ཚོགས་ཆེན་མཇུག་བསྒྲིལ་བ

20/11/2009 21:16

རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་ཚོགས་ཆེན་མཇུག་བསྒྲིལ་བ

བང་ཆེན།

ཟླ་འདིའི་ཕྱི་ཚེས་༡༨ དང་༡༩ གཉིས་ལ་ཡུ་རོབ་ཀྱི་རྒྱལ་ཁབ་ཨི་ཊ་ལིའི་རྒྱལ་ས་རོམ་དུ་བོད་མི་མང་སྤྱི་འཐུས་ལྷན་

ཚོགས་དང༌། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ཐུན་མོང་གིས་གོ་སྒྲིག་གནང་བ་རྒྱལ་སྤྱིའི་གྲོས་ཚོགསའཐུས་མིའི་

བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་པ་དེ་ཨི་ཊ་ལི་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་ཏུ་བསྐོང་འཚོགས་

གནང་ཡོད་པ་དང༌།       སྐབས་དེར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་ཆིབས་བསྒྱུར་

བསྐྱངས་ནས་བཀའ་སློབ་གསུང་བཤད་གནང་ཡོད་པ་མ་ཟད། རྒྱལ་ཁབ་༢༩ གྲོས་ཚོགས་འཐུས་མི་༦༠ ཙམ་དང༌།

གོ་སྒྲིག་གནང་མཁན་སོགས་ཚོགས་ཞུགས་པ་མི་གྲངས་༢༡༢ བྱུང་ཡོད་པ་རེད།

དེ་ཡང་ཕྱི་ཟླ་༡༡ པའི་ཕྱི་ཚེས་༡༨ ཉིན་གྱི་སྔ་དྲོ་ཆུ་ཚོད་༡༠ པའི་ཐོག་ཨི་ཊ་ལའི་རྒྱལ་ཁབ་ཀྱི་གྲོས་ཚོགས་ཀྱི་ཚོགས་

ཁང་ཞིག་ཏུ་ཚོགས་འདུ་དབུ་འཛུགས་གནང་སོང་བ་དང༌། སྐབས་དེར་ཕྱིའི་རྒྱལ་ཁབ་མི་འདྲ་བ་གྲངས་༣༠ མ་ཟིན་

གྱི་གྲོས་ཚོགས་འཐུས་མི་གྲངས་༦༠ མ་ཟིན་ཙམ་ཚོགས་ཞུགས་གནང་ཡོད་པ་དང༌། དེ་བཞིན་ཨ་རིའི་གློག་བརྙན་

འཁྲབ་སྟོན་པ་སྐད་གྲགས་ཅན་བོད་དོན་རྒྱབ་སྐྱོར་བ་རི་ཆལ་ཌི་གྷི་རི་མཆོག རོམ་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་སོགས་

གནད་ཡོད་མི་སྣ་གང་མང་ཕེབས་ཡོད་པ་དང༌།  ཨི་ཊ་ལིའི་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་ཚོགས་འདུ་རུ་ཕེབས་

མེད་ཀྱང༌། ཚོགས་འདུ་དབུ་འཛུགས་མ་གནང་བའི་སྔོན་ཙམ་ལ་༧གོང་ས་མཆོག་དང་ཚོགས་འདུ་དེར་ཕེབས་པའི་

རྒྱལ་ཁབ་༢༩ གྲོས་ཚོགས་ཀྱི་འཐུས་མིའི་སྐུ་ཚབ་རེ་རེ་བཅས་ལ་མཇལ་འཕྲད་ཐོག་གསུང་བཤད་ཀྱང་གནང་ཡོད་

པ་རེད། སྐབས་དེར་བོད་པའི་ངོས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང༌། བཀའ་བློན་ཁྲི་པ་མཁས་

དབང་ཟམ་གདོང་རིན་པོ་ཆེ་མཆོག ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་མཆོག ༧གོང་ས་མཆོག་གི་

དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང༌། སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག བོད་གཞུང་དྲིལ་

བསྒྲགས་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས།  དེ་བཞིན་ཕྱིའི་རྒྱལ་ཁབ་ཁག་ཏུ་ཡོད་པའི་བཙན་བྱོལ་བོད་གཞུང་

གི་སྐུ་ཚབ་དོན་གཅོད་རྣམ་པ་བཅས་འཛིན་སྐྱོང་གི་གནད་ཡོད་མི་སྣ་གང་མང་ཚོགས་ཞུགས་གནང་ཡོད་པ་དང༌།

གྲོས་ཚོགས་ཀྱི་ངོས་ནས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང༌། ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས་

དབུས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འཐུས་མི་༡༩ ཚོགས་འདུ་དེར་ཕེབས་ཡོད་པ་རེད།

ཨི་ཊ་ལིའི་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་ཏུ་ཚོགས་འདུ་དབུ་འཛུགས་གནང་བའི་སྐབས་ཐོག་མ་ཨི་ཊ་ལའི་གྲོས་

ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ Matteo Mecacei མཆོག་གིས་ཕེབས་བསུའི་གསུང་བཤད་

གནང་བ་དང༌།   ཕྱིའི་རྒྱལ་ཁབ་ཁག་ཅིག་གི་གྲོས་ཚོགས་འཐུས་མི་ཚོགས་ཕེབས་མ་ཐུབ་པ་ཁག་ཅིག་གིས་ཚོགས་

འདུ་དེ་དང་འབྲེལ་བའི་ཐོག་གཟུགས་མཐོང་བརྙན་འཁོར་བརྒྱུད་ནས་གསུང་འཕྲིན་གནང་བ་ཁག་གཟིགས་འབུལ་

ཞུས་པ་དང༌། ཨི་ཊ་ལིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་དང༌། ཨི་ཊ་ལིའི་གཞུང་ངི་ཕྱི་

སྲིད་བློན་ཆེན་གཞོན་པ་ཟུར་པ་Gianni Vernett མཆོག་གིས་གསུང་བཤད་གནང༌། དེའི་རྗེས་སུ་ཨ་རིའི་རྒྱལ་ཡོངས་

གྲོས་ཚོགས་འོག་པའི་ཚོགས་གཙོ་ལྕམ་ནན་སི་པེ་ལོ་སི་མཆོག་གིས་ཚོགས་འདུ་དེར་གནང་བའི་ཡིག་ཐོག་གསུང་འཕྲིན་

ཨ་རིའི་གློག་བརྙན་འཁྲབ་སྟོན་པ་རི་ཆལ་ཌི་གྷེ་རིས་མཆོག་གིས་སྒྲོགས་སྦྱང་གནང་བ་དང༌། ཨི་ཊ་ལིའི་རྒྱལ་ས་གྲོང་ཁྱེར་

རོམ་གྱི་སྤྱི་ཁྱབ་པ་མཆོག་གིས་ Gianni Alemanno གསུང་བཤད་གནང༌།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཚོགས་འདུ་དེའི་དགོས་པ་དང་དམིགས་

ཡུལ་སྐོར་གསུང་བཤད་གནང་བའི་རྗེས་སུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་གསུང་

བཤད་གནང༌། ཨི་ཊ་ལིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་ Lueeio Malan མཆོག་གིས་

ཐུགས་རྗེ་ཞུ་བའི་གསུང་བཤད་གནང་ཡོད་པ་རེད།


ཉིན་གུང་གསོལ་ཚིགས་རྗེས་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང༌། དམིགས་བསལ་སྐུ་

ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང་ཕྱིའི་རྒྱལ་ཁབ་ཁག་གི་གནད་ཡོད་མི་སྣ་མང་པོས་རིམ་བཞིན་གསུང་བཤད་

གནང་ཡོད་པ་རེད། ཉིན་གཉིས་རིང་གི་ཚོགས་འདུ་དེ་ཚོགས་ཆུང་ཁག་གཉིས་སུ་བགོས་ནས་བགྲོ་གླེང་གནང་ཡོད་

པ་དང༌། ཚོགས་ཆུང་གཅིག་དེ་དབྱིན་སྐད་ཁོ་ནའི་སྟེང་ནས་བགྲོ་གླེང་གནང་ཡོད་པ་དང༌། ཚོགས་ཆུང་གཞན་དེའི་

ནང་དུ་ཡུལ་ལུང་སོ་སོའི་སྐད་ཀྱི་ཐོག་ནས་གཏམ་བཤད་གནང་བ་ཁག་དུས་གཅིག་ཏུ་ཨི་ཊ་ལིའི་སྐད་དང༌། དབྱིན་

ཇིའི་སྐད། ཧཕ་རན་སིའི་སྐད། ཨུ་རུ་སུའི་སྐད། སི་པེ་ནི་ཤི། བོད་སྐད་བཅས་སྐད་རིགས་དྲུག་གི་ཐོག་བསྒྱུར་ནས་བགྲོ་

གླེང་གནང་ཡོད་པ་རེད། ཚོགས་འདུ་ཉིན་གཉིས་རིང་གྲོས་བསྡུར་བྱས་པའི་ཐག་གཅོད་དང་གྲུབ་དོན་ནང་གསེས་

དོན་ཚན་གསུམ་དང༌། ཤོག་གྲངས་བཞི་ཡོད་པ་ཞིག་གཏན་འབེབས་གནང་ནས་ཚོགས་འདུ་རྒྱལ་ཁའི་ངང་མཇུག་

བསྡོམས་ཡོད་པ་རེད།།                                                          རྩོམ་སྒྲིག་པས་ཨི་ཊ་ལའི་རྒྱལ་ས་རོམ་ནས།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།