁང་གི་ཚོགས་ཁང་གི་ཉེ་འགྲམ་ཏུ་སོང་བ་ཡིན་ལ། ཚོགས་བཅར་བ་མང་ཆེ་བ་ཕྱི་རུ་བར་གསེང་ལ་བསླེབས་བསྡད་འདུག  དེ་དང་ཐག་ཉེ་བའི་སྐོར་ལམ་དུ་རྒན་འཁོགས་སྐོར་ཞིག་གིས་ཀྱང་ཚོགས་འདུ་ཆུང་ཆུང་ཞིག་སྐོང་འདུག དེར་རྒན་པོ་ཞིག་གིས། ཐེངས་འདིའི་ཚོགས་ཆེན་ཐོག་མི་སྣ་མང་པོ་ཞིག་ཕེབས་ཡོད་འདུག་ལ། མང་ཆེ་བ་མཁས་དབང་དེ་འདྲ་ཡིན་འདུག  ཁ་སང་ཐོས་ཚུལ་ལྟར་ན་མི་མང་པོ་ཞིག་གིས་རང་བཙན་དང་ཁ་ཤས་ཀྱིས་དབུ་མའི་ལམ་གླེང་གི་ཡོད་འདུག་ཟེར། གང་འདྲ་ཡིན་ཡང་ང་ཚོས་༧གོང་ས་མཆོག་གི་གསུང་དང་མ་འགལ་བ་ཞིག་གི་ཐོག་ནས་རྒྱ་ནག་ལ་བརྡ་ལན་སྤྲོད་རྒྱུ་དེ་གལ་ཆེན་པོ་རེད་ཅེས་བརྗོད་སོང༌། སྐབས་དེར། ཚོགས་མི་ཞིག་ཚུར་འོང་གི་ཡོད་པས་ང་དེའི་གམ་དུ་སོང་ནས་ཁོང་ལ་སྐད་ཆ་དྲིས་པ་ཡིན། ཁོང་གིས། དེ་རིང་ང་ཚོའི་ཚོགས་ཆུང་ནང་མང་ཆེ་བ་དེ་ཁ་སང་ནས་བསྡུ་རུབ་བྱས་པའི་བསམ་ཚུལ་དེའི་སྒང་ལ་མང་མོས་ཡོད་མེད་ལ་བལྟས་པ་རེད། གྲོས་གཞི་ཁ་ཤས་མང་མོས་སུ་ཕྱིན་ནའང་མང་ཆེ་བ་མང་མོས་མེད་པ་དེ་འདྲ་རེད། དེ་རིང་ང་ཚོའི་ཚོགས་ཆུང་ལ་དཀའ་ངལ་ཞིག་འཕྲད་སོང་བ་ནི། མང་མོས་ཀྱི་ལམ་ནས་ཐག་གཅོད་བྱེད་དགོས་ཞེས་པ་དེ་རེད། བཀའ་བློན་ཁྲི་པ་དང་སྤྱི་འཐུས་ཚོགས་གཙོ་གཉིས་ནས། མང་མོས་དང༌། སྤྱི་མོས། ལག་པ་འགྱོག་ཡ་སོགས་ཀྱི་སྒང་ནས་ཐག་གཅོད་བྱ་རྒྱུ་རྩ་བ་ནས་མེད་ཅེས་གསུངས་ཡོད་པ་རེད། ད་ལྟ་ཚོགས་འདུ་ནང་བཀའ་དང་འགལ་བའི་ལས་ཀ་བྱས་ན་ཚོགས་ཆུང་ ༡༥ བསམ་ཚུལ་གཅིག་བསྡུ་བྱས་པ་མཐའ་དག་མང་མོས་དང་སྤྱི་མོས་ཆགས་འགྲོ་གི་རེད། སྔོན་ནས་གསུངས་པ་དང་ད་ལྟའི་ལག་བསྟར་གཉིས་འགལ་བ་ཆགས་འགྲོ་གི་འདུག འདི་ལྟར་བྱས་ན་ཚོགས་འདུའི་སྒང་ལ་བསམ་ཚུལ་ཉུང་ཉུང་ལས་ཡོང་ཐུབ་ཀྱི་མི་འདུག  ངས་མང་མོས་ལ་མཐའ་གཅིག་ཏུ་དགག་པ་བརྒྱབས་པ་ཡིན། གཞན། དབུ་མའི་ལམ་བརྒྱུད་ནས་རང་སྲིད་རང་སྐྱོང་རྩོད་དགོས་པ་སོགས་ཀྱི་སྐོར་གླེང་སོང་ལ། དེ་ལས་གཅོ་བོ་ཞིག་གླེང་སོང་བ་ནི་ལོ་གསུམ་ལས་མི་ཉུང་བ་ཞིག་གི་ནང་ང་ཚོས་ལམ་ཁ་ཐག་གཅོད་བྱ་དགོས་རྒྱུ་དེ་རེད། དེ་བཞིན་ཁག་ཅིག་གིས་རང་བཙན་རྩོད་གི་ཡིན། རང་བཙན་གྱི་ལམ་ཁ་དེ་༧གོང་ས་མཆོག་གི་བཀའ་བཞིན་འཚེ་མེད་ཞི་བའི་ལམ་ནས་རྩོད་རྒྱུ་དང༌། ༧གོང་ས་མཆོག་གིས་དབུ་ཁྲིད་ཏེ་རང་བཙན་རྩོད་དགོས་པ་སོགས་ཀྱི་ཐོག་བསམ་ཚུལ་ཤུགས་ཆེར་གནང་སོང༌། ཅེས་བརྗོད་སོང༌། ཡང་སྨན་རྩིས་ཁང་གི་ཚོགས་མི་ཞིག་ལ་དྲིས་པར་ཁོང་གིས། དེ་རིང་ང་ཚོའི་ཚོགས་ཆུང་གིས་བསམ་ཚུལ་བསྡུ་རུབ་བྱས་རྗེས་མཐའ་མའི་སྡོམ་དེ་དོན་ཚན་དགུའི་ཐོག་ལ་བབ་འདུག  དེའི་ནང་གཙོ་ཆེ་ཤོས་དེ་རྒྱ་གཞུང་གིས་༧གོང་ས་མཆོག་གིས་བོད་མིའི་ཚབ་མཚོན་མི་ཐུབ་པ་དང༌། བོད་མིའི་རྩ་དོན་ཐག་གཅོད་ཀྱི་དབང་ཆ་ཡོད་པ་མ་རེད་ཅེས་པའི་འཁྱོག་བཤད་བྱེད་བཞིན་པ་དེ་དག་ལ། ང་ཚོའི་ངོས་ནས་༧གོང་ས་མཆོག་ནི་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཡིན་པ་དང༌། ཆོས་ཕྱོགས་དང་སྲིད་ཕྱོགས་གཉིས་ནས་འགྱུར་བ་མེད་པའི་བརྡ་ལན་སྤྲོད་རྒྱུ་དང༌། སྐུ་ཚབ་རྣམ་གཉིས་ཀྱི་སྒང་ལ་གྲོས་བསྡུར་བྱེད་དུས་མི་མང་པོ་ཞིག་གིས་དབུ་མའི་ལམ་ལ་མུ་མཐུད་འགྲོ་དགོས་པའི་སྐོར་གླེང་གི་འདུག་ལ། ཁ་ཤས་ཀྱིས་ད་ལྟའི་བར་གྱི་གྲུབ་འབྲས་ལ་བལྟས་ཏེ་ཐབས་ལམ་གཞན་བཙལ་དགོས་པའི་སྐོར་གླེང་སོང༌། ཅེས་བརྗོད་བྱུང་

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།